བོད་ལྗོངས་ཀྱིས་སྐབས་དང་པོའི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་གཉེར་བ།

མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་6ཉིན། དུས་ཡུན་ཉིན་གསུམ་ཡིན་པའི་བོད་ལྗོངས་ཀྱི་སྐབས་དང་པོའི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཡོད། གླེང་སྟེགས་ཀྱིས་འབྲི་གཡག་ཐོན་ལས་ཀྱི་ད་ལྟའི་གནས་ཚུལ་དང་། ཐོན་ལས་གསར་གཏོད་ཀྱི་འདུ་ཤེས། གནད་སྨིན་དབུལ་སྐྱོར་ལས་དོན་སོགས་ཀྱི་ཐད་དང་འབྲེལ་ནས། ལྷ་ས་གྲོང་ཁྱེར་གྱི་འབྲོག་ལས་རྐྱང་པའི་རྫོང་འབའ་ཞིག་སྟེ་འདམ་གཞུང་རྫོང་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱས་ཏེ། བོད་ལྗོངས་ཀྱིས་ཇི་ལྟར་བྱས་ཏེ་ས་མཐོའི་དེང་རབས་ཕྱུགས་ལས་འཕེལ་རྒྱས་སྔར་བས་ཡག་ཏུ་གཏོང་རྒྱུར་ཞིབ་དཔྱད་བྱས་ནས། ས་ཁུལ་གྱི་དཔལ་འབྱོར་གྲུབ་ཆ་ཕྱོགས་སྒྱུར་ཡོང་རྒྱུར་སྐུ་འདེད་མགྱོགས་མྱུར་བཏང་ཏེ་འབྲོག་པ་དེ་བས་མང་བར་ཡོང་འབབ་འཕར་སྣོན་བྱུང་ནས་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱ་རྒྱུ་རེད།