2018ལོའི་ཐེམ་ཆེན་རྫོང་གི་དྲུག་པའི་ཀླུ་རོལ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་འཚོགས་ལ་ཉེ།

         བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུའི་རིང་ལ། ཐེམ་ཆེན་རྫོང་གི་དཔལ་འབྱོར་དང་ལས་རིགས་འཕེལ་རྒྱས་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་འགྲེམ་སྟོན་གང་ལེགས་དང་། ཐེམ་ཆེན་རྫོང་གི་བོད་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་གང་ལེགས། ཐེམ་ཆེན་རྫོང་གི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས། ལས་རིགས་ཐམས་ཅད་དར་ཞིང་རྒྱས་པ་མངོན་གསལ་ཡིན་པ། མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཐོན་ཁུངས་སྔོག་འདོན་བྱེད་པ ། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ །  ཐེམ་ཆེན་རྫོང་ཡུལ་སྐོར་རིག་གནས་རྟགས་མཚན་གྱི་སྙན་གྲགས་སྔར་ལས་ཇེ་རྒྱས་དང་།  ཐེམ་ཆེན་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་གང་ལེགས་གང་མྱུར་གྱིས་འཕེལ་རྒྱས་སུ་འགྲོ་བར་སྐུད་འདེད་བཅས་གཏང་བའི་ཆེད་དུ། ཐེམ་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐག་བཅད་ལྟར། ཟླ༨པའི་ཚེས༨ནས་ཟླ༨པའི་ཚེས༡༠བར་ལ ། དྲུག་པའི་ཀླུ་རོལ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་མཛད་སྒོ་བསྡུ་རྒྱུ་རེད།

        ཐེངས་འདིའི་བྱ་འགུལ་གྱི་བརྗོད་བྱང་ལ། 2018ལོའི་ཐེམ་ཆེན་རྫོང་གི་དྲུག་པའི་ཀླུ་རོལ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་ཟེར་ཞིང་། གཙོ་བོ་དམངས་སྲོལ་རིག་གནས་དར་སྤེལ་དང་མི་རིགས་རིག་གནས་ཀྱི་སྲོག་གཞུང་རྒྱུད་འཛིན། ས་གནས་ཀྱི་ཡུལ་སྐོར་རིག་གནས་སྐུལ་འདེད་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་གཏང་རྒྱུ་དེ་རེད།

      བྱེད་སྒོའི་ནང་དོན་དང་དུས་ཚོད་སྐོར་གཤམ་གསལ།

 1 འགོ་རྩོམ་པའི་མཛད་སྒོ།    ༼  རྒྱན་གོས་འཁྲབ་སྟོན།  ༽

     དུས་ཚོད།  ཟླ༨པའི་ཚེས ༨ཉིན་གྱི་ཆུ་ཚོད  9:00─12:00  བར་དང་།  ས་གནས་ནི།   རྟ་རྒྱུག་ཐང་ ཡིན།

2  ཐག་འཐེན་དང་གླང་ཆེན་ས་གཤགས་འགྲན་བསྡུར  ། 

     དུས་ཚོད།   ཟླ༨པའི་ཚེས༨ཉིན་གྱི་ཆུ་ཚོད  15:00─18:30 བར་དང་།  ས་གནས་ནི། རྟ་རྒྱུག་ཐང་ཡིན།

3 ལ་གཞས་འགྲན་བསྡུར  ། ༼ འདེམས་འགྲན །  ༽

དུས་ཚོད།   ཟླ༨པའི་ཚེས༨ཉིན་གྱི་ཆུ་ཚོད 19:30─24:00 བར་དང་། ས་གནས་ནི། རྟ་རྒྱུག་ཐང་ཡིན།

4 རྟ་རྒྱུག་འགྲན་བསྡུར  ། ༼  འདེམས་རྒྱུག   ༽

    དུས་ཚོད །   ཟླ༨པའི་ཚེས༨ཉིན་གྱི་ཉིན་གང་བོར །  ས་གནས་ནི། རྟ་རྒྱུག་ཐང་ ཡིན།

5 མདའ་རྩེད་འགྲན་བསྡུར །

    དུས་ཚོད །   ཟླ༨པའི་ཚེས༩ཉིན་གྱི་ཆུ་ཚོད  8:30─12:30བར་དང་། ས་གནས་ནི། རྟ་རྒྱུག་ཐང་ ཡིན།

