དུར་ལམ་རྫོང་གིས་གནད་དུ་ཁེལ་བའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། “ཏང་གི་ཁར་ཉན་པ། ཏང་གི་རྫར་འདེད་པ”ཞེས་པ་བརྗོད་དོན་ཡིན་པའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བ་ནས་བཟུང་། དུར་ལམ་རྫོང་གིས་བློ་སེམས་རྩེ་གཅིག་གིས་མི་དམངས་དང་འཚོ་བ། དོན་དངོས་བྱ་འགུལ་བཅས་ལ་ཉེ་བར་བཅར་ནས་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་འོག་ཏང་གི་དྲིན་དྲན་པ། ཏང་གི་དྲིན་ཤེས་པ། ཏང་གི་དྲིན་གཟོ་བ་བཅས་ཀྱི་བརྩེ་སེམས་དྲོན་མོས་རྫོང་ཡོངས་ལ་དྲིལ་སྒྲོག་སློབ་གསོའི་མཁའ་དབུགས་གསར་པ་ཞིག་བསྐྲུན་པ་རེད།

དུར་ལམ་རྫོང་གིས་དྲིལ་སྒྲོག་སློབ་གསོའི་བརྗོད་དོན་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་དམ་འཛིན་བྱས་ཏེ།《རྫོང་ཡོངས་སུ“ཏང་གི་ཁར་ཉན་པ། ཏང་གི་རྫར་འདེད་པ”བརྗོད་དོན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་དང་འབྲེལ་བའི་ཐབས་ཇུས》གཏན་འབེབས་བྱས་ཏེ་པར་བསྐྲུན་བྱས་ནས་མར་བཀྲམས་ཤིང་། བྱ་འགུལ་གྱི་འགོ་ཁྲིད་ཚོ་ཆུང་དང་གཞུང་སྒྲུབ་ཁང་གསར་འཛུགས་བྱས་ཏེ། འོས་འགན་ལས་བགོས་དང་བྱ་བའི་འགན་འཁྲི་གཏན་ཁེལ་གསལ་པོ་བྱས། དྲིལ་སྒྲོག་སློབ་གསོ་བརྗོད་དོན་ཡིན་པའི་བྱ་འགུལ་གྱི་སྐུལ་སློང་ཚོགས་ཆེན་བསྡུས་ནས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་གྱི་དོན་སྙིང་གལ་ཆེན་དང་སྤྱི་ཁྱབ་རེ་འདུན། འོས་འགན་གཙོ་བོ། བྱེད་ཐབས་གོ་རིམ་སོགས་གསལ་པོར་བྱས་པ་མ་ཟད། བྱ་འགུལ་ལེགས་པོ་ལས་དགོས་མཁོ་གཏན་ཁེལ་བྱས་ཏེ། ཤང་དང་གྲོང་བརྡལ་སོ་སོའི་ལས་ཁུངས་སོ་སོར་འགོ་ཁྲིད་ཚོ་ཆུང་བཙུགས་ནས་བྱ་བའི་ཇུས་གཞི་ཞིབ་ཚགས་དུ་བཏང་ནས་བརྗོད་དོན་དྲིལ་སྒྲོག་སློབ་གསོ་ཡིན་པའི་བྱ་འགུལ་དེ་མགྱོགས་མྱུར་སྒོས་སྤེལ་པ་རེད།

རྫོང་རིམ་པའི་འགོ་ཁྲིད་དང་ཏང་གི་སློབ་གྲྭའི་དགེ་རྒན། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་སོགས་རྩ་འཛུགས་སྒོས་གཞི་རིམ་དུ་སོང་སྟེ“ཏང་གི་ཁར་ཉན་པ། ཏང་གི་རྗེས་རྫར་འདེད་པ”ཞེས་པ་བརྗོད་དོན་ཡིན་པའི་ཏང་གི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ། དེ་ཡང་གོ་བདེ་འཛིནསླ་ཡི་སྐད་ཆའི་ལམ་ནས་གནས་ལུགས་བཤད་དེ་རང་གི་ཉེ་འཁོར་གྱི་དོན་དག་ལས་ཉེ་འཁོར་གྱི་མི་ལ་སློབ་གསོ་བཏང་། སྔ་གཞུག་ཏུ་དྲིལ་སྒྲོག་སློབ་གསོ་བརྗོད་བྱ་ཡིན་པའི་གླུ་དབྱངས་དང་སྙན་ངག་གྱེར་འདོན གཏམ་བཤད་སོགས་འགྲན་སྡུར་སྤེལ་ཏེ་ཏང་ཡོན་དང་མང་ཚོགས་ཀྱིས་ཏང་ལ་དགའ་ཞེན་ཆེ་བའི་སེམས་འདུན་དང་། ཏང་གི་དྲིན་ལན་ཤེས་པའི་བརྩེ་སེམས་དེ་ངོས་ལེན་དང་བྱ་སྤྱོད་ཀྱི་གོམས་གཤིས་ལ་འགྱུར་དུ་བཅུག་ཅིང་། ཏང་གི་དྲིན་ཤེས་པ། ཏང་གི་ཁར་ཉན་པ། ཏང་གི་རྫར་འདེད་པ་དྲང་ཕྱོགས་ཀྱི་སྟོབས་ཤུགས་ཤིག་གྲུབ་པར་བྱས་ཡོད།

དྲིལ་སྒྲོག་སློབ་གསོའི་བྱ་འགུལ་གྱི་རྒྱུ་སྤུས་ལ་ཁག་ཐེག་བྱེད་ཆེད་། རིམ་པ་སོ་སོའི་འགོ་ཁྲིད་དག་གིས་སྡེ་བའི་འབྲེལ་མཐུད་པ་དག་ལ་ཡིག་ཆ་ཞིབ་ཀློག་དང་ཏང་གི་སློབ་ཁྲིད་ཐད་ནས་བསམ་བློ་བརྗེ་རེས་བྱེད་པའི་བཞུགས་མོལ་གྲོས་ཚོགས་བསྡུས་ཤིང་། “འཆད་པ་གཉིས་དང་སྐུལ་འདེད་བཞི། བྱ་འགུལ་གསུམ”གྱི་བརྗོད་དོན་དྲིལ་སྒྲོག་སློབ་གསོ་དེ་དབུལ་ཐར་བགག་སྒྲོལ་བྱེད་སྒོའི་ཁྲོད་སྲ་བརྟན་ཅན་དུ་བཏང་།

ལོ་ཙཱ་བ། ལྷ་དཔལ་སྐྱབས།