ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་པུའུ་ཡི་བཀའ་ཁྱབ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2012-12-24 16:53:03      རྩོམ་སྒྲིག་པ། : ཕག་མོ།

        ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་པུའུ་ཡི་བཀའ་ཁྱབ།

        ཨང58པ།

        《རྩྭ་ཐང་བསྡུ་སྤྱོད་དང་འཛིན་སྤྱོད་ལ་ཞིབ་བཤེར་ཞིབ་མཆན་འགོད་པར་དོ་དམ་བྱེད་ཐབས།》ལ1996ལོའི་ཟླ1པོའི་ཚེས16ཉིན་ཞིང་ལས་པུའུ་ཡི་རྒྱུན་ལས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན་ལ། 2006ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་དགོས།པུའུ་ཀྲང་། ཏུའུ་ཆིན་ལིན།22006ལོའི་ཟླ1པོའི་ཚེས27ཉིན།རྩྭ་ཐང་བསྡུ་སྤྱོད་དང་འཛིན་སྤྱོད་ལ་ཞིབ་བཤེར་ཞིབ་མཆན་འགོད་པར་དོ་དམ་བྱེད་ཐབས།དོན་ཚན་དང་པོ། རྩྭ་ཐང་བསྡུ་སྤྱོད་དང་འཛིན་སྤྱོད་བྱེད་པར་ལྟ་སྐུལ་དོ་དམ་ཐད་ཤུགས་སྣོན་པ་དང་། རྩྭ་ཐང་བསྡུ་སྤྱོད་དང་འཛིན་སྤྱོད་ལ་ཞིབ་བཤེར་དང་ཞིབ་མཆན་འགོད་པ་ཚད་ལྡན་དུ་གཏོང་བ། རྩྭ་ཐང་གི་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་དང་། རོང་འབྲོག་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》ཀྱི་གཏན་ཕབ་ལྟར་བྱེད་ཐབས་འདི་གཏན་འབེབ་བྱས་པ་ཡིན།དོན་ཚན་གཉིས་པ། བྱེད་ཐབས་འདི་གཤམ་གསལ་གྱི་གནས་ཚུལ་ལ་སྤྱོད་གོ་ཆོད་པ་ཡིན།(གཅིག)གཏེར་ཁ་སྔོག་འདོན་དང་བཟོ་སྐྲུན་འཛུགས་སྐྲུན་སོགས་ལ་རྩྭ་ཐང་བསྡུ་སྤྱོད་དང་བཀོལ་སྤྱོད་བྱེད་དགོས་པར་ཞིབ་བཤེར་བྱེད་པ།(གཉིས)རྩྭ་ཐང་གནས་སྐབས་སུ་འཛིན་སྤྱོད་བྱེད་པར་ཞིབ་བཤེར་བྱེད་པ།(གསུམ)རྩྭ་ཐང་སྟེང་དུ་ཐད་ཀར་རྩྭ་ཐང་སྲུང་སྐྱོང་དང་ཕྱུགས་ལས་ཐོན་སྐྱེད་ལ་ཞབས་འདེགས་ཞུ་བའི་བཟོ་སྐྲུན་སྒྲིག་བཀོད་བསྐྲུན་པར་རྩྭ་ཐང་བཀོལ་བར་ཞིབ་མཆན་འགོད་པ།དོན་ཚན་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྩྭ་ཐང་བསྡུ་སྤྱོད་དང་འཛིན་སྤྱོད་ལ་ཞིབ་བཤེར་དང་ཞིབ་མཆན་འགོད་པའི་བྱ་བར་འགན་ཁུར་དགོས།