ཟི་ལིང་གི་རྫོང་གསུམ་ལ་ཟླ9པ་ནས་བཟུང་སྟེ་འབྲིང་རྒྱུགས་བཅོས་སྒྱུར་ཚོད་ལྟ་བྱེད་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུས་ནས་རྒྱུས་ལོན་བྱུང་པ་ལས་ཤེས་གསལ་ལྟར་ན། ཞིང་ཆེན་སློབ་གསོ་ཐིན་གྱི་བཀོད་སྒྲིག་ལྟར་ཟི་ལིང་གྲོང་ཁྱེར་མཁར་ནང་གི་སློབ་གྲྭས་ཉམས་མྱོང་བླངས་པའི་རྨང་གཞིའི་སྟེང་ད་ལོའི་ཟླ9པ་ནས་བཟུང་རྟ་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དང་ཙོང་ཁ་རྫོང་། སྟོང་སྐོར་རྫོང་བཅས་ཀྱང་བཅོས་སྒྱུར་ཚོད་ལྟ་བྱེད་ཡུལ་དུ་ཞུགས་སྟེ། སྐབས་འདིའིམཐོ་འབྲིང་དུས་སྐབས་སུ་སློབ་གྲྭ་དག་གིས་རྒྱུགས་ལེན་སློབ་སྡུད་སྒྲིག་སྲོལ་བཅོས་སྒྱུར་དེ་ཟི་ལིང་གྲོང་ཁྱེར་གྱི་ཁྱབ་ཁོངས་ཡོངས་སུ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

ཟླ7པའི་ཚེས14ཉིནསློབ་གསོ་པུའུ་ཡིས་པེ་ཅིན་དུ་སྤེལ་བའི་རྒྱལ་ཡོངས་ཀྱི་འབྲིང་རྒྱུགས་བཅོས་སྒྱུར་ལ་སྐུལ་འདེད་བྱེད་པའི་བྱ་བའི་ཞིབ་འཇུག་དཔྱད་སྡུར་འཛིན་གྲྭ་བསྡུས་ཤིང་། ཟི་ལིང་གྲོང་ཁྱེར་དེ་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་གྲོང་ཁྱེར་ཡིན་པའི་ཆ་ནས་མཐོ་འབྲིང་དུས་སྐབས་སུ་སློབ་གྲྭ་དེ་དག་ལ་རྒྱུགས་ལེན་སློབ་སྡུད་ལམ་ལུགས་བཅོས་སྒྱུར་ཇུས་གཞི་ལྟར་སློབ་སྡུད་བྱེད་རྒྱུ་རེད། སློབ་གསོ་པུའུ་ཡི་འགོ་ཁྲིད་དང་རྒྱལ་ཡོངས་ཞིང་ཆེན་སོ་སོ་དང་གྲོང་ཁྱེར་སོ་སོའི་འཐུས་ཚབ་མི་སྣ་དག་གིས་བསམ་བློ་བརྗེ་རེས་བྱེད་པའི་གཏམ་བཤད་གནང་། སློབ་གསོ་པུའུ་ཡི་འགོ་ཁྲིད་ཀྱི་གདེང་འཇོག་དང་ཚོགས་ཞུགས་འཐུས་ཚབ་མི་སྣས་ངོས་ལེན་ཐོབ་སྟེ་ཟི་ལིང་གྲོང་ཁྱེར་གྱིས་ནུས་ཤུགས་གང་ཡོད་སྒོས་མཐོ་འབྲིང་དུས་སྐབས་ཀྱི་སློབ་གྲྭའི་སློབ་སྡུད་ལམ་ལུགས་བཅོས་སྒྱུར་ཐད་ལ་ཡིད་ཆེས་ཆེན་པོ་བཅངས།

རྒྱུས་ལོན་བྱུང་པ་ལས་ཤེས་གསལ་ལྟར་ན། 《སློབ་གསོ་པུའུ་ཡིས་སྔར་ལས་ལྷག་པའི་སྒོ་ནས་མཐོ་འབྲིང་དུས་སྐབས་ཀྱི་སློབ་གྲྭའི་རྒྱུགས་ལེན་སློབ་སྡུད་ལམ་ལུགས་བཅོས་སྒྱུར་ཐད་ཀྱི་མཛུབ་སྟོན་བསམ་འཆར》གྱི་དགོངས་དོན་གཞིར་བཟུང་ནས2017ལོའི་ཟླ6པ་ནས་བཟུང་སྟེ། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་ཟི་ལིང་གྲོང་ཁྱེར་དེ་རང་ཞིང་གི་ཆེས་ཐོག་མའི་ཚོད་ལྟའི་གྲོང་ཁྱེར་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་སོའི་ཚོད་ལྟའི་གྲོང་ཁྱེར་དང་མཉམ་པོར་མཐོ་འབྲིང་དུས་སྐབས་སུ་སློབ་གྲྭས་སློབ་སྡུད་ལམ་ལུགས་ལ་བཅོས་སྒྱུར་བྱེད་པའི་ཚོད་ལྟ་བྱ་ཡུལ་དུ་ལག་བསྟར་བྱ་རྒྱུ་རེད།

2017ལོའི་ཟླ9པའི་ནང་ཟི་ལིང་གྲོང་ཁྱེར་དེ་ཞིང་ཆེན་ཡོངས་ཀྱི་ཚོད་ལྟ་བྱ་ཡུལ་ཡིན་པའི་ཆ་ནས་ཁྱོན་ཡོངས་ནས་དམའ་འབྲིང་སྐབས་ཀྱི་བསླབ་འབྲས་ཆུ་ཚད་རྒྱུགས་ལེན་ཁྱོན་ཡོངས་ནས་འགོ་བརྩམས་སྟེ། དམའ་འབྲིང་སློབ་མའི་སྣ་འཛོམས་སྤུས་ཚད་དཔྱད་འཇོག་ལག་བསྟར་གྱིས“ཁྱོན་ཡོངས་ནས་བསླབ་ཚན་ལ་རྒྱུགས་ལེན”དང“བསླབ་ཚར་རྗེས་རྒྱུགས་ལེན་པའི་རྩ་དོན”གཞིར་བཟུང་ནས། ཧུར་ཐག་སྒོས“དམའ་འབྲིང་བསླབ་འབྲས་ཆུ་ཚད་རྒྱུགས་ལེན+སྣ་འཛོམས་སྤུས་ཚད་དཔྱད་འཇོག”གི་མཐོ་འབྲིང་རིམ་པའི་སློབ་གྲྭ་དག་ལ་རྒྱུགས་ལེན་སློབ་སྡུད་རྣམ་གཞག་དང་སྒྲིག་སྲོལ་ལ་གོ་རིམ་ཡོད་པ། ལྟ་སྐུལ་ལ་ནུས་པ་ལྡན་པའི་དོ་དམ་སྒྲིག་གཞི་ལག་བསྟར་བྱ་རྒྱུ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།