ཝང་ཀྲིན་ཧྲིན་གྱིས་གྲོས་འདོན་ལ་སྣེ་ཁྲིད་དང་མཆན་འགོད་བྱ་བའི་ཐུག་འཕྲད་གྲོས་ཚོགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཟླ8པའི་ཚེས8ཉིན་གྱི་ཕྱི་དྲོར།  ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཝང་ཀྲིན་ཧྲིན་གྱིས་གྲོས་འདོན་ལ་སྣེ་ཁྲིད་དང་མཆན་འགོད་བྱ་བའི་ཐུག་འཕྲད་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧེ་དབྱིན་ཚོགས་འདུར་ཞུགས། ཚོགས་ཐོག་ནས་གྲོས་གཞི་སྒྲུབ་པའི་ལས་ཁུངས་ཀྱིས་གྲོས་གཞི་སྒྲུབ་པའི་གནས་ཚུལ་སྙན་ཞུ་ཕུལ་བ་མ་ཟད།  ཨུ་ཡོན་རྣམས་ཀྱི་བསམ་འཆར་ལ་ཉན་པ་རེད། 

གྲོས་ཚོགས་ལས་བསྟན་དོན།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གྲོས་གཞི་སྒྲུབ་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་། ད་ལོར་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཀྱིས་གྲོས་གཞི་སྒྲུབ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་ཐག་གཅོད་གཙོ་གནད་གྲོས་གཞི་འདོན་དགོས་ཤིང་། དམིགས་ཡུལ་ནི་ཟུར་ཚད་དང་རིམ་པ་སྔར་ལས་མཐོ་བ་དང་། ཁྱབ་རྒྱ་དེ་བས་ཆེན་པོས་གྲོས་གཞི་བསྒྲུབ་པའི་ལས་དོན་ལ་སྐུལ་འདེད་བཏང་ནས། གྲོས་གཞི་སྒྲུབ་པའི་སྤུས་ཚད་མཐོ་རུ་གཏང་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། འགན་སྒྲུབ་ལས་ཁུངས་སོ་སོས་གྲོས་གཞི་བསྒྲུབ་པའི་གོ་རིམ་ཁྲོད་དུ་མཐོང་ཆེན་བྱས་ནས། ཨུ་ཡོན་རྣམས་ཀྱིས་བཏོན་པའི་བསམ་འཆར་བསྡུ་ལེན་དང་དེར་ཞིབ་འཇུག་ནན་མོ་བྱས་ཏེ། འབྲེལ་ཡོད་བྱ་བའི་ལམ་ལུགས་འཐུས་ཚང་ཞིག་གཟུག་དགོས་ལ། ཕན་འབྲས་མཐོ་ལ་བདེན་གཉེར་གྱི་བྱ་བའི་བྱེད་ཕྱོགས་ལྟར་གྲོས་གཞི་བསྒྲུབ་པའི་འོས་འགན་ཡོངས་འགྲུབ་བྱས་ནས། དངོས་འབེབས་དོན་འཁྱོལ་བྱེད་དགོས་པར་མ་ཟད། གྲོས་གཞི་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་ཏེ་ཕན་འབྲས་ལོན་པར་བྱ་དགོས་ལ། སྲིད་གྲོས་ཨུ་ཡོན་རྣམས་དང་མང་ཚོགས་ཀྱི་འདོད་བློ་དང་མཐུན་པའི་གྲོས་གཞི་བསྒྲུབ་དགོས་ཟེར། 

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།