མཚོ་ནུབ་ཁུལ་གྱི“ཚྭ་འདམ་དབྱར་གཞུང”ལས་ཐེམ་ཆེན་རིག་རྩལ་འཁྲབ་སྟོན་སྐབས་བཅུ་དྲུག་པ་བདེ་བླག་ངང་མཇུག་བསྡུས་པ།

ས་གནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཐེམ་ཆེན་རྫོང་གིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པའི་གྲུབ་འབྲས་དང་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་འབད་འབུངས། འཆམ་མཐུན་མཉམ་གནས་ཀྱི་བསམ་པའི་ཉམས་འགྱུར། དར་རྒྱས་གོང་འཕེལ་ཏུ་འགྲོ་བཞིན་པའི་མི་རིགས་རིག་གནས་ལས་དོན་སོགས་འགྲེམས་སྟོན་གང་ལེགས་བྱེད་པ། རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་འདེད་དང་། འབྱོར་ཕྱུག་དཔལ་ཡོན་དར་ཞིང་།འཆམ་མཐུན་བདེ་སྐྱིད་ལྡན་པའི་ཁུལ་སྟོབས་ལྡན་བསྐྲུན་པའི་གོམ་སྟབས་མགྱོགས་སུ་གཏང་ཆེད། མཚོ་ནུབ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཁུལ་གསར་སྐྲུན་ཁང་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཐེམ་ཆེན་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་གཉིས་ཀྱིས་རོགས་སྒྲུབ་བྱས་ཏེ། ཚྭ་འདམ་དབྱར་གཞུང་ལས་ཐེམ་ཆེན་རིག་རྩལ་འཁྲབ་སྟོན་སྐབས་བཅུ་དྲུག་པའི་བྱེད་སྒོ་རབ་དང་རིམ་པ་གཏེར་ལེན་ཁའི་དབུས་ཐང་ཆེན་ནས་གཟབ་རྒྱས་ངང་བསྡུས།

ཐེངས་འདིའི་བྱ་འགུལ་ཉིན6རིང་སྤེལ་ཅིང་། ཐེམ་ཆེན་རྫོང་གི་རིག་གནས་དར་སྤེལ་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་སྣང་བརྙན་འབུར་དུ་ཐོན་པའི་གླུ་གར་འཁྲབ་སྟོན་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ།ཐེངས་འདིའི་རིག་རྩལ་འཁྲབ་སྟོན་གྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པའི་རྟེན་འབྲེལ་ཞུ་བ་དང་། ཐེམ་ཆེན་རྫོང་གི་རྫོང་སྟུག་པོའི་ལོ་རྒྱུས་རིག་གནས་དང་ཐུན་མིན་ཁྱད་མཚར་ལྡན་པའི་རང་བྱུང་ཐོན་ཁུངས། ས་ཁོངས་དང་མི་ཆོས་རིག་གནས་ཀྱི་རྒྱུ་ཆ་འཁྲབ་སྟོན་ནང་འདྲེས་བར་བྱས་ཏེ། གླུ་གར་འཁྲབ་སྟོན་དང་། ཡུལ་སྐོར་དྲིལ་སྒྲོག་བརྙན་ཐུང་གཏོང་བ། དམངས་སྲོལ་རིག་གནས་འགྲེམ་སྟོན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། རྒྱ་ཆེའི་མང་ཚོགས་ལ་ལྟད་མོ་གྱ་ནོམ་པ་བཤམས།

“ཚྭ་འདམ་དབྱར་གཞུང”ཞེས་པའི་ཐེམ་ཆེན་གྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་བསྡུས་པ་དེ་ལས། ཐེམ་ཆེན་རྫོང་གི་མི་རིགས་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་གང་ལེགས་བྱས་པ་དང་། མི་རིགས་མཐུན་སྒྲིལ་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཡར་ཐོན་སོགས་ཀྱི་དུས་རབས་ཀྱི་དགའ་འོས་པའི་ཉམས་འགྱུར་མཚོན་ཏེ། ཐེམ་ཆེན་རྫོང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་དང་། ཡུལ་སྐོར་བ་ཚུར་འགུག་པ་དང་། ཡུལ་སྐོར་ལས་རིགས་ཀྱི་བར་སྟོང་རྒྱ་སྐྱེད་པ། དེ་བཞིན། རིག་གནས་ཡུལ་སྐོར་ཐོན་ལས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་པ་རེད།

ཐེམ་ཆེན་རྫོང་གི་འཁྲབ་སྟོན་མི་སྣའི་ལས་སྒོའི་ཆུ་ཚད་མཐོར་འདེགས་སུ་གཏང་ཆེད། རྫོང་རིག་གནས་ཁང་གིས་རིག་རྩལ་འཁྲབ་སྟོན་ཐད་ཀྱི་ཞབས་བྲོ་དགེ་རྒན་ཆེད་དུ་གདན་ཞུ་བྱས་ཏེ། ཉིན5རིང་ཆེད་ལས་གསོ་སྦྱོང་སྤེལ་བ་དང་། སླད་ཕྱིན་གྱི་ཞབས་བྲོའི་སྒྲིག་ཁྲིད་དང་འཁྲབ་སྟོན་ཐད་ལ་མཛུབ་ཁྲིད་གནང་།

ལོ་ཙཱ་བ། ཀླུ་མོ།