ཀྲུང་གོའི་མི་རིགས་གཞུང་ལུགས་སློབ་ཚོགས་ཀྱི2018ལོའི་རིག་གཞུང་ལོ་ཚོགས་ཟི་ལིང་དུ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས15ཉིན། མཚོ་སྔོན་མི་རིགས་སློབ་ཆེན་དུ་ཀྲུང་གོའི་མི་རིགས་གཞུང་ལུགས་སློབ་ཚོགས་ཀྱི2018ལོའི་རིག་གཞུང་ལོ་ཚོགས་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་རིག་གཞུང་པུའུ་ཡི་ཨུ་ཡོན་དང་ཞིབ་འཇུག་པ་ཧའོ་ཧྲི་ཡུན་ཉིན་དེའི་མཛད་སྒོའི་ཐོག་ཞུགས་ཡོད་པ་དང་། མཁས་དབང་དང་རིག་གཞུང་སྨྲ་བ་བརྒྱ་ལྷག་དཔྱད་གླེང་ཐོག་ཞུགས།

མགོན་པོ་བཀྲ་ཤིས་ཀྱིས་མཁས་དབང་དང་རིག་གཞུང་སྨྲ་བ་རྣམ་པ་ཐེངས་འདིའི་ལོ་ཚོགས་ལ་ཞུགས་པར་སྤྲོ་སེམས་འཁོལ་པོའི་དགའ་བསུ་ཞུས་ཤིང་།  མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཡར་རྒྱས་བྱུང་བའི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་གནང་བ་མ་ཟད། ད་ཐེངས་ཀྱི་ཚོགས་འདུའི་ཐོག་རིག་གཞུང་ཐད་ནས་གྲུབ་འབྲས་བཟང་པོ་ལོན་པ་དང་། མཚོ་སྔོན་མི་རིགས་ལས་དོན་དང་མི་རིགས་མཐུན་སྒྲིལ་སྔོན་ཐོན་སྔོན་སྤེལ་ཁུལ་འཛུགས་སྐྲུན་ལ་གཞུང་ལུགས་ཀྱི་རྒྱབ་སྐྱོར་མཁོ་འདོན་ཐུབ་པའི་སྨོན་འདུན་ཞུས།

དཔྱད་གླེང་ཚོགས་འདུའི་ཐོག  ཧའོ་ཧྲི་ཡོན་གྱིས་ཁ་བྱང་ལ《རིག་གནས་བློ་གདེང་དང་མི་རིགས་ས་ཁོངས་རང་སྐྱོང》ཞེས་པའི་གཏམ་བཤད།  ཁོང་གིས་ཀྲུང་ཧྭ་རིག་གནས་ནི་ཉམས་མེད་བློ་གདེང་གི་རྨང་གཞི་ཡིན་པ་དང་། མི་རིགས་ས་ཁུལ་རང་སྐྱོང་ནི་རང་རེའི་རྒྱལ་ཁབ་འདིའི་ལམ་ལུགས་ཀྱི་དགེ་མཚན་ཡིན་པ།  མི་རིགས་ས་ཁུངས་རང་སྐྱོང་ལམ་ལུགས་རྒྱུན་སྐྱོང་འཐུས་ཚང་དུ་གཏོང་དགོས་པ་བཅས་ཕྱོགས་གསུམ་ནས་རིག་གནས་ཀྱི་སྟོབས་ཤུགས་དང་། ཀྲུང་ཧྭ་རིག་གནས་ཀྱི་རྒྱལ་སྤྱིའི་མཚན་སྙན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་དགེ་མཚན་རང་བཞིན་སོགས་རྒྱལ་སྐྱོང་སྲིད་གཉེར་ལག་ལེན་བྱ་བའི“ཀྲུང་གོའི་འཆར་ཇུས”ལ་སོགས་ཀྱི་ཕྱོགས་ནས་གནད་བཀྲོལ་ཏེ་རྒྱས་བཤད་གནང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་ཁང་གི་འགོ་གཙོ་ཝང་ཡན་ཀྲུང་གིས《མི་རིགས་ས་ཁུལ་གྱི་དཔལ་འབྱོར་གོང་སྤེལ་རྟོག་ཞིབ་ཀྱིས་མི་རིགས་གཞུང་ལུགས་ཀྱི་ཞིབ་འཇུག་ལ་ཕྱེས་པའི་བློ་སྒོ་འགའ》ཞེས་པའི་བརྗོད་གཞིའི་སྟེང་ནས་གཏམ་བཤད།

ཚོགས་པ་ཁག་བགོས་ཀྱི་གྲོས་བསྡུར་ཐོག མཁས་དབང་དང་རིག་གཞུང་སྨྲ་བ་རྣམ་པས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་ཀྲུང་གོ་ཅན་བསྒྱུར་བར་ཞིབ་འཇུག་དང་། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ༤0འཁོར་བའི་ཚུན་ལ་ཀྲུང་གོའི་མི་རིགས་གཞུང་ལུགས་དང་སྲིད་ཇུས་གོང་སྤེལ་ལ་ཞིབ་འཇུག   དུས་རབས་གསར་པ་དང་ཀྲུང་གོ་མི་རིགས་ཐུན་མོང་འདུས་གྲུབ་ལ་ཞིབ་འཇུག  ཀྲུང་གོའི་ཁྱད་ཆོས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་མི་རིགས་གནད་དོན་ཐག་གཅོད་ལག་ལེན་གྱི་ཞིབ་འཇུག་ལ་སོགས་པའི་བརྗོད་བྱ་བཞིའི་ཕྱོགས་ནས་རིག་གཞུང་བགྲོ་གླེང་མཛད།

ལོ་ཙཱ་བ། ཁོན་ཐར་འཚོ།