མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འཆར་གཞི་ལ་ཆེད་མཁས་པས་ཞིབ་དཔྱད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཉེ་ཆར། ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡུལ་སྐོར་སྐྱོན་བྲལ་འཕེལ་རྒྱས་ཀྱི་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོ་ཚན་རིག་ཁང་ས་གཤིས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཁང་། པེ་ཅིན་ཕྱི་རྒྱལ་སྐད་ཡིག་སློབ་གླིང་གཉིས་པའི་ཡུལ་སྐོར་དོ་དམ་སློབ་གླིང་སོགས་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པས《 མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་འཆར་འགོད》ལ་ཆེད་མཁས་པས་དཔྱད་ཞིབ་བརྒྱུད།  ཆེད་མཁས་པ་རྣམས་ཀྱིས་འཆར་འགོད་ལག་རྩལ་དེའི་ལམ་ཕྱོགས་ཁ་གསལ་བ་དང་། བྱེད་ཐབས་ཞིབ་ཕྲ་དང་ལག་བསྟར་བྱེད་འཐུས་བཅས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཁག་གི་ས་ཁོངས་ཡོངས་ལ་ཡུལ་སྐོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོར་གཏན་འཁེལ་བྱས་པ་དང་།  ཚན་རིག་དང་མཐུན་པར་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་བཀོད་པ་བཀོད་སྒྲིག་བྱས་ཏེ།  ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་གཅིག་གྱུར་བྱ་རྒྱུའི་ཐད་རྩ་འཛིན་རང་བཞིན་གྱི་ནུས་པ་ཐོན་ཡོད་ཟེར།  

ཚོགས་ཞུགས་ཆེད་མཁས་པས་འཆར་འགོད་དེས་རྒྱལ་ཁབ་ཀྱི་འཐབ་ཇུས་ཏེ་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཀྱིལ་སྙིང་དུ་བཟུང་སྟེ།  དེང་སྐབས་རང་རེའི་ཞིང་ཆེན་གྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་དང་གནས་བབ་ཟུང་འབྲེལ་དམ་པོར་བྱས་ཐོག  སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ཀྱིས་སྣེ་ཁྲིད་དེ། མཚོ་སྔོན་གྱི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་ལ་དོ་སྣང་དང་། དམིགས་ཡུལ་གསལ་ཞིང་དམིགས་ཚད་ཁ་གསལ་བཏོན་ནས་འདུ་ཤེས་གསར་གཏོད་མངོན་གསལ་དོད་པོ་བྱས་ཡོད་པ་དང་།   ས་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱི“ས་གནས།  - ལམ་ཐིག- ངོས” བཅས་ཀྱི་འཕེལ་རྒྱས་འཛུགས་སྐྲུན་གྱིས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་འདུ་ཤེས་མཚོན་པར་བྱས་ཡོད། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ཐོན་རྫས་ཀྱི་ལས་རྣམ་གསར་པ་གསར་གཏོད་དང་།  མ་ལག་སྲིད་ཇུས་དོ་དམ་ཐད་ཚད་བརྒལ་བྱུང་ཡོད་དེ། འཆར་འགོད་འཛུགས་སྐྲུན་དེ་ཁྲོམ་ར་འཕེལ་རྒྱས་དང་གཉེར་སྐྱོང་ཕན་འབྲས་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་པ་དང་། ཅུང་ཆེ་པའི་མཛུབ་ཁྲིད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལྡན་པ་རེད།

རྨང་གཞི་དེའི་ཐོག  ཚོགས་ཞུགས་ཆེད་མཁས་པས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཆར་འགོད་འཐབ་ཇུས་ལེ་ཚན་དང་།  བཀོད་པའི་ལེ་ཚན། འགན་སྲུང་ལེ་ཚན་བཞི་ཡིས་འཆར་འགོད་ཀྱི་མཛུབ་ཁྲིད་བསམ་བློ་དང་། འཆར་གཞིའི་རྩ་དོན། སྤྱིའི་ནང་དོན།  འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་དམིགས་འབེན་ལས་འགན་ལ་གཏན་འཁེལ་བྱས་ཡོད་པ་དང་། ཆབས་ཅིག་ཏུ། འཆར་འགོད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་སྐྱོང་དང་། འགན་སྲུང་མ་ལག་སོགས་ཀྱི་ཐད་བཟོ་བཅོས་བསམ་འཆར་དང་གྲོས་འགོ་ཞིབ་ཕྲ་བཏོན་ཡོད་པ་རེད།

ལོ་ཙཱ་བ། གཡང་སྐྱིད།