གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རི་དྭགས་གཙོད་སྲུང་སྐྱོབ་རུ་ཁག་བཙུགས་པ།


མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   ཟླ8པའི་ཚེས7ཉིན།    ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་སྨུག་པ་སྒང་སྲུང་སྐྱོབ་ས་ཚིགས་ཀྱི་ཉེ་འགྲམ་དུ།   གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁུལ་ཆུ་དམར་ལེབ་དོ་དམ་ཁང་གི་ལས་མི40ལས་གྲུབ་པའི་རི་དྭགས་གཙོད་སྲུང་སྐྱོབ་རུ་ཁག་གི་དར་ཆ་བསྒྲེངས་པ་དེས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རི་དྭགས་གཙོད་སྲུང་སྐྱོབ་རུ་ཁག་བཙུགས་པའི་རྟགས་མཚན་ཞིག་ཡིན།  ཁོ་ཚོས་ཐག་རིང་པོ་ནས་ལི་ཁྲི་རྩྭ་ཐང་གི་གཙོད་སྲུང་སྐྱེལ་བྱས་ཏེ།  ལོ་རེ་བཞིན་གཙོད“གཙོད་ཕྲུག་བཙའ་སའི”ཨ་ཆེན་གངས་རྒྱབ་ཀྱི་ཅོ་ནེ་མཚོ་ཡི་བར་དུ་བདེ་འཇགས་ཀྱིས་འགྲོ་འོང་བྱེད་དུ་འཇུག་བཞིན་ཡོད།  

རྒྱུས་ལོན་པ་ལྟར་ན།   ལོ་རེ་བཞིན་གཙོད་ཁྲི་ཕྲག་མང་པོ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆུ་དམར་ལེབ་ཤང་ལི་ཁྲི་སྡེ་བའི་ཉེ་འགྲམ་གྱི་ལི་ཁྲི་རྩྭ་ཐང་དུ་འཚོ་གནས་བྱེད་བཞིན་ཡོད།    ཟླ5པའི་གོང་འོག་ཏུ།   མངལ་སྦྲུམ་པའི་གཙོད་མང་པོ་གཞི་གཅིག་ཏུ་འདུས་ཏེ།  བྱང་ཕྱོགས་ཀྱི་ཨ་ཆེན་གངས་རྒྱབ་ས་ཁུལ་དུ་སོང་ནས་གཙོད་ཕྲུག་གསོ་འཕེལ་བྱེད་བཞིན་ཡོད།   གཙོད་བདེ་བླག་ངང་གཙོད་ཕྲུག་བཙའ་སར་བསླེབས་ཆེད།   གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་ཆུ་དམར་ལེབ་དོ་དམ་ཁང་གིས། རི་དྭགས་གཙོད་གནས་སྤོར་སྲུང་སྐྱོབ་བྱེད་པའི་རུ་ཁག་བཙུགས་ཏེ། གཙོད་ཁྱུ་དང་འགྲོགས་ནས་གནས་སྤོ་ས་ཚིགས་བྱང་ཕྱོགས་ཀྱི་ཨ་ཆེན་གངས་རྒྱབ་དུ་སྲུང་སྐྱེལ་བྱ་རྒྱུ་ཐག་བཅད།   གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་ཆུ་དམར་ལེབ་དོ་དམ་ཁང་གིས། ཆེས་ཕུལ་དུ་བྱུང་པའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣ40ཚན་ཆུང4རུ་བགོས་ཏེ།  སོ་སོར་ལི་ཁྲི་རྩྭ་ཐང་ནས་མཚོ་བོད་ལམ་ཐིག་བར་གྱི་སྤྱི་ལེ260ལྷག་ལ་གཙོད་སྲུང་སྐྱོབ་བྱེད་པའི་ལས་འགན་ལག་བསྟར་བྱ་རྒྱུ་རེད།

གཙོད་ཁྱུའི་གནོད་པ་ཇེ་ཉུང་ལ་གཏང་ཆེད།   སྲུང་སྐྱོབ་རུ་ཁག་གིས་འགྲིམ་འགྲུལ་སྟབས་བདེ་མིན་པའི་གནས་ཚུལ་འོག     འཕྲུལ་རྟ་དང་སྐྱ་མི་རུ་ཁག་གིས་སྲུང་སྐྱོབ་བྱ་རྒྱུ་དང་། ཟླ་གཅིག་གི་དུས་ཚོད་བེད་སྤྱད་ནས།   ལི་ཁྲི་རྩྭ་ཐང་ན་འཚོ་གནས་བྱེད་པའི་སྦྲུམ་གཙོད་སྤྱི་ལེ260ལས་བརྒལ་བ་མཚོ་བོད་གཞུང་ལམ་དུ་བསྐྱལ་རྗེས།  ཨ་ཆེན་གངས་རྒྱབ་དུ་སོང་ནས་གཙོད་ཕྲུག་བཙས་ཚར་རྗེས་ཕྱིར་སྲུང་སྐྱེལ་བྱ་རྒྱུ་དང་།   དེའི་བར་དུ་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣས་གནས་སྤོ་ཉིན་ཐོའི་ཟིན་བྲིས་འབྲི་དགོས་ལ།     གཙོད་མོ་དང་གཙོད་ཕྲུག་གི་གསོན་ཚད་ཐོ་འགོད་བྱས་ཏེ།  གཞི་རྩའི་གཞི་འཛིན་གྲངས་མཛོད་གཟུག་རྒྱུ་བྱས་ཡོད་པ་རེད།

རྒྱུས་ལོན་པ་ལྟར་ན།   སྲུང་སྐྱོབ་ཚད་གཞི་སྔར་ལས་ཇེ་མཐོར་གཏོང་ཆེད།  སྲུང་སྐྱོབ་རུ་ཁག་གིས་འབྲེལ་ཡོད་ཟིན་ཐོ་ལྟ་ཞིབ་དཔྱད་ཆས་གནས་སྤོ་གནས་ཚུལ་གྱི་ཆེད་མཁས་པ་གདན་ཞུ་གསོ་སྦྱོང་བྱེད་དུ་བཅུག་ནས།   སྲུང་སྐྱོབ་རུ་ཁག་གིས་གཙོད་ཀྱི་གོམས་གཤིས་དང་རྨས་སྐྱོན་སྣ་ཚོགས་འཕྲལ་བསྟུན་ཐག་གཅོད་བྱེད་པའི་ཐབས་ཤེས་བྱང་ཆུབ་པར་ཤེས་དགོས་ཡོད་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།