བཟོ་སྐྲུན་ཨར་ལས་རིགས་ཀྱིས་མཐོ་རིམ་ལས་མིང་ལེན་ཐུབ་བམ།
2017-11-15 17:24:34  |  110.166.**.**     མཚོ་ལྷ**   ཚེ་རིང་རྡོ་རྗེ། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
བཟོ་སྐྲུན་ཨར་ལས་རིགས་ཀྱིས་མཐོ་རིམ་ལས་མིང་ལེན་ཐུབ་བམ།
2017-11-15 17:30:10  |  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན།

དྲ་གྲོགས་བདེ་མོ།  ཁྱེད་ནས་ངེད་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཆེད་ལས་རྩལ་ནུས་ཁྲུའུ་ཡི་ཁ་པར་ཨང་གྲངས0971-8258150ལ་ཁ་པར་བཏང་ནས་རྩད་འདྲི་གསལ་བོ་བྱས་ཆོག   ཐུགས་རྗེ་ཆེ།

མཚོ་སྔོན་གྱི་ལས་ལམ་གསར་འབྱེད་གླིང་ཁུལ་དུ་བསྡད་ཆོག་གམ།
2017-11-14 10:35:59  |  110.166.**.**     **   ཚེ་རྡོ། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
མཚོ་སྔོན་ལས་ལམ་གསར་འབྱེད་གླིང་ཁུལ་གྱི་ས་གནས་གང་དུ་ཡོད་དམ། ང་ཚོ་ནི་སྤོ་འགུལ་སྦྲེལ་དྲ་ལས་མཁན་ཞིག་ཡིན། ལས་ལམ་སོ་མ་འགོ་རྩམས་པའི་དུས་རིམ་ཡིན་པའི་ང་ཚོ་གླིང་ཁུལ་དུ་བསྡད་ཆོག་གམ།
2017-11-14 10:37:31  |  གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ།

ཁྱེད་བདེ་མོ། ཁྱོས་བཏོན་པའི་མཚོ་སྔོན་ན་གཞོན་ལས་ལམ་གསར་འབྱེད་གླིང་ཁུལ་གྱི་ས་གནས་གང་དུ་ཡོད་པ་དང་། ང་ཚོ་ནི་སྤོ་འགུལ་སྦྲེལ་དྲ་ལས་མཁན་ཡིན་ལ། སོ་མ་འགོ་རྩམས་པའི་དུས་རིམ་ཡིན་པའི་ང་ཚོ་གླིང་ཁུལ་དུ་འདུག་ཆོག་མིན་སྐོར་གྱི་ནང་དོན་དེ་ང་ཚོར་འབྱོར་ཡོད། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུས་ལན་བསྐྱོན་པ་གཤམ་གསལ་ལྟར།

  གཅིག མཚོ་སྔོན་ན་གཞོན་ལས་ལམ་གསར་འབྱེད་ས་གནས་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་སྐྱེ་དངོས་གླིང་ཁུལ་གྱི་ཅིན་སི་ལམ་གྱི་སྒོ་ཨང26པའི་ ཁང་བརྩེགས10རུ་ཡོད།

  གཉིས། མཚོ་སྔོན་ན་གཞོན་ལས་ལམ་གསར་འབྱེད་གླིང་ཁུལ་དུ་ཞུགས་པའི་ཆ་རྐྱེན་ནི།

  1.ཁེ་ལས་ཁྲིམས་མིའི་ལོ་ཚོད་ནི་ལོ18-40བར་ཡིན་དགོས།

  2. ངེས་པར་དུ་ཁེ་ལས་ལས་གཞིའི་དངོས་གཞི་ཆ་རྐྱེན་འཛོམས་དགོས།

  3.ཁེ་ལས་ཁྲིམས་མིའི་སློབ་གཉེར་གོ་རིམ་ནི་ཆེད་སྦྱོང་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་ཡན་ཡིན་དགོས།