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་རྩྭ་ཐང་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་བྱེ་བྲག་གི་འབྲེལ་ཡོད་བྱ་བའི་འགན་ཁུར་དགོས།དོན་ཚན་བཞི་བ། རྩྭ་ཐང་ནི་འཐབ་ཇུས་ཐོན་ཁུངས་གལ་ཆེན་ཡིན་པས། རྒྱལ་ཁབ་ཀྱིས་རྩྭ་ཐང་ཐོན་ཁུངས་སྲུང་སྐྱོང་བྱས་ནས། གཞི་རྩའི་རྩྭ་ཐང་སྲུང་སྐྱོང་ལམ་ལུགས་ལག་བསྟར་བྱས་ཏེ། རྩྭ་ཐང་སྤྱོད་ཡུལ་གཞན་པར་སྒྱུར་བར་ཚོད་འཛིན་ནན་མོ་བྱེད་དགོས།དོན་ཚན་ལྔ་བ། གཏེར་ཁ་སྔོག་འདོན་དང་བཟོ་སྐྲུན་འཛུགས་སྐྲུན། བཟོ་སྐྲུན་སྒྲིག་བཀོད་གསར་སྐྲུན་བྱེད་སྐབས་རྩྭ་ཐང་འཛིན་སྤྱོད་མི་བྱེད་པའམ་ཉུང་སྤྱོད་བྱེད་དགོས། རྒྱལ་ཁབ་ཀྱི་གཙོ་གནད་བཟོ་སྐྲུན་ལས་གཞི་ལས་གཞན། གཞི་རྩའི་རྩྭ་ཐང་འཛིན་སྤྱོད་བྱས་མི་ཆོགདོན་ཚན་དྲུག་པ། གཏེར་ཁ་སྔོག་འདོན་དང་བཟོ་སྐྲུན་འཛུགས་སྐྲུན་བྱེད་པར་དངོས་གནས་རྩྭ་ཐང་བསྡུ་སྤྱོད་དམ་བཀོལ་སྤྱོད་བྱེད་དགོས་ཚེ། གཤམ་གསལ་གྱི་གཏན་ལ་ཕབ་པའི་དབང་ཚད་ལྟར་སྒྲུབ་དགོས་ཏེ། (གཅིག)རྩྭ་ཐང་བསྡུ་སྤྱོད་དམ་བཀོལ་སྤྱོད་བྱེད་ཚད་ཀུང་ཆིན་བདུན་བཅུ་ལས་བརྒལ་བར་ཞིང་ལས་པུའུ་ཡིས་ཞིབ་བཤེར་བྱེད་དགོས།(གཉིས)རྩྭ་ཐང་བསྡུ་སྤྱོད་དམ་བཀོལ་སྤྱོད་བྱེད་ཚད་ཀུང་ཆིན་བདུན་བཅུ་དང་དེའི་མན་དུ་ཡོད་པར། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་བྱེད་དགོས།དོན་ཚན་བདུན་པ། བཟོ་སྐྲུན་འཛུགས་སྐྲུན་དང་རྩད་ཞིབ། གནས་སྐོར་སོགས་ཀྱི་ཆེད་དུ་རྩྭ་ཐང་གནས་སྐབས་སུ་དངོས་གནས་འཛིན་སྤྱོད་བྱེད་དགོས་ཚེ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་གིས་རང་གནས་སའི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་གཏན་ཁེལ་བྱས་པའི་དབང་ཚད་ལྟར་རིམ་པ་བགོས་ནས་ཞིབ་བཤེར་བྱེད་དགོས།རྩྭ་ཐང་གནས་སྐབས་སུ་འཛིན་སྤྱོད་བྱེད་པའི་དུས་བཅད་ལོ་གཉིས་ལས་བརྒལ་མི་ཆོག་པ་མ་ཟད། གནས་སྐབས་སུ་འཛིན་སྤྱོད་བྱས་པའི་རྩྭ་ཐང་སྟེང་གཏན་ཆགས་ཀྱི་བཟོ་བཀོད་སྐྲུན་མི་ཆོག་པ་དང་། འཛིན་སྤྱོད་དུས་བཅད་ལོངས་རྗེས་རྩྭ་ཐང་བེད་སྤྱོད་མཁན་སྡེ་ཚན་ནམ་མི་སྒེར་གྱིས་རྩྭ་