ཁ་པར་འཕྲིན་གྱི་ཕོ་ཉ། ཁྱེད་ཀྱི་འཚོ་བའི་གྲོགས་པོ།

    ཁ་པར་འཕྲིན་གྱི་ཕོ་ཉ། ཁྱེད་ཀྱི་འཚོ་བའི་གྲོགས་པོ།

    ཁ་པར་འཕྲིན་གྱི་ཕོ་ཉ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུས་གཙོ་སྒྲུབ་བྱས་ཤིང་མཚོ་སྔོན་ཞིང་ཆེན་རྒྱལ་སྤྱི་སྦྲེལ་དྲ་གསར་འགྱུར་ལྟེ་གནས་ཀྱིས་སྒྲུབ་འགན་ཁུར་བ་ཡིན་ལ།དེ་ནི་མཚོ་སྔོན་བོད་ཁུལ་གྱི་རྒྱ་ཆེ་བའི་བོད་པ་མང་ཚོགས་ཀྱི་ཁོར་ཡུག་དང་གནས་བབ། ཆ་རྐྱེན་བཅས་ལ་དམིགས་ནས་ཆེད་དུ་བཙུགས་པའི་སྟབས་བདེ་ཆ་འཕྲིན་སྟེགས་བུ་ཞིག་ཡིན། དེར་གསར་འགྱུར་དང་སྲིད་ཇུས། བཅའ་ཁྲིམས་དང་འཚོ་བའི་རྒྱུན་ཤེས། རིག་རྩལ་ལ་སོགས་པའི་ལེ་ཚན་གང་མང་བཙུགས་ཡོད། ཉིན་རེའི་ཕྱི་དྲོའི་དུས་ཚོད་ལྔ་དང་ཕྱེད་ཀའི་ཡས་མས་སུ་ཚོན་འཕྲིན་གྱི་ལམ་ནས་ཁ་པར་ལ་བསྐུར་བ་ཡིན། ཁ་པར་བཀོལ་མཁན་རྣམས་ཀྱིས་སྐད་རིན་ནི་ཅི་ཡང་སྟེར་མི་དགོས་པ་ཡིན།

    བོད་རིགས་མང་ཚོགས་ཀྱིས་ཁ་པར་འཕྲིན་གྱི་ཕོ་ཉ་སྤོ་སྒུལ་དུ་ནང་འཇུག་དང་ཕྱིར་ལེན་བྱེད་པར་སྟབས་བདེ་བཟོ་ཆེད།མཚོ་སྔོན་བོད་སྐད་ཁ་པར་འཕྲིན་གྱི་ཕོ་ཉ་སྤོ་སྒུལ་ཁ་པར་དུ་ནང་འཇུག་བྱེད་ཐབས་ནི། གྲངས་ཀ102དེ་ཁ་པར་ཨང་གྲངས10639678འདིའི་སྟེང་ལ་བསྐུར་ན། ཁ་པར་འཕྲིན་གྱི་ཕོ་ཉ་རང་གི་ཁ་པར་ནང་ལ་འཇུག་ཐུབ་པ་དང་། མཚོ་སྔོན་བོད་སྐད་ཁ་པར་འཕྲིན་གྱི་ཕོ་ཉ་གློག་འཕྲིན་ཁ་པར་དུ་ནང་འཇུག་བྱེད་ཐབས་ནི། གྲངས་ཀ2དེ་ཁ་པར་ཨང་གྲངས10639678སྟེང་ལ་བསྐུར་ན། ཁ་པར་འཕྲིན་གྱི་ཕོ་ཉ་དེ་རང་གི་ཁ་པར་ནང་དུ་འཇུག་ཐུབ།

    རྒྱ་ཆེ་བའི་བོད་རིགས་མང་ཚོགས་ཀུན་གྱིས་ཁ་པར་འཕྲིན་གྱི་ཕོ་ཉ་ནང་འཇུག་བྱེད་པར་དགའ་བསུ་ཞུ།

    འབྲེལ་གཏུག་ཁ་པར། 1971-8456492ཡིན།

    མཚོ་སྔོན་ཞིང་ཆེན་རྒྱལ་སྤྱི་སྦྲེལ་དྲ་གསར་འགྱུར་ལྟེ་གནས་ནས།

    2015ལོའི་ཟླ11པའི་ཚེས24ཉིན།