ཡུལ་ཤུལ་ནས་ཐོན་པའི“ འཛམ་གླིང་སྟེང་གི་ལྷ་རིས་ཆུང་ཤོས་དང་མ་ཎི་རྡོ་བརྐོས་ཆུང་ཤོས” ལWRCA ཞེས་པའི་འཛམ་གླིང་ཟིན་ཐོའི་སྡེ་ཁག་གི་བདེན་དཔང་ཐོབ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས2 ཉིན།  གསར་འགོད་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་རླུང་འཕྲིན་བརྙན་འཕྲིན་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཆེས་ཆུང་པའི་ཚོན་རིས་ལྷ་སྐུ་གསར་གཏོད་བྱེད་མཁན་ཚེ་དབང་ཉི་མ་དང་། ཆེས་ཆུང་བའི་མ་ཎི་རྡོ་བརྐོས་གསར་གཏོད་བྱེད་མཁན་ཨོ་རྒྱན་གཉིས་ལ“ འཛམ་གླིང་གི་ཆེས་ཆུང་བའི་ཚོན་རིས་ལྷ་སྐུ” དང་“ འཛམ་གླིང་གི་ཆེས་ཆུང་བའི་མ་ཎི་རྡོ་བརྐོས”ལWRCA ཞེས་པའི་འཛམ་གླིང་ཟིན་ཐོའི་སྡེ་ཁག་གི་བདེན་དཔང་ཐོབ། ཐེངས་འདིའི་དཔང་བདེན་ར་སྤྲོད་བྱས་པའི་ལས་ཁུངས་ནི་གོ་ལ་ཧྲིལ་པོའི་རྩེར་སོན་གྱི་འཛམ་གླིང་ཟིན་ཐོས་དཔང་བདེན་ར་སྤྲོད་ཐོབ་པའི་ལས་ཁུངས་ཏེWRCA ཡིན་ལ། ལས་ཁུངས་དེས་འཛམ་གླིང་གི་རིག་གནས་ཁྱབ་གདལ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཇེ་མགྱོགས་སུ་གཏང་བ་དང་།  འཛམ་གླིང་གི་ཟིན་ཐོ་རྒྱུན་སྐྱོང་མཁན་གྱི་དོ་ཁུར་བྱེད་ཚད་དང་མིང་གྲགས་ཆེ་ཚད་ལ་གཞོལ་ནས་སྣེ་སྟོན་བྱས་ཏེ་སྲོག་ཤིང་གི་རིག་གནས་གཏོད་རྒྱུ་དེ་རེད།

ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་ཝུའུ་ཏེ་ཅུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན །ཐེངས་འདིའི་འཛམ་གླིང་གི་ཆེས་ཆུང་བའི་ཚོན་རིས་ལྷ་སྐུ་དང་།  འཛམ་གླིང་གི་ཆེས་ཆུང་བའི་མ་ཎི་རྡོ་བརྐོས་ལ་དཔང་བདེན་ར་སྤྲོད་ཐོབ་པ་དེ་ནི་སྤྱིར་བཏང་དོན་སྙིང་ཅན་གྱི་དཔང་བདེན་ར་སྤྲོད་ཁོ་ན་ཙམ་མིན་པ་དང་། ལྷག་པར་དུ་ཡུལ་ཤུལ་གྱི་རིག་གནས་སྒྱུ་རྩལ་བྱ་གཞག་འཛམ་གླིང་ཕྱོགས་སུ་བསྐྱོད་པའི་མཚོན་རྟགས་གལ་ཆེན་ཞིག་རེད། རེ་བ་ཡིན་ན་ཐེངས་འདིའི་དཔང་བདེན་ར་སྤྲོད་ཐོབ་པ་དེ་བོད་ཀྱི་རིག་གནས་ཀྱིས། རི་མོ་དང་རྐོས་རྩལ་གྱི་རྣམ་པ་བརྒྱུད་ནས་སྔར་ལས་མང་བའི་སྐྱེ་བོ་ལ་ཡུལ་ཤུལ་དང་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་བྱེད་པ་དང་། ཡུལ་ཤུལ་བོད་ཀྱི་རིག་གནས་དང་འཛམ་གླིང་འབྲེལ་མཐུད་བྱེད་པའི་སྦྲེལ་ཐག་ཞིག་ཏུ་འགྱུར་དགོས་ཞེས་བསྟན།

ལོ་ཙཱ་བ། གཡང་སྐྱིད།