ཐང་གི་སྔོ་ཁེབས་སླར་གསོ་བྱེད་དགོས་པ་མ་ཟད། དུས་ཐོག་ཏུ་ཕྱིར་སྤྲོད་དགོས།དོན་ཚན་བརྒྱད་པ། རྩྭ་ཐང་སྟེང་དུ་ཐད་ཀར་རྩྭ་ཐང་སྲུང་སྐྱོང་དང་ཕྱུགས་ལས་ཐོན་སྐྱེད་ལ་ཞབས་འདེགས་ཞུ་བའི་བཟོ་སྐྲུན་སྒྲིག་བཀོད་བསྐྲུན་པར་རྩྭ་ཐང་དངོས་གནས་བཀོལ་དགོས་པར། གཤམ་གསལ་གྱི་གཏན་ལ་ཕབ་པའི་དབང་ཚད་ལྟར་སྒྲུབ་དགོས་ཏེ།(གཅིག)རྩྭ་ཐང་བཀོལ་སྤྱོད་བྱེད་ཚད་ཀུང་ཆིན་བདུན་བཅུ་ལས་བརྒལ་བ་ལ། ཞིང་ལས་པུའུ་ཡིས་ཞིབ་བཤེར་ཆོག་མཆན་འགོད་དགོས།(གཉིས)རྩྭ་ཐང་བཀོལ་སྤྱོད་བྱེད་ཚད་ཀུང་ཆིན་བདུན་བཅུ་དང་དེའི་མན་དུ་ཡོད་པར། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རང་གནས་སའི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་གཏན་ལ་ཕབ་པའི་ཞིབ་བཤེར་མཆན་འགོད་ཀྱི་དབང་ཚད་ལྟར་ཞིབ་མཆན་འགོད་དགོས།བཟོ་སྐྲུན་གཞན་པ་བསྐྲུན་ནས་རྩྭ་ཐང་དེ་ཕྱུགས་ལས་མིན་པའི་ཐོན་སྐྱེད་ཀྱི་སྤྱོད་ཡུལ་དུ་སྒྱུར་དགོས་ཚེ། བྱེད་ཐབས་འདིའི་དོན་ཚན་དྲུག་པའི་གཏན་ཕབ་ལྟར་སྒྲུབ་དགོས།ཚན་པ་དང་པོའི་ནང་བསྟན་པའི་ཐད་ཀར་རྩྭ་ཐང་སྲུང་སྐྱོང་དང་ཕྱུགས་ལས་ཐོན་སྐྱེད་ལ་ཞབས་འདེགས་ཞུ་བའི་བཟོ་སྐྲུན་སྒྲིག་བཀོད་ཅེས་པ་ནི། (གཅིག)རྩྭའི་ས་བོན་དང་གཟན་རྩྭ་གཟན་ཆས་ཐོན་སྐྱེད་དང་གསོག་གཉེར་བྱེད་པའི་སྒྲིག་བཀོད།(གཉིས)ཕྱུགས་ར་དང་སྦྱོར་སྡེབ་བྱེད་ས། བལ་འབྲེག་ས། སྨན་རྫིང་། མི་ཕྱུགས་ཀྱི་བཏུང་ཆུ་སྒྲིག་བཀོད།(གསུམ)ཚན་ཞིབ་དང་ཚོད་ལྟ། དཔེ་སྟོན་བཅས་ཀྱི་རྟེན་གཞི།(བཞི)རྩྭ་ཐང་གི་མེ་འགོག་དང་ཆུ་འདྲེན་པའི་སྒྲིག་བཀོད།དོན་ཚན་དགུ་བ། རྩྭ་ཐང་བསྡུ་སྤྱོད་དང་འཛིན་སྤྱོད་བྱེད་པར་གཤམ་གསལ་གྱི་ཆ་རྐྱེན་དང་མཐུན་དགོས་ཏེ།(གཅིག)རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་མཐུན་དགོས་ཤིང་། རྒྱལ་ཁབ་ཀྱིས་བཀའ་ཁྱབ་བསྒྲགས་ནས་གཏན་འགོག་བྱེད་པའི་ལས་གཞི་ཡིན་ཕྱིན་རྩྭ་ཐང་བསྡུ་སྤྱོད་དམ་འཛིན་སྤྱོད་བྱས་མི་ཆོག(གཉིས)རང་གནས་སའི་རྫོང་རིམ་པའི་རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་བེད་སྤྱོད་འཆར་གཞི་དང་