རང་རེའི་ཞིང་ཆེན་གྱིས་ངལ་རྩོལ་པ་བཀོལ་མཁན་སྡེ་ཚན་ལ་ཆེད་དོན་ཞིབ་བཤེར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གཞུང་ལས་ཐིན་གྱི《 ངལ་རྩོལ་་པ་བཀོལ་མཁན་སྡེ་ཚན་གྱིས་ངལ་རྩོལ་ལས་སྤྱོད་དང་སྤྱི་ཚོགས་འགན་སྲུང་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》་བླང་བྱ་ལྟར། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས2018ལོའི་ཟླ7པའི་ཚེས3ནས་ཟླ8པའི་ཚེས3བར་དུ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་དུ་ངལ་རྩོལ་་པ་བཀོལ་མཁན་སྡེ་ཚན་གྱིས་ངལ་རྩོལ་ལས་བཀོལ་དང་སྤྱི་ཚོགས་འགན་སྲུང་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་ཞུ་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱ་རྒྱུ་ཡིན་པར་གཏན་འཁེལ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཆེད་དོན་ཞིབ་བཤེར་དེས་གཙོ་བོ་ཞིང་པ་ལས་མི་བསྡུ་བའི་ཨར་ལས་དང་། བཟོ་བ།  གཏེར་ཁ་སྔོག་འདོན། བཟའ་བཏུང་སོགས་ངལ་རྩོལ་འདུས་ཚད་ཆེ་བའི་ཁེ་ལས་དང་དེ་བཞིན་ངལ་ལས་མངགས་གཏོང་བྱེད་མཁན་སྡེ་ཚན་བཅས་ལ་དམིགས་ཏེ། ངལ་རྩོལ་་པ་བཀོལ་མཁན་སྡེ་ཚན་གྱིས་ངལ་རྩོལ་ལས་སྤྱོད་དང་སྤྱི་ཚོགས་འགན་སྲུང་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་ཞུ་པའི་གནས་ཚུལ་ལ་ཞིབ་བཤེར་བྱས།   དེའི་ནང་དུ་ངལ་རྩོལ་པ་བཀོལ་མཁན་སྡེ་ཚན་གྱིས་ངལ་རྩོལ་སྐོར་གྱི་གན་རྒྱ་བཞག་པའི་གནས་ཚུལ་དང་། ལྷག་པར་དུ་ཨར་ལས་རྒྱག་པའི་ཁེ་ལས་ཀྱིས་ཟླ་རེ་བཞིན་གླ་ཆ་གྲངས་ཚང་སྤྲད་ཡོད་མེད་ལ་ཞིབ་བཤེར་དང་།  ངལ་རྩོལ་ལས་མིའི་མངགས་གཏོང་ལས་ཁུངས་དང་ལས་བཟོ་དགོས་མཁན་ལས་ཁུངས་ཀྱིས་ངལ་ལས་མངགས་གཏོང་ལ་བརྩི་སྲུང་གཏན་འབེབས་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། ངལ་རྩོལ་་པ་བཀོལ་མཁན་སྡེ་ཚན་གྱིས་ལས་ཡུན་དང་ངལ་གསོ་དང་གུང་གསེང་གི་གཏན་འཁེལ་ལ་བརྩི་སྲུང་བྱས་ཚུལ་དང་། བཟོ་ཕྲུག་སྤྱད་མི་ཆོག་པའི་སྐོར་གྱི་གཏན་འཁེལ་ལག་བསྟར་བྱས་པའི་གནས་ཚུལ། ངལ་རྩོལ་་པ་བཀོལ་མཁན་སྡེ་ཚན་དུ་སྤྱི་ཚོགས་འགན་སྲུང་ནང་ཞུགས་པར་མ་ཟད་སྤྱི་ཚོགས་ཀྱི་འགན་སྲུང་དངུལ་འབབ་འཇལ་སྤྲོད་བྱས་ཚུལ་དང་། ངལ་རྩོལ་པ་བཀོལ་མཁན་སྡེ་ཚན་གྱིས་ངལ་རྩོལ་ལས་སྤྱོད་དང་སྤྱི་ཚོགས་འགན་བཅོལ་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་བརྩི་སྲུང་བྱས་མེད་ཚང་མ་ཞིབ་བཤེར་གྱི་ཁྱབ་ཁོངས་སུ་བཞག་པ་རེད།  

ཞིབ་བཤེར་བྱེད་པའི་ཁྲོད《ངལ་རྩོལ་འགན་སྲུང་ཁྲིམས་འགལ་གྱི་བྱ་སྤྱོད་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་པའི་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་རྒྱུ་དང་། ཁྲིམས་འགལ་གྱི་བྱ་སྤྱོད་ལ་གླ་ཕོགས་ཆད་འགྱངས་ཀྱི་བྱ་སྤྱོད་དང་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་ཀྱི“ མིང་ཐོ་ནག་པོའི” ནང་འཇུག་བྱེད་པའི་ཚད་གཞི་ལ་སླེབས་ཚེ། དུས་ཐོག་ཏུ“ མིང་ཐོ་ནག་པོའི” ནང་འཇུག་རྒྱུ་མ་ཟད་ད་དུང་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་མཉམ་འབྲེལ་ཐོག་ཆད་གཅོད་བསླབ་འདོམས་བྱ་རྒྱུ་དང་། ཡིད་རྟོན་ཤོར་བའི་མིར་སྔར་ལས་མི་བདེར་གཏོང་བ་དང་། ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཕན་ནུས་ལྡན་པའི་ཟིལ་ཤུགས་བསྐྱེད་དེ།རྒྱ་ཆེའི་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་རེད།

ལོ་ཙཱ་བ། གཡང་སྐྱིད།