རང་ཞིང་གི་རོང་འབྲོག་མང་ཚོགས་ཁྲི12ཀྱིས་ཡུལ་སྐོར་ལས་བྱུང་བའི་ཕན་ཁེ་རག་པ།


མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་བའི་ལོ་འདི་འགར། ལྗོངས་ཁུལ་གཙོ་བོས་སྣེ་ཁྲིད་དང་ཡུལ་སྐོར་སྡེ་ཁག་གི་རོགས་སྐྱོར། ཡུལ་སྐོར་ཁེ་ལས་གཙོ་བོས་སྐུལ་འདེད་སོགས་ཀྱི་རྣམ་པས་རང་ཞིང་གི་རྟ་ཐང་པཱེན་མཱ་ཀོའུ་དང་ཙོང་ཁའི་ཁཱ་དབྱིང་སྡེ་བ།   ཧོར་གྲོང་ཡོའུ་ཙོས་ཝན།  ལུང་མདོ་མའོ་ཀྲའི་དང་དམར་གཙང་ཡོན་ཅཱ་སྡེ་བ་སོགས་ཀྱི་རྣམ་པ་གསར་པའི་ཤང་སྡེའི་ཡུལ་སྐོར་དཔེ་སྟོན་སྡེ་བར་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་། ད་སྔ།   ཞིང་ཆེན་ཡོངས་ནས་བསྡོམས་པས་རོང་འབྲོག་སྤྲོ་སྐྱིད་ཁང3111འཕེལ་རྒྱས་སུ་སོང་ཡོད་པས།  རོང་འབྲོག་མང་ཚོགས་ཁྲི12ཀྱིས་ཡུལ་སྐོར་ལས་བྱུང་པའི་ཕན་ཁེ་རག་ཏེ།   མི་གྲངས་ཁྲི2ཀྱིས་ཡུལ་སྐོར་ལ་བརྟེན་ནས་དབུལ་ཐར་མངོན་འགྱུར་བྱས་ཡོད།

ཞིང་ཆེན་ཞིང་ཕྱུགས་སྡེ་ཁག་གིས་བསྡོམས་རྩིས་ལྟར་ན།   ཞིང་ཆེན་ཡོངས་ཀྱི་གུང་གསེང་ཞིང་ལས་རིགས་འཕེལ་རྒྱས་ཀྱི་ཕྱོགས་ནས།  རྒྱལ་ཁབ་ཀྱིས་ཆོག་མཆན་ཐོབ་པའི་གུང་གསེང་ཞིང་ཕྱུགས་ལས་དཔེ་སྟོན་རྫོང8དང་མཛེས་པའི་ཤང་སྡེ12།  མཛེས་སྡུག་གླིང་ག3། རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་གུང་གསེང་ཞིང་ཕྱུགས་ལས་རྟེན་གཞི105སླེབས་ཡོད།      རིགས་སོ་སོའི་གུང་གསེང་ཞིང་ཕྱུགས་ལས་ཚོང་གཉེར་ཁང་གཙོ་བོ2535ཡོད་ལ།  ལས་ཞུགས་མི་སྣ་ཁྲི4.5ཡོད།   ལོ་རེའི་ཡུལ་སྐོར་པ་ཁྲི1646སྣེ་ལེན་བྱས་ཏེ།  ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར24.7མངོན་འགྱུར་བྱུང་ཡོད།  གུང་གསེང་ཞིང་ཕྱུགས་ལས་ཀྱི་ཚོང་རྟགས་གྲུབ་འབྲས་དང་དཔལ་འབྱོར་གྲུབ་འབྲས་རིམ་བཞིན་ཇེ་ལེགས་ཕྱིན་ཏེ།    ཞིང་ཕྱུགས་ལས་ཀྱི་རིག་གནས་རྒྱུད་འཛིན་དང་ཡུལ་སྐོར་ནུས་པ་རྒྱ་བསྐྱེད་བྱེད་ཐུབ་པ་བྱུང་པ་མ་ཟད།   རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བྱེད་ཀྱི་བགྲོད་ལམ་གསར་པ་ཞིག་ཀྱང་བསྐྲུན་ཡོད།  

ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་ཝང་ཡོས་ཝུའུ་ཡིས་ངོ་སྤྲོད་ལྟར་ན། རྗེས་ཕྱོགས་ནས་ཞིང་ཕྱུགས་མ་ལག་གིས་གུང་གསེང་ཞིང་ཕྱུགས་ལས་རིགས་དང་ཞིང་སྡེའི་ཡུལ་སྐོར་མཉམ་འདྲེས་མཉམ་འབྲེལ་དེ་ཤང་སྡེའི་དར་སྤེལ་བྱེད་ཡུལ་གཙོ་བོ་ཞིག་ཏུ་བཟུང་སྟེ།    ཞིང་ཕྱུགས་ལས་རིགས་དང་ཡུལ་སྐོར་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་དང་།    ཞིང་ཕྱུགས་ལས་རིགས་ཀྱི་ནུས་པ་ཧུར་བརྩོན་གྱིས་རྒྱ་བསྐྱེད།  གོ་སྐབས་དང་ཐོན་ལས།  ཁྱད་ལྡན། ཚོང་རྟགས་དང་ཕུགས་རིང་བོར་ཤུགས་ཆེན་པོས་དམ་འཛིན་བཅས་བྱ་རྒྱུ།   ཞིང་ཕྱུགས་ལས་དང་ཡུལ་སྐོར་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ།  ཞིང་ཕྱུགས་ལས་ཀྱི་ནུས་པ་གསར་པ་རྒྱ་བསྐྱེད་དང་།  རོང་འབྲོག་ཁུལ་གྱི་ཐོན་ཁུངས་ལེགས་ཆ་སྔོག་འདོན།  གུང་གསེང་ཞིང་ཕྱུགས་ལས་རིགས་ཚད་ལྡན་རིམ་འཕར། རི་མཐོ་ས་གཙང་འཛུགས་སྐྲུན་བྱེད་པ་བཅས་ཐད་འབད་བརྩོན་ལྷོད་མེད་བྱས་ཏེ།  མཚོ་སྔོན་གྱི་རི་མཐོ་ས་གཙང་དེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྣེ་ཁྲིད་བྱེད་ཐུབ་པ་ཞིག་བསྐྲུན་རྒྱུ་ཟེར།

ལོ་ཙཱ་བ། ལྷ་ཆེན་རྒྱལ།