ལིག་ཕན་རི་བོ་ས་ཁུལ་སྲིད་གྲོས་ཀྱི་གནད་འཁེལ་དབུལ་སྐྱོར་བརྗེ་རེས་སྐུལ་སྤེལ་ཚོགས་འདུ་ཟི་ལིང་ནས་གྲོལ།

ཟླ7པའི་ཚེས12ཉིན་གྱི་ཕྱི་དྲོར། ལིག་ཕན་རི་བོ་ས་ཁུལ་སྲིད་གྲོས་ཀྱི་གནད་འཁེལ་དབུལ་སྐྱོར་བརྗེ་རེས་སྐུལ་སྤེལ་ཚོགས་འདུ་ཐེངས་བཞི་བས་གྲོས་རིམ་སོ་སོ་བདེ་བླག་ངང་ཡོངས་འགྲུབ་བྱས་རྗེས་ཟི་ལིང་ནས་མཇུག་སྒྲིལ། རྒྱལ་ཡོངས་སྲིད་གྲོས་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སུན་ལའེ་ཡན་དང་། རྒྱལ་ཡོངས་སྲིད་གྲོས་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡུའུ་ཀི་ཧྲིན་གཉིས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཧྲན་ཞི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧན་ཡུང་དང་ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨོའུ་དབྱང་ཅན། ཉིན་ཞ་ཧོས་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚོས་པའོ་བཅས་ཚོགས་འདུར་ཞུགས།

ཚོགས་འདུ་ལས«ལིག་ཕན་རི་བོ་ས་ཁུལ་སྲིད་གྲོས་ཀྱི་གནད་འཁེལ་དབུལ་སྐྱོར་བརྗེ་རེས་སྐུལ་སྤེལ་ཚོགས་འདུའི་ཟིན་བྲིས་གནད་བསྡུས»ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། «ལིག་ཕན་རི་བོ་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་ད་ལྟའི་གནས་ཚུལ་དབྱེ་ཞིབ་དང་བསམ་འཆར་གྲོས་གཞི»དང«ལིག་ཕན་རི་བོ་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱེད་པའི་ལས་གཞི་གལ་ཆེན་དང་གྲོས་གཞི»གྲུབ་པར་བྱས། ཚང་མས་མཐའ་གཅིག་ཏུ། ལིག་ཕན་རི་བོ་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་དེ་མཁྲེགས་གཏོར་གྱི་དུས་རིམ་གལ་ཆེན་དུ་སླེབས་པས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་ཐུབ་པའི་ཡིད་ཆེས་དང་ཆོད་སེམས་ཇེ་དྲག་ཏུ་གཏོང་བ། གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར་གྱི་གཞི་རྩའི་འཐབ་ཇུས་རྒྱུན་འཁྱོངས་བྱེད་པ། ཡར་སྔོན་གྱི་བྱ་བའི་རྨང་གཞིའི་སྟེང་། «ཀྲུང་གུང་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་འགུལ་སྐྱོད་ཐད་ཀྱི་མཛུབ་སྟོན་བསམ་འཆར»གྱི་བཀོད་སྒྲིག་ལྟར། ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་། གནད་དོན་ལ་དོ་སྣང་བྱེད་པ། གནད་འཁེལ་ཤུགས་འདོན་བྱེད་པ། མི་འདང་སར་ཁ་གསབ་བྱེད་པ། འགག་སྒྲོལ་དཀའ་སེལ་བྱས་ཏེ། ལིག་ཕན་རི་བོ་ས་ཁུལ་གྱིས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པར་འགན་སྲུང་བྱེད་དགོས་ཟེར།