  གསུམ། མཚོ་སྔོན་ན་གཞོན་ལས་ལམ་གླིང་ཁུལ་གྱི་བྱ་བའི་མི་སྣ་དང་འབྲེལ་གཏུགས་བྱ་ཐབས་ནི། 0971-8062135

  བཞི། ཁྱེད་རང་གློག་རྡུལ་ཚོང་དོན་གྱི་ལས་ལམ་གསར་འབྱེད་པ་ཞིག་ཡིན་ཚེ། མཚོ་སྔོན་ཁྲོ་ཡཱང་རྒྱལ་ཁབ་གློག་རྡུལ་ཚོང་དོན་དཔེ་སྟོན་རྟེན་གཞི་རུ་འབྲེལ་གཏུགས་བྱས་ན་བཟང་སྙམ།

  ས་གནས། མཚོ་སྔོན་ཞིང་ཆེན་ཟི་ལིང་མཁར་བྱང་ཁུལ་གྱི་ཁྲོ་ཡཱང་ནུབ་ལམ་གྱི་སྒོ་ཨང52པ། (ཐིན་ཅོན་ཟམ་པའི་འོག)

  འབྲེལ་གཏུགས་མི་སྣ། ཞབས་ཞུ་དོ་དམ་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ཧྥིང་ཧོང། ལག་ཁྱེར་ཁ་པར། 13997222392

ཁྱིམ་ཐོ་མེད་ན་རྒྱུགས་སྤྲད་ཆོག་གམ།
2017-11-14 10:28:40  |  110.166.**.**     **   ཨ་དུང་། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
ད་སྐབས་མཚོ་སྔོན་དུ་ཁྱིམ་ཐོ་མེད་རུང་། སྔ་མོ་ནས་མཚོ་སྔོན་དུ་ལོ་མང་པོར་སློབ་གྲྭ་འགྲིམས་པའི་སློབ་མའི་གྲངས་ཀ་ཅུང་མང་པོ་འདུག མཐོ་རྒྱུགས་ལེན་པའི་སྲིད་ཇུས་ཅི་འདྲ་ཡིན་མིན་མི་ཤེས་པས། ཕྱི་འོང་ཞོར་ལས་པ་དག་གི་སེམས་ཁུར་བྱེད་བཞིན་མཆིས།
2017-11-14 10:31:59  |  ན་གོར་མོ་གྲོང་ཁྱེར་སློབ་གསོ་ཅུའུ།

    སྐུ་བདེ་འམ། ཁྱེད་ཉིད་ཀྱིས་བཏོན་པའི་དྲི་བར་ན་གོར་མོ་གྲོང་ཁྱེར་སློབ་གསོ་ཅུས་ཡི་ལན་བསྐྱོན་པའི་གནས་ཚུལ་གཤམ་གསལ་ལྟར།