6  འཇུ་རེས་འགྲན་བསྡུར །  

   དུས་ཚོད།   ཟླ༨པའི་ཚེས༩ཉིན་གྱི་ཆུ་ཚོད 11:00─14:30བར་དང་། ས་གནས་ནི། རྟ་རྒྱུག་ཐང་ ཡིན།

7  མཁར་ཤར་སྡེ་ཁུལ་གྱི་རིག་རྩལ་འཁྲབ་སྟོན །

      དུས་ཚོད།   ཟླ༨པའི་ཚེས༩ཉིན་གྱི་ཆུ་ཚོད 10:00─11:00 བར་དང་།   ས་གནས་ནི། རྟ་རྒྱུག་ཐང་ ཡིན།

8  ས་འགྱོག་འགྲན་བསྡུར།

     དུས་ཚོད།   ཟླ༨པའི་ཚེས༩ཉིན་གྱི་ཆུ་ཚོད 15:30─18:00 བར་དང་། ས་གནས་ནི། རྟ་རྒྱུག་ཐང་ ཡིན།

9   མཁར་ནུབ་སྡེ་ཁུལ་གྱི་རིག་རྩལ་འཁྲབ་སྟོན །

     དུས་ཚོད།   ཟླ༨པའི་ཚེས༩ཉིན་གྱི་ཆུ་ཚོད 15:00─16:00བར་དང་།  ས་གནས་ནི། རྟ་རྒྱུག་ཐང་ཡིན།

10 ལ་གཞས་འགྲན་བསྡུར  །༼  རྟིང་རྩོད །   ༽

     དུས་ཚོད།   ཟླ༨པའི་ཚེས༩ཉིན་གྱི་ཆུ་ཚོད 19:30─24:00བར་དང་།  ས་གནས་ནི། རྟ་རྒྱུག་ཐང་ ཡིན།

11 རྟ་རྒྱུག་འགྲན་བསྡུར  །༼  འདེམས་རྒྱུག   ༽

     དུས་ཚོད།   ཟླ༨པའི་ཚེས༩ ཉིན་གྱི་ཉིན་གང་བོར །  ས་གནས་ནི། རྟ་རྒྱུག་ཐང་ ཡིན།

  12  རྟ་རྒྱུག་དང་གཡག་རྒྱུག་འགྲན་བསྡུར །༼  རྟིང་རྩོད །  ༽

     དུས་ཚོད །   ཟླ༨པའི་ཚེས༡༠ཉིན་གྱི་ཆུ་ཚོད 9:00─13:00 བར་དང་།  ས་གནས་ནི། རྟ་རྒྱུག་ཐང་ ཡིན།

13  སྐོར་བྲོའི་འཁྲབ་སྟོན  །

     དུས་ཚོད།   ཟླ༨པའི་ཚེས༡༠ཉིན་གྱི་ཆུ་ཚོད14:00─15:00བར་དང་།  ས་གནས་ནི། རྟ་རྒྱུག་ཐང་ ཡིན།

14 མཇུག་བསྡུའི་བྱ་དགའ་གནང་བའི་མཛད་སྒོ །

     དུས་ཚོད།   ཟླ༨པའི་ཚེས༡༠ཉིན་གྱི་ཆུ་ཚོད13:00─17:00  བར་དང་། ས་གནས་ནི། རྟ་རྒྱུག་ཐང་ ཡིན།

15  དམངས་སྲོལ་རིག་གནས་འགྲེམ་སྟོན །
  དུས་ཚོད།   ཟླ༨པའི་ཚེས༨ནས་ཟླ༨པའི་ཚེས༡༠བར།   ས་གནས་ནི། རྟ་རྒྱུག་ཐང་ ཡིན།

གསར་འགོད་པ། གཅོད་པ་ཐར། བཀྲ་ཤིས་རྒྱལ།