མཐུན་ཞིང་། བཀོལ་བའི་རྒྱ་ཁྱོན་ནམ་གནས་སྐབས་སུ་འཛིན་སྤྱོད་ཀྱི་དུས་བཅད་གསལ་བོ་ཡོད་དགོས།(གསུམ)རང་གནས་སའི་སྐྱེ་ཁམས་ཁོར་ཡུག་དང་ཕྱུགས་ལས་ཐོན་སྐྱེད། རོང་འབྲོག་པའི་འཚོ་བར་གནོད་རྐྱེན་ཆེན་པོ་མི་བཟོ་བ།(བཞི)རྩྭ་ཐང་བསྡུ་སྤྱོད་དང་འཛིན་སྤྱོད་བྱེད་པར་རྩྭ་ཐང་གི་བདག་པོའམ་བཀོལ་སྤྱོད་མཁན་འཐད་དགོས་པ་དང་། འགན་གཙང་ལེན་གྱིས་བདག་གཉེར་བྱེད་བཞིན་པའི་རྩྭ་ཐང་བསྡུ་སྤྱོད་དང་འཛིན་སྤྱོད་བྱེད་པར། ད་དུང་རྩྭ་ཐང་འགན་གཙང་ལེན་གྱིས་བདག་གཉེར་བྱེད་མཁན་བར་སྐྱིན་ཚབ་སྟེར་བའི་གྲོས་མཐུན་འབྱུང་དགོས།(ལྔ)རྩྭ་ཐང་གནས་སྐབས་སུ་འཛིན་སྤྱོད་བྱེད་པར། རྩྭ་ཐང་གི་སྔོ་ཁེབས་སླར་གསོ་འཆར་གཞི་ཡོད་དགོས།(དྲུག)རེ་འདུན་ཡིག་རིགས་ཁ་ཚང་ཞིང་བཅོས་མིན་ངོ་མ་ཡིན་དགོས།(བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་ལ་ཕབ་པའི་ཆ་རྐྱེན་གཞན་པ།དོན་ཚན་བཅུ་བ། རྩྭ་ཐང་བསྡུ་སྤྱོད་དང་འཛིན་སྤྱོད་མཁན་སྡེ་ཚན་ནམ་མི་སྒེར་གྱིས་ཞིབ་བཤེར་མཆན་འགོད་དབང་ཚད་ལྡན་པའི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་རྩྭ་ཐང་བསྡུ་སྤྱོད་དམ་འཛིན་སྤྱོད་རེ་འདུན་ཞུ་དགོས།དོན་ཚན་བཅུ་གཅིག་པ། གཏེར་ཁ་སྔོག་འདོན་དང་བཟོ་སྐྲུན་འཛུགས་སྐྲུན་སོགས་ལ་རྩྭ་ཐང་དངོས་གནས་བསྡུ་སྤྱོད་དམ་བཀོལ་སྤྱོད་བྱེད་དགོས་པའི་སྡེ་ཚན་ནམ་མི་སྒེར་གྱིས《རྩྭ་ཐང་བསྡུ་སྤྱོད་དམ་འཛིན་སྤྱོད་རེ་འདུན་ཞུ་བའི་རེའུ་མིག》སྐོང་འབྲི་བྱེད་པའི་ཆབས་ཅིག་ཏུ། གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱེད་དགོས་ཏེ།(གཅིག)ལས་གཞིར་ཆོག་མཆན་བཀོད་པའི་ཡིག་ཆ།(གཉིས)རྩྭ་ཐང་བདག་དབང་བདེན་དཔང་ཡིག་རིགས།(གསུམ)འཇོན་ནུས་ལྡན་པའི་ཇུས་འགོད་སྡེ་ཚན་གྱིས་བཏོན་པའི་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་མིན་གྱི་གདེང་འཇོག་ནང་དོན་འདུས་པའི་ལས་གཞིའི་ཐད་རྩྭ་ཐང་བཀོལ་ཆོག་པའི་སྙན་ཞུ།(བཞི)རྩྭ་ཐང་བདག་དབང་ཡོད་མཁན་དང་བཀོལ་མཁན་ནམ་འགན་གཙང་ལེན་གྱིས་བདག་གཉེར་བྱེད་མཁན་བར་དུ་བཞག་པའི་རྩྭ་ཐང་གི་ཁ་གསབ་གྲོན་