རང་ཞིང་གིས་ཕུལ་བྱུང་ཁེ་ལས་པའི་སྙིང་སྟོབས་ཀུན་ལ་ཁྱབ་པར་བྱེད་པའི་བསམ་འཆར་བཏོན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ལས་གཉེར་ལས་རིགས་ཐད་ལ་གྲུབ་འབྲས་འབུར་ཐོན་ཡོད་པའི་ཁེ་ལས་པ་གྲགས་ཅན100ལྷག ལས་རིགས་དང་ཁྱབ་ཁོངས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པའི་ཁེ་ལས་པ་ཕུལ་བྱུང1000བཅས་ནུས་ཤུགས་གང་ཡོད་སྒོས་དར་སྤེལ་བཏང་སྟེ2020ལོར་སླེབས་དུས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་སྤྱིའི་ཁ་གྲངས་དང་དངོས་ཤུགས་གང་ཡོད་སྒོས་རིམ་འཕར་བྱ་ཆེད། ཉེ་ལམ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས《ཕུལ་བྱུང་ཁེ་ལས་པའི་སྙིང་སྟོབས་ལ་སྐུལ་འདེད་ཀྱིས་ཁེ་ལས་མུར་སྤེལ་བདེ་ཐང་ངང་འཕེལ་རྒྱས་དུ་གཏོང་བའི་བྱེད་ཐབས་བསམ་འཆར་གྱི་སྐོར》ཞེས་པ་པར་བསྐྲུན་འགྲེམས་སྤེལ་བྱས་ཏེ། ཁེ་ལས་པ་དག་གིས་ཧུར་ཐག་སྒོས་ཁེ་ལས་གསར་གཏོད་ལ་སྐུལ་འདེད་བྱས་ཏེ་ཤུགས་ཆེན་པོས་དཔལ་འབྱོར་གྱི་རྒྱུ་སྤུས་མཐོར་འདེགས་གཏོང་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱས།

དེ་ཡང《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁེ་ལས་པས་བདེ་ཐང་ཅན་གྱི་ཁོར་ཡུག་དར་སྤེལ་བཏང་སྟེ། ཁེ་ལས་པ་ཕུལ་བྱུང་གི་སྙིང་སྟོབས་སྔར་ལས་དར་སྤེལ་གཏོང་བའི་ཁེ་ལས་པའི་བྱེད་ནུས་བསམ་འཆར་གྱི་སྐོར》ལག་བསྟར་གཏིང་ཟབ་སྒོས། ཁེ་ལས་ལས་བྱེད་མི་སྣའི་ལས་གཏོད་གསར་བཟོའི་ཐད་ཀྱི་ཁོར་ཡུག་ལེགས་པོ་གསར་འཛུགས་དང་བྱེད་ནུས་གསར་རྙིང་རིམ་བསྒྱུར་ལ་ཤུགས་སྣོན་མངོན་འགྱུར་བྱེད་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྒྲིག་འཛུགས་བྱེད་ཆེད། རང་ཞིང་གི་རང་རེའི་ཞིང་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《ལག་བསྟར་བསམ་འཆར》དེ་པར་བསྐྲུན་འགྲེམས་སྤེལ་བྱས་པ་རེད། དེའི་མི་ཚད2020ལོར་ཞིང་ཆེན་ཡོངས་ཀྱི་ཁེ་ལས་སྤྱིའི་ཚད་གཞི་དང་དངོས་ཤུགས་འཕར་ཚད་མཐོར་འདེགས་གཏོང་བའི་སྤྱིའི་དམིགས་འབེན་ཡང་བཏོན་ཡོད། 《ལག་བསྟར་བསམ་འཆར》དེ་པར་བསྐྲུན་འགྲེམས་སྤེལ་གྱིས་ས་གནས་སོ་སོའི་ཁེ་ལས་པ་དག་གིས་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བར་ཡིད་ཆེས་ཡོད་ལ། འདི་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ས་གཤིས་བཅོས་སྒྱུར་ལ་ལེགས་བཅོས་དང་ཁོར་ཡུག་གི་འཕེལ་རྒྱས་ལ་བཅོས་སྒྱུར་བྱེད་པའི་བྱེད་ཐབས་ཤིག་ཀྱང་ཡིན།

“ཁེ་ལས་པའི་སྣེ་ཁྲིད་འོག་སྐྱེ་ཁམས་འགན་འཁྲིའི་འགན་འཁུར་བ”ནི་མཚོ་སྔོན་དེ་སྐྱེ་ཁམས་ཞིང་ཆེན་ཡིན་པར་ཁ་གཏད་ཀྱིས《ལག་བསྟར་བསམ་འཆར》དེའི་ཁྲོད་དམིགས་གསལ་རང་བཞིན་གྱི་ནང་དོན་རིམ་པ་ཞིག་བཏོན་ཡོད་ལ། དེའི་དམིགས་འབེན་ནི་ཁེ་ལས་པའི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཀྱི་འདུ་ཤེས་ལ་ཤུགས་བསྣན་ནས་ཁེ་ལས་པའི་སྣེ་ཁྲིད་འོག་ཁེ་ལས་ཀྱི་འཕེལ་རྒྱས་ལ་དོ་སྣང་བྱེད་པ་དང་དུས་མཉམ་དུ་སྐྱེ་ཁམས་འགན་འཁྲིའི་ལྟ་བ་གསར་འཛུགས་ཀྱིས་ཐོན་ཁུངས་འོས་འཚམ་ངང་བེད་སྤྱད་དེ་སྐྱེ་ཁམས་རང་བཞིན་གྱི་འཆམ་མཐུན་ཁེ་ལས་ཧུར་ཐག་གིས་སྒྲིག་འཛུགས་བྱས།

དེ་ལས་གཞན། 《ལག་བསྟར་བསམ་འཆར》དེར་གྲུབ་ཆ་བདུན་དང་རྒྱལ་ཡོངས་ཀྱི་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དག་གི་ཉམས་མྱོང་ནང་དོན་མི་འདྲ་བ27གྱིས་གྲུབ་ཡོད་ལ། བདེ་ཐང་འཐུས་ཚང་ཅན་གྱི་སྒོ་ནས་ངར་ཤུགས་སྒྲིག་གཞི་བཏོན་ཡོད། ས་ཁུལ་བརྒལ་བར་སྒྲིག་གཞི་དང་སྡེ་ཁག་བརྒལ་བ། ཁྱབ་ཁོངས་བརྒལ་བའི་ཡིད་ཆེས་དམ་འཛིན་གྱིས་མཉམ་འབྲེལ་བྱ་བར་སྐུལ་སློང་གིས་ཕུལ་བྱུང་ཁེ་ལས་པ་ལ་རྒྱབ་སྐྱོར་བྱས་ཏེ་ཚོགས་སྤྱིའི་རྩ་འཛུགས་དང་འགན་འཁྲི་གཅིག་ལྕོགས་ཀྱི་བྱེ་བྲག་ནང་དོན་འདུས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།