སྤྱི་ལོ་2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲིས་མཚོན་རྟགས་ཀྱི་འཆར་འགོད་ཇུས་གཞི་འཛམ་གླིང་ཡོངས་ལ་ཕྱོགས་ནས་འཚོལ་བསྡུ་བྱེད་རྒྱུ་ཡིན་པ།

སྤྱི་ལོ་2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲིས་མཚོན་རྟགས་འཚོལ་བསྡུའི་འགོ་ཚུགས་མཛད་སྒོ་སྤྱི་ཚེས་བརྒྱད་ཉིན་པེ་ཅིང་དུ་གཉེར་ཡོད་པ་རེད། ད་ཐེངས་ཀྱི་བཀྲིས་མཚོན་རྟགས་འཚོལ་བསྡུས་བྱེད་སྒོའི་ནང་བཞུགས་རྒྱུས་གཙོ་བོ་བྱེད་པ། དཔེར་ན་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་སློབ་མའི་ཁྲོད། ངའི་སེམས་ནང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲིས་མཚོན་རྟགས་ཞེས་པས་བརྗོད་དོན་གཙོ་བོའི་བྱེད་སྒོའི་ནང་བཞུགས་རྒྱུ་ལྟ་བུ་རེད། དེ་དང་ཆབས་གཅིག་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲིས་མཚོན་རྟགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲིས་མཚོན་རྟགས་དེ་གཉིས་དུས་གཅིག་ཏུ་འཚོལ་བསྡུ་དང་དཔྱད་འདེམས་བྱ་རྒྱུ་ཡིན་པས་ཨོ་རྩལ་འགྲན་ཚོགས་དེ་གཉིས་དུས་གཅིག་ཏུ་འཆར་འགོད་དང་དུས་གཅིག་ཏུ་ལག་བསྟར་། ངོ་མཚར་ལྡན་པ་བཅས་ཀྱི་ཁས་ལེན་མངོན་ཡོད་པ་རེད།