དངུལ་དང་བཀོད་སྒྲིག་གི་ཁ་གསབ་རོགས་དངུལ་སོགས་ཁ་གསབ་སྟེར་བའི་གྲོས་ཆིངས།གནས་སྐབས་སུ་རྩྭ་ཐང་འཛིན་སྤྱོད་བྱེད་པར། དོན་ཚན་སྔོན་མའི་ཚན་པ(གཉིས)དང(གསུམ)ལས་གཏན་ལ་ཕབ་པའི་དཔྱད་གཞིའི་ཡིག་རིགས་དང་རྩྭ་ཐང་གི་སྔོ་ཁེབས་སླར་གསོ་འཆར་གཞི། རྩྭ་ཐང་གི་བདག་པོ་དང་བེད་སྤྱོད་མཁན་ནམ་འགན་གཙང་ལེན་གྱིས་བདག་གཉེར་བྱེད་མཁན་བར་བཞག་པའི་རྩྭ་ཐང་གི་སྐྱིན་ཚབ་གྲོན་དངུལ་སོགས་སྐྱིན་ཚབ་གྲོས་ཆིངས་འདོན་སྤྲོད་བྱེད་དགོས།ཐད་ཀར་རྩྭ་ཐང་སྲུང་སྐྱོང་དང་ཕྱུགས་ལས་ཐོན་སྐྱེད་ལ་ཞབས་འདེགས་ཞུ་བའི་བཟོ་སྐྲུན་སྒྲིག་བཀོད་བསྐྲུན་པར་རྩྭ་ཐང་བཀོལ་སྤྱོད་བྱེད་པར། དོན་ཚན་དང་པོའི་ཚན་པ(གཅིག)དང(གཉིས)། (བཞི)བཅས་ལས་གཏན་ལ་ཕབ་པའི་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱེད་དགོས།དོན་ཚན་བཅུ་གཉིས་པ། རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རེ་འདུན་ཐག་གཅོད་རྒྱུ་དང་དུ་བླངས་པའི་ཉིན་ནས་བཟུང་བྱ་བ་སྒྲུབ་ཉིན་ཉི་ཤུའི་ནང་དུ་ཞིབ་བཤེར་རམ་ཞིབ་མཆན་འགོད་པའི་བྱ་བ་ཡོངས་འགྲུབ་བྱེད་དགོས།བྱ་བ་སྒྲུབ་ཉིན་ཉི་ཤུའི་ནང་དུ་ཡོངས་འགྲུབ་བྱེད་མི་ཐུབ་ཚེ། སྡེ་ཁག་རང་གི་འགན་ཁུར་བས་ཆོག་མཆན་བཀོད་པ་བརྒྱུད། བྱ་བ་སྒྲུབ་ཉིན་བཅུ་ཇེ་རིང་དུ་བཏང་ཆོག་པ་མ་ཟད། རེ་འདུན་ཞུ་མཁན་ལ་སྒྲུབ་ཡུན་ཇེ་རིང་དུ་བཏང་བའི་རྒྱུ་མཚན་བཤད་དགོས།དོན་ཚན་བཅུ་གསུམ་པ། རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་བསྡུ་སྤྱོད་དང་བཀོལ་སྤྱོད་བྱ་རྒྱུ་རེ་འདུན་ཞུ་བའི་རྩྭ་ཐང་གནས་ཡུལ་དངོས་སུ་ཞིབ་བཤེར་རྩིས་ལེན་བྱེད་པ་དང་། རྩྭ་ཐང་གི་རྒྱ་ཁྱོན་སོགས་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་མ་ཟད། 《རྩྭ་ཐང་བསྡུ་སྤྱོད་བཀོལ་སྤྱོད་གནས་ཡུལ་དངོས་ཀྱི་ཞིབ་བཤེར་རྩིས་ལེན་རེའུ་མིག》སྐོང་འབྲི་བྱེད་དགོས།རྩྭ་ཐང་གནས་ཡུལ་དངོས་སུ་ཞིབ་བཤེར་རྩིས་ལེན་བྱེད་མཁན་མི་གསུམ་ལས་ཉུང་མི་རུང་བ་དང་། དེའི་ནང་དུ་འབྲིང་རིམ་ཡན་གྱི་ལས་ཐོབ་ལྡན་པའི་འབྲེལ་ཡོད་ཆེད་ལས་ལག་རྩལ་མི་སྣ་གཉིས་ཡན་ཡོད་དགོས།བསྡུ་སྤྱོད་དང་བཀོལ་སྤྱོད་བྱ་རྒྱུ་རེ་འདུན་ཞུ་བའི་རྩྭ་ཐང་གི་བརྙན་རིས་སམ་འདྲ་པར་དཔྱད་གཞིའི་རྒྱུ་ཆ་དང་ས་སྟེང་གི་བཟོ་བཀོད། རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལྟ་ཉན་བྱའི་རྒྱུ་ཆ་དེ《རྩྭ་ཐང་བསྡུ་སྤྱོད་བཀོལ་སྤྱོད་གནས་ཡུལ་དངོས་ཀྱི་ཞིབ་བཤེར་རྩིས་ལེན་རེའུ་མིག》གི་ཟུར་བཀོད་རྒྱུ་ཆ་བྱས་ཆོགདོན་ཚན་བཅུ་བཞི་བ། གནས་ཡུལ་དངོས་ཞིབ་བཤེར་བྱེད་མཁན་གྱིས《རྩྭ་ཐང་བསྡུ་སྤྱོད་དང་འཛིན་སྤྱོད་རེ་འདུན་ཞུ་བའི་རེའུ་མིག》སྟེང་ཞིབ་བཤེར་བསམ་འཆར་འབྲི་དགོས་པ་མ་ཟད། 《རྩྭ་ཐང་བསྡུ་སྤྱོད་བཀོལ་སྤྱོད་གནས་ཡུལ་དངོས་ཀྱི་ཞིབ་བཤེར་རྩིས་ལེན་རེའུ་མིག》དང་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་གཞན་པ་མཉམ་དུ་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཞིབ་བཤེར་བྱེད་པར་འབུལ་དགོས།དོན་ཚན་བཅོ་ལྔ་བ། གཏེར་ཁ་སྔོག་འདོན་དང་བཟོ་སྐྲུན་འཛུགས་སྐྲུན་སོགས་བྱེད་པར་དངོས་གནས་རྩྭ་ཐང་བསྡུ་སྤྱོད་དམ་བཀོལ་སྤྱོད་བྱེད་པའི་རེ་འདུན་དེར་ཞིབ་བཤེར་བྱས་ནས་ཡིད་འཐད་བྱུང་བ་ལ། རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རེ་འདུན་ཞུ་མཁན་ལ《རྩྭ་ཐང་བསྡུ་སྤྱོད་བཀོལ་སྤྱོད་བྱེད་པར་ཞིབ་བཤེར་ཡིད་འཐད་ཡེ་གེ》སྟེར་དགོས་པ་མ་ཟད། ད་དུང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》ཀྱི་གཏན་ཕབ་ལྟར་རྩྭ་ཐང་གི་སྔོ་ཁེབས་སླར་གསོ་གྲོན་དངུལ་སྔ་བསྡུ་བྱེད་དགོས། ཞིབ་བཤེར་བྱས་ནས་མི་འཐད་ན《རྩྭ་ཐང་བསྡུ་སྤྱོད་དང་འཛིན་སྤྱོད་རེ་འདུན་ཞུ་བའི་རེའུ་མིག》སྟེང་མི་འཐད་པའི་རྒྱུ་མཚན་གསལ་བོར་བཤད་པ་དང་། ཡིག་ཐོག་ནས་རེ་འདུན་ཞུ་མཁན་ལ་བརྡ་སྤྲོད་དགོས།རེ་འདུན་ཞུ་མཁན་གྱིས《རྩྭ་ཐང་བསྡུ་སྤྱོད་བཀོལ་སྤྱོད་བྱེད་པར་ཞིབ་བཤེར་ཡིད་འཐད་ཡེ་གེ》ལ་བརྟེན་ནས་ཁྲིམས་ལྟར་ས་ཞིང་དོ་དམ་སྡེ་ཁག་ལ་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་ཞིབ་བཤེར་མཆན་འགོད་འགྲོ་ལུགས་སྒྲུབ་པའི་རེ་འདུན་ཞུ་དགོས། འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