རང་ཞིང་གི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི17ལ་འཕྲོད་བསྟེན་ཞབས་ཞུའི་འཁོར་སྐྱོད་རླངས་འཁོར་གནང་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ7པའི་ཚེས18ཉིན། ཞིང་ཆེན་འཕྲོད་བསྟེན་འཆར་སྐྱེ་ཨུ་ལྷན་གྱིས་ཟི་ལིང་གྲོང་ཁྱེར་དུ་སྤེལ་བའི2018ལོའི་འཆར་ལྡན་བུ་སྐྱེ་ཞབས་ཞུའི་འཁོར་སྐྱོད་རླངས་འཁོར་གནང་བའི་མཛད་སྒོ་སྤེལ་བ་དང་། རང་ཞིང་གི་ཤང་དང་གྲོང་བརྡལ19ཡི་འཕྲོད་བསྟེན་གླིང་དང་གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་བཅས་ཀྱི་རླངས་འཁོར་བེད་སྤྱོད་བྱེད་ཡུལ་ལས་ཁུངས་དག་གི་འཐུས་ཚབ་མི་སྣ་ཐེངས་འདིའི་རླངས་འཁོར་གནང་བའི་བྱེད་སྒོ་ལ་ཞུགས།

ཐེངས་འདིར་སྟེར་རྒྱུའི་རླངས་འཁོར་རིགས་མི་འདྲ་བ་གཉིས་ལ་ཁྱོན་བསྡོམས་རླངས་འཁོར19དང་དེའི་ཁྲོད་མྱུར་སྐྱོབས་རླངས་འཁོར10དང་འཁོར་སྐྱོད་ཞབས་ཞུའི་རླངས་འཁོར9ཡོད། མྱུར་སྐྱོབས་རླངས་འཁོར་དེ་དག་གིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ལ་མྱུར་བཅོས་དང་མྱུར་སྐྱོབས་སྒྲིག་གཞི་འདོན་སྤྲོད་བྱས་ཤིང་། ནད་པ་སྐྱེལ་འདྲེན་དང་འཆར་ལྡན་བུ་སྐྱེ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད། གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་གཞི་ལ་བབ་བསྟུན་མྱུར་སྐྱོབས་ནུས་པ་མཐོར་འདེགས་སུ་བཏང་ཡོད། འཁོར་སྐྱོད་འཕྲོད་བསྟེན་ཞབས་ཞུའི་རླངས་འཁོར་གྱིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་རྩ་འཛུགས་ཚོགས་པ་དེས་ཞིང་སྡེའི་འབྲོག་ཁུལ་དང་གྲོང་ཁྱེར་གྱི་གཞིས་ཁུལ་དག་ལ་སྨན་བཅོས་ཞབས་ཞུའི་སྐོར་ཞིབ་བྱེད་སྒོ་སྤེལ་བ་དང་གཞི་རྩའི་སྤྱི་གཞུང་འཕྲོད་བསྟེན་ཞབས་ཞུ། ཁྱིམ་ཚང་སྨན་པའི་གན་རྒྱའི་ཞབས་ཞུ། འཆར་ལྡན་བུ་སྐྱེ་དང་བདེ་ཐང་དབུལ་སྐྱོར་སོགས་ཀྱི་བྱ་བའི་ཐད་ལ་སྟབས་བདེ་འདོན་སྤྲོད་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དེ་ཤར་གཏོང་ཐུབ་པ་བཟོས། ལོ་འདི་དག་གི་རིང་ལ་ཞིང་ཆེན་ནོར་སྲིད་ཀྱིས་མུ་མཐུད་དུ་མ་དངུལ་བཀོད་སྒྲིག་བྱས་ཏེ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འཁོར་སྐྱོད་འཕྲོད་བསྟེན་ཞབས་ཞུ་དང་མྱུར་སྐྱོབས་རླངས་འཁོར60ལྷག་གིས། གཞི་རིམ་སྨན་བཅོས་ཀྱི་འཕྲོད་བསྟེན་ཞབས་ཞུའི་བྱེད་ཐབས་ལ་བཅོས་བསྒྱུར་བྱས་ཏེ་ཞབས་ཞུའི་ནུས་ཤུགས་ཐད་ཀྱི་ཆ་རྐྱེན་མཐོར་འདེགས་སུ་བཏང་ནས། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་བྱ་བའི་གཙོ་གནད་རང་བཞིན་ལ་སྐུལ་འདེད་ཀྱིས། ཐོན་ཁུངས་མར་འགྲིལ་བ་དང་སྣ་འཛོམས་རང་བཞིན་འདོན་སྤྲོད་ཀྱིས་ཤང་གྲོང་སྡོད་དམངས་ཀྱི། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མུར་འཕེལ་རང་བཞིན་དང་མུར་སྤེལ་རང་བཞིན་མཐོར་འདེགས་སུ་བཏང་སྟེ་མང་ཚོགས་ཡིད་ཚིམས་པར་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།