རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་དབྱང་ཁྲོན་ཐང་གིས་མཚོ་སྔོན་ནས་ཆེད་དོན་རྟོག་ཞིབ་སྐབས་འགྲིམ་འགྲུལ་ལས་དོན་སྔོན་ལ་བསྒྲུབ་སྟེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བྱ་དགོས་ཚུལ་བསྟན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ7པའི་ཚེས9ནས་ཚེས11ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་དབྱང་ཁྲོན་ཐང་འཁོར་དང་བཅས་པའི་རྟོག་ཞིབ་ཚོགས་པ་མཚོ་སྔོན་དུ་ཕེབས་ཏེ། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་དང་། འགྲིམ་འགྲུལ་དབུལ་སྐྱོར་སོགས་ཀྱི་ལས་དོན་སྤེལ་བའི་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་སྤེལ། དེའི་རིང་། རྟོག་ཞིབ་ཚོགས་པས་མཚོ་སྔོན་ཞིང་ཆེན་གྱི་བྱ་བའི་ངོ་སྤྲོད་དང་བཞུགས་མོལ་ཚོགས་འདུ་ལ་ཉན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་ཝང་ཅན་ཅོན་གྱིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས།

དབྱང་ཁྲོན་ཐང་གིས་ནན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་ཁྲིད་དུ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་མཉམ་ལས་འབྲེལ་བ་སྔར་བས་གཏིང་ཟབ་དང་། སྟོབས་ཤུགས་གཅིག་བསྡུས་སྒོས་འགྲིམ་འགྲུལ་གནད་འཁེལ་དབུལ་སྐྱོར་ལས་རྣམ་པར་རྒྱལ་བ་དང་། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ལ་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤྱིའི་འཕེལ་རྒྱས་དུས་རིམ་གསར་པ་ཞིག་ཏུ་སླེབས་པར་བརྩོན་ལེན་བྱ་དགོས་ཟེར།

རྟོག་ཞིབ་རིང་ལ། དབྱང་ཁྲོན་ཐང་འཁོར་དང་བཅས་པས་མཚོ་ཤར་གྲོང་ཁྱེར་དམར་གཙང་ཆུས་ནས་ཟི་ལིང་གི་ཕྱི་མཁར་གཞུང་ལམ་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཙོང་ཁ་རྫོང་སྡེ་བ་གོང་མའི་ལམ་བརྒྱུད་ཀྱི་ཡུལ་དངོས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་དང་། སྟོང་སྐོར་རྫོང་གྲ་མ་ལུང་ནས་རིག་སྨོན་གྲོང་བརྡལ་བར་གྱི་མྱུར་བགྲོད་གཞུང་ལམ་ཡུལ་དངོས་ནས་མྱུར་བགྲོད་གཞུང་ལམ་དང་སྣོལ་མཚམས། ཕུག་ལམ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། དེ་བཞིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཤང་བདེ་སྐྱིད་སྡེ་བ་ནས་འགྲེིམ་འགྲུལ་དང་ཡུལ་སྐོར་འཕེལ་རྒྱས་གནས་ཚུལ་དང་ཞིང་སྡེའི་གནས་སྤོས་བྱ་བའི་གནས་ཚུལ་སོགས་ལ་རྒྱུས་ལོན་གསལ་པོ་བྱས་པ་དང་། རྨ་ཆུའི་ཟམ་ཆེན་གྱི་འཛུགས་སྐྲུན་དང་ལིག་ཕན་རི་བོའི་བརྒྱུད་ཀྱི་མཚོ་སྔོན་མངའ་ཁོངས་ཀྱི་མྱུར་བགྲོད་གཞུང་ལམ་རྫོང་དང་ཤང་དུ་བརྒྱུད་པའི་གནས་ཚུལ་ལ་རྒྱུས་ལོན་བྱས།

དབྱང་ཁྲོན་ཐང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྐབས་བཏོན་པའི་འགྲིམ་འགྲུལ་འཛུགས་སྐྲུན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་ཅན་དུ་གཏོང་བའི་དམིགས་འབེན་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཐད་བཅངས་པའི་རེ་བ་ཆེན་པོ་ཡིན་ལ། དུས་རབས་གསར་པའི་འགྲེིམ་འགྲུལ་ལས་མིའི་འབད་འབུངས་ཀྱི་འགན་འཁྲི་ཡང་ཡིན་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་འགྲེིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། འགྲེམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་ཚང་དུ་གཏོང་བ་དང་། འགྲིམ་འགྲུལ་དབུལ་སྐྱོར་ལས་དོན་ལ་སྐུལ་སྤེལ་བཏང་སྟེ། འགྲེིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དགོས་ཟེར།

ཞིང་ཆེན་འགོ་ཁྲིད་རྡོ་རྗེ་རབ་བརྟན་དང་ཝང་ཞའོ། ཡུས་ཚུང་ལི། མཱ་ཅི་ཞའོ། ཉའོ་ཁྲིན་ཡུན། ཝང་ཞའོ་ཡུང་སོགས་རྟོག་ཞིབ་བྱེད་སྒོའི་ནང་ཞུགས་པ་རེད།

ལོ་ཙཱ་བ། ཀླུ་མོ།