བི་ཤྭ་ཀརྨ——རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་བོད་ཀྱི་གཙགས་དྲུབ་ཞིབ་འཇུག་གསར་སྤེལ་ཐོན་སྐྱེད་རྟེན་གཞི།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2014-03-15 11:25:04      རྩོམ་སྒྲིག་པ། : གཡང་སྐྱིད།

        མཚོ་ལྷོ་ཁུལ་བི་ཤྭ་ཀརྨ་མི་རིགས་བཟོ་རྩལ་ཐོན་རྫས་ཚད་ཡོད་འགན་ལེན་ཀུང་ཟི་དེ2008ལོའི་ཟླ9བར་གསར་འཛུགས་བྱས་ཤིང་། མིག་སྔར་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་བོད་ཀྱི་གཙགས་དྲུབ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད། ཕྱིར་འཚོང་བཅས་གཞི་གཅིག་ཡིན་པའི་རྒྱལ་ཁབ་ཕྱི་ནང་ལ་ཕྱིར་འཚོང་བྱེད་པའི་ཁེ་ལས་ཡིན་པ་མ་ཟད། རང་ཞིང་གི་རིག་གནས་ཐོན་རྫས་ཕྱིར་འཚོང་བྱེད་པའི་ཁེ་ལས་ཐོག་མའང་ཡིན། གཙོ་བོར་བོད་ཀྱི་གཙགས་དྲུབ་དང་བོད་རིགས་དམངས་ཁྲོད་ཀྱི་ལག་བཟོའི་སྒྱུ་རྩལ་ཐོན་རྫས་བཅས་ཐོན་སྐྱེད་བྱེད་པ་དང་། ཚོང་གཉེར་གྱི་སྣ་ཁ་གཙོ་བོར་བོད་ཀྱི་འགེལ་རིས་གཙགས་དྲུབ་དང་རེབ་གོང་ཐང་ག བྲིས་ཐང་། ཟངས་སྐུ་སྒྱུ་རྩལ། བོད་ལུགས་རྒྱན་ཆས། བོད་ལུགས་ཁྱིམ་ཆས། བོད་ལུགས་གློག་ཆས། རྡོ་བརྐོས། ལྷ་སྐུ པགས་བྲིས་རི་མོ། ཁ་བཏགས་སོགས་མཚོ་སྔོན་བོད་རིགས་དམངས་ཁྲོད་ལག་བཟོའི་སྒྱུ་རྩལ་ཐོན་རྫས་དང་མཚོ་སྔོན་ས་གནས་ཁྱད་ཆོས་ཐོན་པའི་གནས་སྐོར་དྲན་རྟེན་བཅས་ཡོད། 2012ལོར“མཚོ་སྔོན་ཞིང་ཆེན་གྱི་ཚོང་རྟགས་གྲགས་ཅན”ལ་ངོས་འཛིན་བྱས་པ་དང་། མིག་སྔར“བི་ཤྭ་ཀརྨ”ཀྲུང་གོའི་མིང་གྲགས་ཚོང་རྟགས་སུ་སྙན་ཞུ་ཞུ་བཞིན་ཡོད།

        ལོ་ཙཱ་བ། གཡང་སྐྱིད།