 མཚོ་སྔོན་སློབ་སྡུད་ཨུ་ཡོན་ལྷན་ཁང་གི་ཡིག་ཨང(2013)4དང་། 《ཞིང་ཆེན་ཕྱི་ནས་མཚོ་སྔོན་དུ་ཞོར་ལས་གཉེར་མཁན་གྱི་བུ་བུ་མོའི་རང་ཞིང་དུ་མཐོ་རྒྱུགས་ལ་ཐོ་འགོད་སྡུད་ལེན་བྱེདཔའི་ཆ་རྐྱེན་ཁ་གསབ་དོན་ཚན་སྐོར་གྱི་བརྡ་སྦྱོར》ཡིག་ཆའི་གཏན་ཁེལ་ལྟར། ཁྱིམ་བདག་དང་སློབ་མ་རང་ཉིད་གི་ཁྱིམ་ཐོ་མཚོ་སྔོན་ཁྱིམ་ཐོ་ལ་སྒྱུར་མེད་ཚེ། མཚོ་སྔོན་སློབ་སྡུད་ཨུ་ཡོན་ལྷན་ཁང་གི་ཡིག་ཨང(2011)42གཏན་ཁེལ་ལྟར་མཚོ་སྔོན་དུ་མཐོ་རྒྱུགས་ལ་མིང་ཐོ་འགོད་པའི་ཆ་རྐྱེན་དང་མི་མཐུན་མོད། སློབ་མའི་ཁྱིམ་བདག་གིས་རང་ཞིང་དུ་ལས་གཉེར་དང་ཚོང་གཉེར་བ། རང་ཞིང་དུ་སྔོན་མདོག་ཁྱིམ་ཐོ་དང་ཡང་ན་སྐབས་སྡོད་དཔང་ཡིག་བཅས་འགྲོ་ལུགས་བསྒྲུབ་ཡོད་པ། སློབ་མས་མཐོ་འབྲིང་རང་ཞིང་དུ་འགྲིམས་ནས་སློབ་མཐར་ཕྱིན་པ་ཡིན་ན། རང་ཞིང་གི་མཐོ་རྒྱུགས་ལ་ཞུགས་ཆོག་པ་མ་ཟད། རང་ཞིང་གིས་གཏན་ཁེལ་བྱས་པའི་ཆེས་དམའི་ཚོད་འཛིན་གྱི་སྐར་གྲངས་ལྟར། མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་སློབ་ཆེན་དང་ལས་རིགས་སློབ་གྲྭ། དེ་མིན་ཞིང་ཆེན་ཕྱི་ནང་གི་ཆེད་སྦྱོང་སློབ་གྲྭ་དང(ལས་རིགས་ལག་རྩལ་སློབ་གྲྭ)བཅོས་སུ་སྡུད་ལེན་བྱེད་པ་ཡིན།

སློབ་གྲྭའི་གསབ་ཁྲིད་ཐད་ཀྱི་གནད་དོན།
2017-10-13 16:57:30  |  110.166.**.**     **   ལྷ་ཆེན་རྒྱལ། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
ང་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཟུར་གཏོགས་སློབ་འབྲིང་གཉིས་པ་ན་སློབ་གཉེར་བྱེད་བཞིན་ཡོད་པའི་སློབ་མ་ཞིག་གི་ཁྱིམ་བདག་ཡིན། དེ་གའི་སློབ་འབྲིང་སློབ་ཁུལ་གསར་བར་གནས་སྤར་རྗེས་སློབ་མ་དག་ཉིན་གུང་ཕྱིར་ཡུལ་དུ་འགྲོ་མི་ཆོག་ལ་དགོང་མའི་ཆུ་ཚོད་བདུན་ལྷག་བར་དུ་གསབ་ཁྲིད་བྱེད་དགོས་པས་དེ་ལྟར་བྱས་ན་ཆོག་གམ།
2017-10-13 16:59:02  |  མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན།