་གི་རེ་འདུན་ལ་ཆོག་མཆན་མ་ཐོབ་ཚེ། རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྩྭ་ཐང་གི་སྔོ་ཁེབས་སླར་གསོ་གྲོན་དངུལ་སྔ་བསྡུ་བྱས་པ་ཡོངས་རྫོགས་རེ་འདུན་ཞུ་མཁན་ལ་ཕྱིར་སྤྲོད་དགོས།དོན་ཚན་བཅུ་དྲུག་པ། རྩྭ་ཐང་གནས་སྐབས་སུ་འཛིན་སྤྱོད་བྱེད་པའམ་ཐད་ཀར་རྩྭ་ཐང་སྲུང་སྐྱོང་དང་ཕྱུགས་ལས་ཐོན་སྐྱེད་ལ་ཞབས་འདེགས་ཞུ་བའི་བཟོ་སྐྲུན་སྒྲིག་བཀོད་བསྐྲུན་པར་དངོས་གནས་རྩྭ་ཐང་བཀོལ་དགོས་པའི་རེ་འདུན་དེར་ཞིབ་བཤེར་ཆོག་མཆན་བཀོད་པར། རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཡིག་ཆའི་རྣམ་པ་བརྒྱུད་ནས་རེ་འདུན་ཞུ་མཁན་ལ་བརྡ་སྦྱོར་གཏོང་དགོས།དོན་ཚན་བཅུ་བདུན་པ། རྩྭ་ཐང་བསྡུ་སྤྱོད་དང་བཀོལ་སྤྱོད། གནས་སྐབས་སུ་འཛིན་སྤྱོད་བཅས་བྱེད་མཁན་སྡེ་ཚན་ནམ་མི་སྒེར་གྱིས་ཆོག་མཆན་བཀོད་པའི་རྒྱ་ཁྱོན་ལྟར་བསྡུ་སྤྱོད་དང་བཀོལ་སྤྱོད། གནས་སྐབས་སུ་འཛིན་སྤྱོད་བཅས་བྱེད་དགོས་པ་ལས། རང་དགར་གྱིས་རྒྱ་ཁྱོན་རྒྱ་ཆེར་བསྐྱེད་མི་ཆོག རྒྱ་ཁྱོན་དངོས་གནས་རྒྱ་ཆེར་བསྐྱེད་དགོས་ཚེ། བྱེད་ཐབས་འདིའི་གཏན་ཕབ་ལྟར་ཡང་བསྐྱར་རེ་འདུན་ཞུ་དགོས།དོན་ཚན་བཅོ་བརྒྱད་པ། བྱེད་ཐབས་འདིའི་གཏན་ཕབ་དང་འགལ་ནས་གཤམ་གསལ་གྱི་གནས་ཚུལ་ནང་གི་གཅིག་ཡོད་ཚེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་ཕབ་ལྟར་ཞིབ་གཅོད་བྱེད་པ་དང་། ནག་ཉེས་སུ་གྱུར་བར་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་དགོས།(གཅིག)རྩྭ་ཐང་བསྡུ་སྤྱོད་དང་བཀོལ་སྤྱོད་བྱེད་པར་ཆོག་མཆན་འགོད་དབང་མེད་པའི་སྡེ་ཚན་དང་མི་སྒེར་གྱིས་ཁྲིམས་འགལ་གྱིས་རྩྭ་ཐང་བསྡུ་སྤྱོད་དང་བཀོལ་སྤྱོད་བྱེད་པར་ཆོག་མཆན་འགོད་པ།(གཉིས)ཆོག་མཆན་འགོད་པའི་དབང་ཚད་ལས་བརྒལ་ནས་ཁྲིམས་འགལ་གྱིས་རྩྭ་ཐང་བསྡུ་སྤྱོད་དང་བཀོལ་སྤྱོད་བྱེད་པར་ཆོག་མཆན་འགོད་པ།(གསུམ)གཏན་ཕབ་ཀྱི་གོ་རིམ་དང་འགལ་ནས་རྩྭ་ཐང་བསྡུ་སྤྱོད་དང་བཀོལ་སྤྱོད་བྱེད་པར་ཆོག་མཆན་འགོད་པ།(བཞི)ཆོག་མཆན་མ་བཀོད་པའམ་གཡོ་ཐབས་བཀོལ་ནས་ཆོག་མཆན་འགོད