རྡོ་རྗེ་རབ་བརྟན་གྱིས་གཏམ་བཤད་སྐབས་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་དགོངས་པར་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ལིག་ཕན་རི་བོ་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་དེ་མཐའ་མའི་དུས་རིམ་གལ་ཆེན་དུ་སྐྱོད་པའི་ད་ལྟའི་གནས་ཚུལ་དང་འབུར་ཐོན་གནད་དོན་ཐད་ནས་བགྲོ་གླེང་ཟབ་མོ་བྱས་ལ། གཙོ་བོ་ཐོན་ལས་དབུལ་སྐྱོར་ཤུགས་ཚད་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཤུགས་ཚད་མུ་མཐུད་དུ་རྒྱ་བསྐྱེད་པ། ཡུལ་གཞན་དབུལ་སྐྱོར་གནས་སྤོར་ཤུགས་ཚད་མུ་མཐུད་དུ་རྒྱ་བསྐྱེད་པ། ཕྱོགས་བསྡུས་འགན་སྲུང་ཤུགས་ཚད་མུ་མཐུད་དུ་རྒྱ་བསྐྱེད་པ། ངེས་པ་དོན་གྱིས་ཡུན་ཕན་རྐྱེན་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཐད་ལ་འཛུགས་སྐྲུན་རང་བཞིན་དང་ཁ་གཏད་རང་བཞིན། བཀོལ་སྤྱོད་རང་བཞིན་ལྡན་པའི་གྲོས་གཞི་མང་པོ་བཏོན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རྗེས་མཐུད་བྱ་བར་ཤུགས་སྣོན་པ་དང་། ཧུར་ཐག་གིས་གྲོས་ཚོགས་ལས་གྲུབ་པའི་གྲུབ་འབྲས་གལ་ཆེན་མུ་མཐུད་དུ་སྒྱུར་སྤོར་བྱེད་པ་དང་དོན་འཁྱོལ་བྱེད་པ། གྲུབ་འབྲས་ལེན་པར་སྐུལ་འདེད་བྱེད་རྒྱུ་ཡིན་ཟེར། ཁོས་བསྟན་དོན། ལིག་ཕན་རི་བོ་ས་ཁུལ་སྲིད་གྲོས་ཀྱི་གནད་འཁེལ་དབུལ་སྐྱོར་བརྗེ་རེས་སྐུལ་སྤེལ་ཚོགས་འདུའི་རྐྱེན་སྲོལ་འཛུགས་སྐྲུན་དང་ཐེངས་རེ་རེའི་ཚོགས་འདུ་ཚང་མར་ཀྲུང་དབྱང་འགོ་ཁྲིད་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མཐོང་ཆེན་ཐོབ་ཡོད་ལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་དང་། ས་གནས་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་པར་མ་ཟད། ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་ཐོབ་ཡོད་པས། ལིག་ཕན་རི་བོ་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱེད་པའི་མཉམ་ཤུགས་གྲུབ་པར་བྱས་ནས། ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་ཐད་དུ་སྟོབས་ལྡན་སྒུལ་ཤུགས་བསྣན་ཞིང་། ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་སྲིད་གྲོས་ཀྱིས་འབྲེལ་འདྲིས་བརྗེ་རེས་ལ་མུ་མཐུད་དུ་ཤུགས་སྣོན་རྒྱུ་ཡིན་པ་དང་། རང་འགུལ་གྱིས་བྱ་བ་བསྒྲུབ་པ། ཇུས་འགོད་ནུས་འདོན་བྱས་ཏེ། མཐུན་སྦྱོར་ཁྲོད་ནས་མཉམ་རྒྱལ་མངོན་འགྱུར་བྱེད་པ་དང་། ནུབ་བྱང་ས་ཁུལ་གྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་དུ་མི་དམངས་སྲིད་གྲོས་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲོན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་། ཏུའུ་ཅེ་བཅས་ཚོགས་འདུར་ཞུགས་པ་དང་། ཝང་ཞའོ་ཡུང་གིས་འགོ་འཛིན་བྱས།

ཉིན་དེའི་སྔ་དྲོར། ཏུའུ་ཅེ་ཡིས་རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་དང་ཞིང་ལྗོངས་བཞིའི་སྲིད་གཞུང་སྡེ་ཁག་གི་ཚོགས་ཞུགས་མི་སྣའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས་པ་དང་། ཆུ་བེད་པུའུ་དང་ཞིང་ལས་དང་ཞིང་སྡེ་པུའུ། རང་བྱུང་ཐོན་ཁུངས་པུའུ། སྡོད་ཁང་འཛུགས་སྐྲུན་པུའུ་སོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། ཞིང་ལྗོངས་བཞིའི་སྲིད་གཞུང་སྡེ་ཁག་གི་བློ་མཐུན་གྱིས་བཞུགས་མོལ་བརྗེ་རེས་སྤེལ།

མཚོ་སྔོན་དུ་སྡོད་པའི་སྐབས་སུ། ཚོགས་ཞུགས་མི་སྣ་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་དང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་བཅས་སུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་དབུལ་སྐྱོར་དང་ཡུལ་གཞན་གནས་སྤོར་དབུལ་སྐྱོར་ལས་གཞི་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།