2018ལོའི་ཐེམ་ཆེན་རྫོང་གི་དྲུག་པའི་ཀླུ་རོལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གཟབ་རྒྱས་ངང་འགོ་བརྩམས་པ།

ཟླ8པའི་ཚེས8ཉིན། ཐེམ་ཆེན་རྫོང་དྲུག་པའི་ཀླུ་རོལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གཟབ་རྒྱས་ངང་འགོ་བརྩམས་ལ། དུས་ཆེན་སྟེང་ཕྱི་ཡོང་གི་སྐུ་མགྲོན་དང་རང་རྫོང་གི་འབྲེལ་ཡོད་འགོ་ཁྲིད། སྔོན་གྱི་ཏང་སྲིད་འགོ་ཁྲིད། ལས་ཁྱེར་ངལ་གསོ་བྱས་པའི་ཏང་ཡོན་རྒན་པ། ས་གནས་མང་ཚོགས་སོགས་ཕལ་ཆེར་མི་གྲངས་ཁྲི༢ལྷག་ཡོད་ལ། ཐེངས་འདིའི་དུས་ཆེན་གྱི་བརྗོད་བྱ་ནི་དམངས་སྲོལ་རིག་གནས་དར་སྤེལ་དང་ཡུལ་སྐོར་རིག་གནས་འཕེལ་རྒྱས། ས་གནས་ཀྱི་སྲིད་འབྱོར་རིག་གསུམ་དང་ཐེམ་ཆེན་རྫོང་གིས་དཔལ་འབྱོར་དང་ལས་རིགས་འཕེལ་རྒྱས། བོད་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་གང་ལེགས། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས། དམངས་ཁྲོད་རིག་གནས་ཐོན་ཁུངས་སྔོག་འདོན་དང་ཕུན་སུམ་ཚོགས་པར་གཏོང་བར་ཕན་ནུས་ཆེན་པོ་ཐོན་ཡོད།

ཐེངས་འདིའི་དུས་ཆེན་སྟེང་ཡུལ་ཕྱོགས་སོ་སོའི་སྐུ་མགྲོན་མང་བོ་ཕེབས་ཡོད་པ་མ་ཟད།ས་གནས་ཀྱི་གླུ་བ་གླུ་མ་དང་གདན་ཞུའི་གླུ་བ་གླུ་མ་ཚོས་རིག་རྩལ་རྩེད་མོ་གྱ་ནོམ་པ་འཁྲབ་སྟོན་བྱས་པར་རྒྱ་ཆེའི་ས་གནས་དམངས་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པས། དེས་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་གསོན་ཤུགས་གསར་བ་ཞིག་བསྣན།

གསར་འགོད་པ། གཅོད་པ་ཐར།