        བཀུར་འོས་པའི་བློ་མཐུན་ཁྱེད་བདེ་མོ། ངེད་སློབ་གསོ་ཐིན་གྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་རྨང་གཞིའི་སློབ་གསོ་ཁྲུའུ་ལ་འབྲེལ་གཏུགས་བྱས་ཏེ་གནས་ཚུལ་ལ་རྒྱུས་ལོན་བྱེད་དགོས་པའི་བླང་བྱ་བཏོན་ཏེ། དོན་དག་དེ་སྒྲུབ་པའི་མཇུག་འབྲས་ཡིག་ལན་གཤམ་གསལ་ལྟར། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཟུར་གཏོགས་སློབ་འབྲིང་གཉིས་པའི་མཐོ་གསུམ་རིམ་པས་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་《སློབ་གྲྭ་ཆུང་འབྲིང་གི་དོ་དམ་སྔར་ལས་ཇེ་དྲག་ཏུ་བཏང་སྟེ་སློབ་སྒྲུབ་ཚལ་ལྡན་དུ་གཏན་འཁེལ་བྱས་པའི་ཐད་ཀྱི་བརྡ་སྦྱོར》དགོངས་པ་གཞིར་བཟུང་སྟེ། སློབ་མ་དག་ལ་བསྐྱར་སྦྱོང་བྱེད་དུ་བཅུག་པ་ལས་གཞན་ལོ་རིམ་གཞན་དག་གསབ་ཁྲིད་བྱེད་ཀྱིན་མེད་ཟེར། སློབ་ཁུལ་གསར་བར་གནས་སྤར་བའི་ཚུན་ལ་སློབ་གྲྭར་སློབ་མ་ཚོར་སློབ་གྲྭ་ཡོང་བའི་ལམ་བར་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་མྱོང་བའི་ཡར་ཞུ་ཡང་གཅིག་ཀྱང་འབྱོར་མ་མྱོང་ཟེར། མ་འོངས་པ་ནས་ཡང་ངེད་སློབ་གསོ་ཐིན་གྱིས་སློབ་སྒྲུབ་བྱ་བ་སྔར་ལས་ཚལ་ལྡན་དུ་བཏང་སྟེ་མི་དམངས་ཡིད་ཚུམས་པའི་སློབ་གསོ་ཞིག་བསྒྲུབ་རྒྱུ་ཡིན། ཁྱེད་ཀྱིས་སློབ་གསོའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་བྱས་པ་ཡིན། ང་ཚོས་ཐག་གཅོད་བྱས་པའི་མཇུག་འབྲས་ལ་ཡིད་མི་ཚུམས་ན་མཇུག་འབྲས་ཡི་གེ་འདི་ཁྱེར་དེ་ཉིན་སུམ་བཅུའི་ནང་ལ་སྔོན་གྱི་སྲིད་འཛིན་ལས་སྒྲུབ་ལས་ཁུངས་ཀྱི་རིམ་པ་གོང་མའི་སྲིད་འཛིན་ལས་ཁུངས་ལ་བསྐྱར་ཞིབ་བྱེད་པའི་རེ་ཞུ་བྱས་ཆོག གལ་ཏེ་གཏན་འཁེལ་བྱས་པའི་དུས་ཚོད་ལས་བརྒལ་སོང་ན་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་ཡིག་སྒམ་བྱ་བའི་ལས་ཁུངས་དང་སྲིད་འཛིན་ལས་ཁུངས་གཞན་དག་གིས་བསྐྱར་དུ་རེ་ཞུ་དང་ལེན་མི་བྱེད།





སྨན་བཅོས་འགན་སྲུང་ཐད་ཀྱི་གནད་དོན།
2017-10-13 16:51:19  |  110.166.**.**     **   བློ་བཟང་། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
ཞིང་ཆེན་གཞན་པ་ནས་སྨན་བཅོས་འགན་སྲུང་གི་སྒོར་སྤྲད་ནས་ལོ་ཚད་ལ་ཐོན་དུས་ད་ལྟའི་ལོ་ཚད་དང་གཅིག་གྱུར་བྱེད་ཐུབ་བམ། འབྲེལ་ཡོད་སྡེ་ཁག་གི་ཐམ་མནན་ཉར་ཚགས་ཕྱོགས་ཀྱི་འགྲོ་ལུགས་སྒྲུབ་དགོས་སམ།རྗེས་ནས་ལས་འཁྱུར་ངལ་གསོ་བྱས་རྗེས་འགྲོ་སོང་རྩིས་ཞུའི་ཕྱོགས་ནས་ཤུགས་རྐྱེན་ཡོད་དམ།
2017-10-13 16:52:34  |  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན།

