བོད་རིགས་ན་གཞོན་ཕུལ་བྱུང་སྙན་ངག་པའི་སྙན་རྩོམ་ཕྱོགས་བསྒྲིགས་པར་དུ་བསྐྲུན་པ།

ཉེ་ཆར་གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཇུས་འགོད་དང་རྩོམ་སྒྲིག་བྱས་པའི་བོད་རིགས་ན་གཞོན་ཕུལ་བྱུང་སྙན་ངག་པའི་སྙན་རྩོམ་ཕྱོགས་བསྒྲིགས་བསྡོམས་པའི་དེབ་བཅུའི་བདག་ཉིད་ཅན་དེ་པར་བསྐྲུན་འགྲེམས་སྤེལ་བྱས་འདུག

དཔེ་ཚོགས་འདི་ནི་ཉེ་བའི་ལོ་ཤས་རིང་ཀྲུང་གོའི་སྙན་ངག་རྩོམ་སྟེགས་ན་ཅུང་སྙན་གྲགས་ཡོད་པའི་བོད་རིགས་ན་གཞོན་སྙན་ངག་པ་བཅུ་ཡིས་རྒྱ་ཡིག་གི་ལམ་ནས་བརྩམས་པའི་སྙན་ངག་དག་བོད་ཡིག་ཏུ་བསྒྱུར་ཅིང་། དེབ་ནང་དུ་བོད་རྒྱ་ཤན་སྦྱར་གྱིས་བསྒྲིགས་ཡོད་པ་ཞིག་ཡིན་འདུག  དཔེ་ཚོགས་འདིའི་མགོ་བརྗོད་ལ་དབྱི་རིགས་ཀྱི་སྙན་ངག་པ་གྲགས་ཆེན་སྐྱིད་བདེ་རྨ་རྒྱལ་གྱིས་བྲིས་ཡོད་པ་དང་། ཁོང་ཉིད་ནས་བོད་རིགས་སྙན་ངག་པ་འདི་དག་དང་དཔེ་ཚོགས་འདི་ལ་གདེང་འཇོག་ཆེན་པོ་བྱས་འདུག དཔེ་ཚོགས་འདི་ཉིད་པར་དུ་བསྐྲུན་པ་ཡིས་བོད་ཀྱི་དེང་རབས་རྩོམ་རིག་དང་ཁྱད་པར་དེང་རབས་སྙན་ངག་འཕེལ་རྒྱས་ཐད་ལ་ནུས་པ་ཆེན་པོ་ཐོན་ངེས་རེད།

1:ཆུང་སྐྱིད་ཀྱིས་བརྩམས་ཤིང་སྐལ་བཟང་རིན་ཆེན་གྱིས་བསྒྱུར་བའི《ཆུང་སྐྱིད་ཀྱི་སྙན་ངག》

2:དགའ་བདེ་ཚེ་རིང་གིས་བརྩམས་ཤིང་དབང་མཆོག་འབུམ་གྱིས་བསྒྱུར་བའི《བོད་ཀྱི་རབ་བྱེད》

3:ལན་ཞའོ་ཡིས་བརྩམས་ཤིང་རྡོ་རྗེ་དཔལ་གྱིས་བསྒྱུར་བའི《བར་སྣང་གི་གངས་ཀླུང》

4:བསྟན་འཛིན་ཆོས་མཚོས་བརྩམས་ཤིང་ཀརྨ་ཚེ་རིང་གིས་བསྒྱུར་བའི《ཕ་སྐད》

5:བློ་བཟང་གིས་བརྩམས་ཤིང་རྡོ་རྗེ་དཔལ་གྱིས་བསྒྱུར་བའི《ལོག་ཕེབས་པའི་གཞས》

6:པད་མ་དབྱངས་ཅན་གྱིས་བརྩམས་ཤིང་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར་བའི《གཡུ་ཆུང་དྲུག་དཀར》

7:བང་ཀྲི་གོ་ཡིས་བརྩམས་ཤིང་དཔལ་མགོན་སྐྱབས་ཀྱིས་བསྒྱུར་བའི《འཁྱག་སིབ་སིབ》

8:བཀྲ་ཤིས་ཚེ་རིང་གིས་བརྩམས་ཤིང་དཔལ་མགོན་སྐྱབས་ཀྱིས་བསྒྱུར་བའི《བརྩེ་དུངས་མཁའ་དབྱིངས་ཀྱི་སྐར་འོད་དང་མཚུངས》

9:གངས་ཅན་གསོམ་སྡོང་གིས་བརྩམས་ཤིང་ཚེ་རིང་མགོན་པོས་བསྒྱུར་པའི《ཕ་ཡུལ་ནི་ཀན་ལྷོ་ཡིན》

10:བདེ་ཆེན་དཔག་མེད་ཀྱིས་བརྩམས་ཤིང་ཀརྨ་ཚེ་རིང་གིས་བསྒྱུར་བའི《གཟུགས་ཀྱི་ཕོ་བྲང》

གསར་འགོད་པ། སྐལ་བཟང་རིན་ཆེན།