པེ་ཅིན་གྲོང་ཁྱེར་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཡུལ་ཤུལ་དུ་བསྐྱོད་དེ་རིག་གནས་བརྗེ་རེས་འགྲན་བསྡུར་ཀྱི་བྱེད་སྒོ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ7པའི་ཚེས7ཉིན་ལ། པེ་ཅིན་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཡུལ་ཤུལ་ལ་བསྐྱོད་དེ་སྤེལ་བའི“པེ་ཅིན་དང་ཡུལ་ཤུལ་བརྩེ་བས་སྦྲེལ། ཀྲུང་གོ་ཡི་ཕུགས་འདུན་མངོན་དུ་བྱ---རྒྱལ་སའི་སྒྱུ་རྩལ་པ་མཚོ་སྔོན་ཡུལ་ཤུལ་ལ་བསྐྱོད་ནས་རིག་གནས་བརྗེ་རེས་ཀྱི་བྱེད་སྒོ” བདེ་བླག་ངང་ལེགས་འགྲུབ་བྱུང་སོང་། པེ་ཅིན་གྲོང་ཁྱེར་གྱི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཀར་དམིགས་ཡོད་པས། གཙོ་བོ་རྒྱལ་སའི་རིག་རྩལ་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་བརྒྱུད་ནས་ཡུལ་ཤུལ་ས་ཁུལ་ལ་ཞབས་ཞུ་བསྒྲུབས་པ་དང་། གནད་འཁེལ་དབུལ་སྐྱོར་ལས་དོན་གྱི་ཁྱབ་ཁོངས་རྒྱ་བསྐྱེད་པ། ཁ་གཏད་རོགས་སྐྱོར་ལས་དོན་ཁེབས་ཚད་རྒྱ་ཆེར་གཏོང་བ། ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་ཕུགས་འདུན་གྱི་དུས་རབས་ཀྱི་བརྗོད་བྱ་གཙོ་བོར་དར་སྤེལ་གཏོང་བ་བཅས། མི་རིགས་ཕན་ཚུན་བར་འབྲེལ་འདྲིས་བཟང་པོ་བྱས་ནས་པེ་ཅིན་དང་ཡུལ་ཤུལ་ས་གནས་བར་གྱི་བརྩེ་དུང་ཇེ་ཟབ་ཏུ་གཏང་ཕྱིར་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་དབྱང་དང་པེ་ཅིན་གྲོང་ཁྱེར་གྱི་གནད་འཁེལ་དབུལ་སྐྱོར་མཛུབ་སྟོན་སྐོར་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་དོན་ཐོག་མ་ཡིན་པའི་ཆ་ནས།  པེ་ཅིན་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡུལ་ཤུལ་ལ་བསྐྱོད་དེ་རིག་གནས་བརྗེ་རེས་ཀྱི་བྱེད་སྒོར་ཚད་མཐོའི་མཐོང་ཆེན་བྱས་པ། ས་ཁུལ་གཉིས་ཀྱི་འབྲེལ་ཡོད་མི་སྣས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་དང་། དེ་བཞིན་ཡུལ་ཤུལ་གྱི་རིག་གནས་འཕེལ་རྒྱས་ཀྱི་གནད་དོན་ལ་དམིགས་ཏེ་ཕན་ཚུན་མཉམ་མྱོང་བརྗེ་རེས་བྱས་པ་རེད།

རིག་གནས་བརྗེ་རེས་ཀྱི་བྱེད་སྒོ་སྒྲིག་འཛུགས།  རིག་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། རིག་རྩལ་གསར་རྩོམ་དང་རིག་རྩལ་དང་བླངས་ཞབས་ཞུ་སོགས་ལ་སྐུལ་འདེད་གཏོང་བ་བཅས་ལ། མཉམ་ལས་ཀྱི་མོས་མཐུན་བྱུང་ནས་དུས་ཡུན་རིང་པོའི་རིག་གནས་བརྗེ་རེས་སྒྲོམ་གཞིར་གྲོས་ཆོད་བཞག་པ་རེད། པེ་ཅིན་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་་ཡུལ་ཤུལ་ས་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམིགས་ཡུལ་ཡོད་པའི་སྒོ་ནས་སྔར་ལས་ཕུན་སུམ་ཚོགས་པ་དང་། རྣམ་པ་མང་བའི་རིག་གནས་ཀྱི་བརྗེ་རེས་བྱེད་སྒོ་སྤེལ་བ་དང་། པེ་ཅིན་དང་ཡུལ་ཤུལ་ས་ཁུལ་གཉིས་ཀྱི་རིག་གནས་ཕན་ཚུན་བརྗེ་རེས་དང་འགྲོ་འོང་དང་མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས།  ཡུལ་ཤུལ་ཕྱོགས་གང་ཐད་ནས་དབུལ་ཐར་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

ལོ་ཙཱ་བ། གཡང་སྐྱིད།