མཚོ་སྔོན་བོད་སྐད་ཁ་པར་འཕྲིན་གྱི་ཕོ་ཉ་ནང་འཇུག་བྱེད་པའི་བརྡ་སྦྱོར།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2013-07-26 16:20:16      རྩོམ་སྒྲིག་པ། : ཨ་གཡང་སྐྱིད།

        བོད་རིགས་མང་ཚོགས་ཀྱིས་ཁ་པར་འཕྲིན་གྱི་ཕོ་ཉ་ནང་འཇུག་དང་ཕྱིར་ལེན་བྱེད་པར་སྟབས་བདེ་བཟོ་ཆེད། དེ་རིང་ནས་བཟུང་འཕྲིན་ཐུང་གིས་སྒོ་ནས་ཁ་པར་འཕྲིན་གྱི་ཕོ་ཉ་འཇུག་ལེན་བྱེད་ཆོག འཇུག་ལེན་བྱེད་ཐབས་ནི། གྲངས་ཀ102དེ་ཁ་པར་ཨང་གྲངས10639678འདིའི་སྟེང་ལ་བསྐུར་ན། ཁ་པར་འཕྲིན་གྱི་ཕོ་ཉ་རང་གི་ཁ་པར་ནང་ལ་འཇུག་ཐུབ་ལ།ཡི་གེ་དང་གྲངས་ཀqx102དེ་ཁ་པར་ཨང་གྲངས10639678འདིའི་སྟེང་ལ་བསྐུར་ན། ཁ་པར་འཕྲིན་གྱི་ཕོ་ཉ་རང་གི་ཁ་པར་ནང་ནས་ལེན་ཐུབ།

        མཚོ་སྔོན་ཞིང་ཆེན་རྒྱལ་སྤྱི་སྦྲེལ་དྲ་གསར་འགྱུར་ལྟེ་གནས་ནས།

        2013ལོའི་ཟླ7པའི་ཚེས26ཉིན།