་དུ་བཅུག་སྟེ། ཁྲིམས་འགལ་གྱིས་རྩྭ་ཐང་བཀོལ་སྤྱོད་བྱེད་པ།(ལྔ)གནས་སྐབས་སུ་འཛིན་སྤྱོད་བྱེད་པའི་རྩྭ་ཐང་སྟེང་གཏན་ཆགས་ཀྱི་བཟོ་བཀོད་བསྐྲུན་པ།(དྲུག)རྩྭ་ཐང་གནས་སྐབས་སུ་འཛིན་སྤྱོད་བྱས་ནས་དུས་བཅད་ལོངས་ཀྱང་། ས་ཞིང་བཀོལ་མཁན་སྡེ་ཚན་གྱིས་རྩྭ་ཐང་གི་སྔོ་ཁེབས་སླར་གསོ་མི་བྱེད་པ།(བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་ཕབ་དང་འགལ་ནས་རྩྭ་ཐང་འཛིན་སྤྱོད་བྱེད་པའི་བྱ་སྤྱོད་གཞན་དགདོན་ཚན་སྔོན་མའི་ཚན་པ(གཅིག)དང(གཉིས)། (གསུམ)བཅས་ལས་བཀོད་པའི་གནས་ཚུལ་ནང་ཉེས་ཆད་གཅོད་པའི་ཚད་དུ་ཐོན་མེད་པ་ལ། ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་པ་དང་། དོ་བདག་པར་གྱོང་གུད་བཟོས་པ་ལ། ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་འགན་ཁུར་དགོས།དོན་ཚན་བཅུ་དགུ་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྩྭ་ཐང་བསྡུ་སྤྱོད་དང་འཛིན་སྤྱོད་བྱེད་པར་ཞིབ་བཤེར་མཆན་འགོད་དོ་དམ་ཡིག་ཚགས་གསར་འཛུགས་བྱེད་དགོས།དོན་ཚན་ཉི་ཤུ་བ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ལོ་རེའི་དུས་ཚིགས་དང་པོར་ལོ་སྔོན་མའི་ནང་རང་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་རྩྭ་ཐང་བསྡུ་སྤྱོད་དང་འཛིན་སྤྱོད་བྱས་པའི་གནས་ཚུལ་སྤྱི་བསྡོམས་བྱས་ཏེ་ཞིང་ལས་པུའུ་ལ་ཞུ་འབུལ་བྱེད་དགོས།དོན་ཚན་ཉེར་གཅིག་པ། 《རྩྭ་ཐང་བསྡུ་སྤྱོད་དང་འཛིན་སྤྱོད་རེ་འདུན་ཞུ་བའི་རེའུ་མིག》དང《རྩྭ་ཐང་བསྡུ་སྤྱོད་བཀོལ་སྤྱོད་གནས་ཡུལ་དངོས་ཀྱི་ཞིབ་བཤེར་རྩིས་ལེན་རེའུ་མིག》གི་མ་ཡིག་དེ་ཞིང་ལས་པུའུ་ཡིས་གཅིག་གྱུར་གྱིས་གཏན་ཁེལ་བྱེད་པ་དང་། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་གཅིག་གྱུར་གྱིས་དཔར་བཟོ་དང་། 《རྩྭ་ཐང་བསྡུ་སྤྱོད་བཀོལ་སྤྱོད་བྱེད་པར་ཞིབ་བཤེར་ཡིད་འཐད་ཡེ་གེ》དེ་ཞིང་ལས་པུའུ་ཡིས་གཅིག་གྱུར་གྱིས་དཔར་བཟོ་བྱེད་དགོས།དོན་ཚན་ཉེར་གཉིས་པ། བྱེད་ཐབས་འདི་2006ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།