     མིག་སྔར། རང་ཞིང་ཞིང་ཆེན་རིམ་པའི་ལས་བཟོ་སྨན་བཅོས་འགན་སྲུང་མི་སྣ་རུ་ཞུགས་ནས་གལ་ཏེ་ལས་ཁུར་དགོངས་ཞུ་བྱས་སྟེ་ས་གནས་གཞན་པར་སོང་ན། གནས་ཚུལ་གཉིས་ཡོད་དེ། གཅིག གལ་ཏེ་ས་གནས་གཞན་པའི་ལས་ཁུངས་ཅིག་ནས་མུ་མཐུད་ལས་ཞུགས་བྱེད་ན།ལས་ཁུངས་གསར་བ་ནས་གྲོང་རྡལ་ལས་བཟོ་སྨན་བཅོས་འགན་སྲུང་དང་།ས་ཁུལ་གསར་བའི་སྨན་བཅོས་འགན་སྲུང་ལག་འགྲིམ་སྒྲིག་གཞི《གཞི་རྩའི་སྨན་བཅོས་འགན་བཅོལ་འབྲེལ་བ་གནས་སྤོ་་མཐུད་འབྲེལ་ཡི་གེ》སྒྲུབས་དགོས།ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ལ་འབྲེལ་གཏུགས་ཡི་གེ་《སྨན་བཅོས་འགན་སྲུང་ནང་ཞུགས་པའི་འཛིན་ཡིག》འབྱོར་རྗེས་དཔར་འགྲེམ་བྱས་ཏེ།ས་ཁུལ་གསར་བར་སྨན་བཅོས་འགན་སྲུང་ལག་འགྲིམ་སྒྲིག་གཞིར་《སྨན་བཅོས་འགན་སྲུང་ནང་ཞུགས་པའི་འཛིན་ཡིག》འབྱོར་རྗེས།མ་གཞི་ནས་འགན་སྲུང་ནང་ཞུགས་པའི་ལོ་ཚད་རྒྱུན་མཐུད་བྱས་ཆོག གཉིས། ལས་འཁྱུར་ངལ་གསོའི་དུས་ལ་ཐོན་དུས་ཕྱིར་མཚོ་སྔོན་དུ་ལོག་ན། མཚོ་སྔོན་ནས་ལས་ཞུགས་ལས་ཁུངས་མེད་པས་ས་གནས་ཁྱིམ་ཐོ་ཁོ་ན་ཐོགས་ནས་སྡོད་དམངས་སྨན་བཅོས་འགན་སྲུང་སྒྲུབ་དགོས། མིག་སྔར། གྲོང་རྡལ་སྡོད་དམངས་སྨན་བཅོས་འགན་སྲུང་སྤྲོད་པའི་ལོ་ཡི་ཚད་བཀག་གི་གཏན་ཁེལ་མེད། གཉིས། གལ་ཏེ་ས་གནས་གཞན་པ་སོང་རྗེས་ལས་ཞུགས་ལས་ཁུངས་མི་བརྟན་ན། གྲོང་རྡལ་ལས་བཟོ་སྨན་བཅོས་འགན་སྲུང་ནང་ཞུགས་མི་ཐུབ། ཡིན་ནའང་མཚོ་སྔོན་གྱི་ས་གནས་ཁྱིམ་ཐོ་སྟེང་གང་ལ་གང་འཚམ་གྱི་ལས་ཞུགས་མི་སྣ་ལས་བཟོ་སྨན་བཅོས་འགན་སྲུང་སྒྲུབ་ན།ལས་འཁྱུར་ངལ་གསོ་བྱས་རྗེས་ལས་བཟོའི་སྨན་བཅོས་འགན་སྲུང་གི་གླ་ཕོག་རོལ་མྱོང་བྱེད་ཐུབ། གལ་ཏེ་ད་རུང་འདྲི་རྒྱུ་ཡོད་ཡོད་ན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ལ་ཁ་པར་བཏང་ནས་བློ་འདྲི་བྱས་ཆོག ཁ་པར་ཨང་གྲངས0971-8213983



