རྨ་ཆེན་རྫོང་གི་ཨ་མྱེས་རྨ་ཆེན་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་དང“མི་རིགས་མཐུན་སྒྲིལ་རྟགས་མའི”བོད་ལུགས་མིག་མངས་འགྲན་སྡུར་བདེ་བླག་ངང་མཇུག་སྒྲིལ་བ།

ཉེ་སྔོན། རྨ་ཆེན་རྫོང་གསར་སྐྲུན་ལས་དོན་ཁང་དང་། རྨ་ཆེན་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་དང་། རྨ་ཆེན་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ། ཀྲུང་གུང་དྭངས་ལག་ཤང་ལས་དོན་ཨུ་ཡོན་ལྷན་ཚོགས། དྭངས་ལག་ཤང་མི་དམངས་སྲིད་གཞུང་བཅས་ཀྱི་སྒྲུབ་འགན་གནང་པའི་རྨ་ཆེན་རྫོང་གི་ཨ་མྱེས་རྨ་ཆེན་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་དང་མི་རིགས་མཐུན་སྒྲིལ་རྟགས་མའི་བོད་ལུགས་མིག་མངས་འགྲན་སྡུར་དྭངས་ལག་ཤང་ནས་བསྡུས་པ་རེད། ཁུལ་དང་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་ཤང་དང་གྲོང་བརྡལ་གྱི་འགན་འཁུར་བློ་མཐུན་སོགས་ཐེངས་འདིའི་བྱ་འགུལ་ནང་ཞུགས།

རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། རྫོང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་པད་མ་ཚེ་བརྟན་དང་། ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་བརྟག་དཔྱད་ཞིབ་འཇུག་པ་གཞོན་པ་དང་། དྭངས་ལག་ཤང་གི་ཏང་ཨུའ་ཧྲུའུ་ཅི་བཀྲ་ཤིས་ཚེ་བརྟན། དྭངས་ལག་ཤང་གི་ཏང་ཨུའི་ཧྲུའུ་ཅི་དང་། ཤང་སྲིད་གཞུང་གི་ཤང་ཀྲང་སྙིང་དཀར་རྒྱལ་སོགས་ཀྱིས་རེ་རེ་བཞིན་མགོ་ཚུགས་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་ཞིང་གཏམ་བཤད་གནང་། རྫོང་ཏང་ཨུའི་ཧྲུའུ་ཅི་བཀྲ་ཤིས་དོན་གྲུབ་ཀྱིས་རྨ་ཆེན་རྫོང་གི་ཨ་མྱེས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་དང་མི་རིགས་མཐུན་སྒྲིལ་རྟགས་མའི་བོད་ལུགས་མིག་མངས་འགྲན་སྡུར་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།

དྭངས་ལག་ཤང་བཅའ་སྡོད་སློབ་ཆུང་གིས་འཁྲབ་སྟོན་བྱས་པའི《མཐུན་སྒྲིལ་གྱི་ཞབས་བྲོ》ཡིས་ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཡོལ་བ་དངོས་སུ་ཕྱེས་པ་རེད། ཁེར་ལེན་པོ་ཏ་ལ་དང་མེ་ཏོག་འཐུ་བའི་བུ་མོ། བཞད་གར་སོགས་རིག་རྩལ་ལེ་ཚན11ལྷག་འཁྲབ་སྟོན་བྱས་ནས་ཐེངས་འདིའི་ཡུལ་སྐོར་དུས་ཆེན་ལ་ཁ་ཏོག་གསར་པ་བསྣན་པ་དང་དྭངས་ལག་ཤང་གི་མི་རིགས་མཐུན་སྒྲིལ་ལས་དོན་གྱི་གྲུབ་འབྲས་མངོན་པར་མཚོན་པར་བྱས།

རྫོང་ཡོངས་ཀྱི་ཤང་དང་གྲོང་བརྡལ་ཁག་གི་རུ་ཁག8དང་འགྲན་ཞུགས་པ16ལྷག་གི་ཛ་དྲག་གི་འགྲན་སྡུར་བརྒྱུད་དེ། རྭ་རྒྱ་གྲོང་བརྡལ་གྱི་མིང་འདྲ་བའི་པད་མ་རྡོ་རྗེ་ཟེར་བའི་འགྲན་ཞུགས་པ་གཉིས་ལ་ཐེངས་འདིའི་འགྲན་སྡུར་གྱི་བྱ་དགའ་ཨང་པོ་དང་གཉིས་པ་ཐོབ། གཡུག་གཞུང་ཡུལ་ཚོའི་འགྲན་ཞུགས་པ་རྡོ་རྗེ་ལ་བྱ་དགའ་ཨང་གསུམ་པ་ཐོབ། རྟ་བོ་ཤང་གི་འཐུས་ཚབ་རུ་ཁག་ལ་ཕུལ་བྱུང་བྱ་དགའ་ཐོབ། གངས་རི་ཤང་གི་འཐུས་ཚང་རུ་ཁག་ལ་ཐེངས་འདིའི་འགྲན་སྡུར་ཀུན་སྤྱོད་སྔ་བརྙན་བྱ་དགའ་ཐོབ། དེ་བཞིན། མི་རིགས་མཐུན་སྒྲིལ་རྟགས་མའི་མི་བརྒྱའི་མིང་རྟགས་འགོད་པའི་བྱེད་སྒོ་སྤེལ། ཐེངས་འདིའི་རྨ་ཆེན་རྫོང་གི་ཨ་མྱེས་རྨ་ཆེན་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་དང་མི་རིགས་མཐུན་སྒྲིལ་རྟགས་མའི་བོད་ལུགས་མིག་མངས་འགྲན་སྡུར་བདེ་བླག་ངང་སྤེལ་བ་འདི་ནི། རྫོང་ཡོངས་ཀྱི་གོང་འོག་ཚང་མའི་མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར97ལོན་པར་རྟེན་འབྲེལ་ཞུ་བ་དང་།ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་གཏིང་བ་བྱེད་པའི་རིང་གི་གསོལ་སྟོན་རྒྱ་ཆེན་ཞིག་ཡིན་པ་རེད།

ལོ་ཙཱ་བ། ཀླུ་མོ།