ཞིང་ཆེན་ཡོངས་ཀྱི་དུས་རབས་གསར་པའི་ལས་བྱེད་པས་འགན་འཁུར་གསར་བ་ཁུར་པ་དང་གྲུབ་འབྲས་གསར་བ་ལེན་པར་སྐུལ་སློང་བྱེད་པ་དང་སློབ་མ་བདམས་འཐེན་བྱེད་པའི་བྱ་བར་ལེགས་བསྒྱུར་དང་ཤུགས་སྣོན་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་ཡོངས་ཀྱི་དུས་རབས་གསར་པའི་ལས་བྱེད་པས་འགན་འཁུར་གསར་བ་ཁུར་པ་དང་གྲུབ་འབྲས་གསར་བ་ལེན་པར་སྐུལ་སློང་བྱེད་པ་དང་སློབ་མ་བདམས་འཐེན་བྱེད་པའི་བྱ་བར་ལེགས་བསྒྱུར་དང་ཤུགས་སྣོན་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་པ་རེད།

ཝང་ཡུས་ཡན་བསྟན་དོན། ལས་བྱེད་པས་ལས་དོན་སྒྲུབ་ཕོད་པར་སྐུལ་་མ་་བྱས་ཏེ་བདམས་འཐེན་སློབ་མའི་ལས་ཀ་ལེགས་བསྒྱུར་ལ་ཤུགས་སྣོན་རྒྱག་པ་ནི་རྩ་འཛུགས་ལས་དོན་ནི་དུས་རབས་གསར་པས་རྩ་འཛུགས་ལས་དོན་ལ་སྤྲད་པའི་གཟི་བརྗིད་ཀྱི་ལས་འགན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་ ། ཞིང་ཆེན་ཏང་ཨུའི་བླང་བྱ་ཞིབ་ཕྲ་དང་ལག་བསྟར་ནན་ཏན་བྱེད་། དར་ཆ་གསལ་སྒྲེང་གིས་འགན་འཁུར་ཕོད་པའི་ལས་བྱེད་པ་ཚོར་རྒྱབ་སྐྱོར་དང་སྐུལ་སློང་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་ཆེད་“ ལྔ་བཞི” “ ལེགས་གཏོང་གཅིག་མཐོ་གཉིས་” སྐུལ་འདེད་གཏོང་བ་། འབད་འབུངས་སྟོབས་ཤུགས་རྩ་འཛུགས་ཀྱི་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱ་དགོས།

ཝང་ཡུའུ་ཡན་གྱིས་བསྟན་དོན། ལས་བྱེད་པས་འགན་འཁུར་ཁུར་པ་དང་གྲུབ་འབྲས་ལེན་པར་སྐུལ་སློང་བྱེད་པ་དང་བདམས་འཐེན་སློབ་མའི་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་རྒྱུ་ནི། དུས་རབས་གསར་བས་རྩ་འཛུགས་བྱ་བར་བསྩལ་བའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་ལག་བསྟར་ནན་མོ་བྱེད་པ། ལངས་ཕྱོགས་བརྟན་པོས་ཁག་ཁུར་ཕོད་པའི་ལས་བྱེད་པར་རྒྱབ་སྐྱོར་དང་སྐུལ་སློང་བྱས་ཏེ། ལྔ་བཞི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བའི་ཐད་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། ཁོ་མོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཀླད་པར་དྲག་ཆས་སྤྲས་པ་དང་། ལས་བྱེད་པའི་ཆབ་སྲིད་འགན་ཁུར་དང་ལོ་རྒྱུས་ཀྱི་འགན་ཁུར། འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ལས་བྱེད་པས་འགན་ཁུར་གཙང་ལེན་དང་གྲུབ་འབྲས་སྐྲུན་པའི་སྐྱེ་ཁམས་གསོ་སྐྱོང་རྒྱུན་འཁྱོངས་བྱེད་དགོས། དངོས་གཉེར་དང་གྲུབ་འབྲས་ལ་དོ་སྣང་བྱེད་པའི་མི་བཀོལ་ཁ་ཕྱོགས་འཛུགས་པ་དང་། དྲང་ཕྱོགས་ཀྱི་སྐུལ་སློང་ཕན་ནུས་གྲུབ་པར་བྱས་ནས། འགན་ཁུར་ཕྲག་ཏུ་ལེན་པ་དང་གྲུབ་འབྲས་ཡོད་པའི་མི་བཀོལ་སྤྱོད་བྱེད་དགོས། སྤྲོ་སེམས་ཆེན་པོས་ལས་བྱེད་པར་སེམས་ཁུར་དང་གཅེས་སྤྲས་བྱེད་པ་དང་། བྱེ་བྲག་དང་ལག་བསྟར་བྱས་ཆོག་པའི་ལམ་ལུགས་བྱེད་ཐབས་ཕྱིར་བཏོན་ནས། ལས་བྱེད་པའི་གཟི་བརྗིད་འདུ་ཤེས་དང་ཁོངས་གཏོགས་འདུ་ཤེས། ཐོབ་པའི་ཚོར་སྣང་ཇེ་དྲག་ཏུ་གཏོང་དགོས། གདམ་མངག་པའི་བྱ་བར་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་པ་དང་། འདེམས་བསྐོ་དང་སྐྱེད་སྲིང་། དོ་དམ། བཀོལ་སྤྱོད་བཅས་ཀྱི་རིམ་པ་སོ་སོའི་བྱ་བ་ཞིབ་ཕྲ་སྒོས་བསྒྲུབ་ནས། ཧུར་ཐག་གིས་བློ་དཀར་སྤྱོད་གཙང་དང་ཁག་ཁུར་ཕོད་ཅིང་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཡོང་ཁུངས་གལ་ཆེན་གྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

ལོ་ཙཱ་བ། གཡང་སྐྱིད།