བར་འདུག་དགོས་པའི་རྒྱུ་མཚན་ཅི།
2017-10-13 16:45:47  |  110.166.**.**     **   རྡོ་རྗེ། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
ལོ་སྔོན་མ་དག་གི་ནང་ཟི་ལིང་དང་མཚོ་ཤར་སོགས་ཀྱི་ས་ཁུལ་ན་བཀོལ་བའི་སྡོད་ཁང་གི་སྤྱི་གསོག་དངུལ་དངུལ་བུན་བླངས་ན་བར་འདུག་པ་མི་དགོས་པས།ཅི་ཞིག་ལ་མཚོ་བྱང་ཁུལ་ལ་ད་རུང་བར་འདུག་པ་དགོས་པ་རེད།
2017-10-13 16:48:35  |  ཀྲུང་གུང་མཚོ་བྱང་ཁུལ་ཨུའུ་ལྟ་ཞིབ་ཁང་།

    བརྟག་དཔྱད་བྱས་པ་བརྒྱུད།སྡོད་ཁང་གི་གཞུང་གསོག་དངུལ་བུན་བླངས་ན་བར་འདུག་དགོས་པ་རེད།ཁྲིམས་ལུགས་གཞིར་འཛིན་ས་ནི་ཀྲུང་གོ་མི་དམངས་དངུལ་ཁང་《སྒེར་གྱི་སྡོད་ཁང་འགན་སྲུང་དངུལ་དོ་དམ་བྱ་ཐབས》གྱི་འབྲེལ་ཡོད་གཏན་ཁེལ་ལྟར། མི་སྒེར་གྱི་སྡོད་ཁང་གི་དངུལ་བུན་ལེན་པ་ལ་ངེས་པར་དུ་གཏའ་མ་འཇོག་པ་དང་ཁག་ཐེག་མི་སྣའི་ཁག་ཐེག་བྱེད་ཐབས་འདོན་སྤྲོད་བྱེད་དགོས།མཚོ་བྱང་ཁུལ་གྱིས1998ལོ་ནས་བཟུང་མི་སྒེར་གྱི་སྡོད་ཁང་གི་སྤྱི་གསོག་དངུལ་དངུལ་བུན་ལེན་པ་སྒྲུབ་པ་དང་། ཁག་ཐེག་བྱེད་ཐབས་ནི་ལས་བཟོ་བའི་སྡོད་ཁང་སྤྱི་གསོག་དངུལ་མཉམ་དུ་ཁག་ཐེག་བྱེད་པ་ཡིན་སྟེ། 2010ལོའི་ཟླ9ནས་བཟུང་།ཁག་ཐེག་བྱེད་ཐབས་ལས་བཟོ་བའི་སྡོད་ཁང་སྤྱི་གསོག་དངུལ་མཉམ་དུ་ཁག་ཐེག་དང་སྡོད་ཁང་གཏའ་མ་འཇོག་པ་གཉིས་ཡོད། སྔར་ལས་ལྷག་པའི་རང་ཞིང་གི་སྡོད་ཁང་སྤྱི་གསོག་དངུལ་གྱི་དངུལ་བུན་སྤྱོད་ལམ་ཇེ་ལེགས་སུ་གཏོང་ཆེད།ད་ལོར་ཞིབ་འཇུག་བྱས་སྟེ《མཚོ་བྱང་ཁུལ་སྡོད་ཁང་གཞུང་གསོག་དངུལ་གྱི་མི་སྒེར་སྡོད་ཁང་དངུལ་བུན་འགྲོ་ལུགས་སྒྲུབ་པའི་ལས་རིམ》དངོས་སུ་དོན།གཞན་ད་དུང་《མདོ་ལ་རི་བོའི་ཚགས་པར་》སྟེང་བཀོད་སྟེ་ཁྱབ་བསྒྲགས་བྱས། རྒྱུས་ལོན་གསལ་བོར་བྱེད་འདོད་ན0970—8643110ཁ་པར་གཏོང་རོགས།