རྒྱལ་ཡོངས་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཁྲིམས་སྲོལ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2014-12-08 16:48:42      རྩོམ་སྒྲིག་པ། : ཨ་གཡང་སྐྱིད།

        ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་སློང་།

        ཚན་པ473།ད་ལྟ་རྒྱལ་ཡོངས་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་སྲོལ་ཡིག》སྤྱི་བསྒྲགས་བྱས་པ་དང་། སྲོལ་ཡིག་འདི་ཉིད་སྤྱི་བསྒྲགས་བྱས་པའི་ཉིན་མོ་ནས་བཟུང་ལག་བསྟར་བྱེད་དགོས།

        སྤྱི་ཁྱབ་ཧྲུའུ་ཅི་ཝང་ཅཱ་པའོ་ནས།

        སྤྱི་ལོ2006ལོའི་ཟླ8པའི་ཚེས23ཉིན།

        རྒྱལ་ཡོངས་ཞིང་ལས་ཞིབ་བཤེར་སྲོལ་ཡིག

        དང་པོ། སྤྱིའི་རྩ་དོན།

        དུམ་ཚན་དང་པོ། ཚན་རིག་དང་བྱེད་ནུས་ལྡན་པའི་སྒོས་རྒྱལ་ཡོངས་ཞིང་ལས་ཞིབ་བཤེར་བྱ་བ་ལག་བསྟར་བྱས་ཏེ་ཞིང་ལས་སྤྱི་ཁྱབ་ཞིབ་བཤེར་ཡིག་ཚགས་ཀྱི་ཡང་དག་རང་བཞིན་དང་དུས་ཡུན་རང་བཞིན་ལ་འགན་སྲུང་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་ཁྲིམས་ལུགས》ལྟར་ཆེད་དུ་སྲོལ་ཡིག་ འདི་ཉིད་གཏན་འབེབས་བྱས།

        དུམ་ཚན་གཉིས་པ། ཞིང་ལས་སྤྱི་ཁྱབ་ཞིབ་བཤེར་བྱ་བའི་དམིགས་ཡུལ་ནི་ཁྱོན་ ཡོངས་ནས་རང་རྒྱལ་གྱི་ཞིང་ལས་དང་ཞིང་གྲོང་། ཞིང་གྲོང་སྡོད་དམངས་བཅས་ཀྱི་རྨང་གཞིའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོར་བྱས་ནས་དཔལ་འབྱོར་གོང་སྤེལ་གྱི་ཐབས་ཇུས་དང་འཆར་འགོད། སྲིད་ཇུས་གཏན་འབེབས་བྱེད་པར་ཚན་རིག་ལྡན་པའི་རྒྱུ་ཆ་འདོན་སྤྲོད་བྱེད་པ་མ་ཟད་ཞིང་ལས་ལས་གཉེར་མཁན་དང་སྤྱི་དམངས་ ཡོངས་ལ་བསྡོམས་རྩིས་སྐོར་གྱི་བརྡ་འཕྲིན་ཞབས་ཞུ་བྱེད་པ།

        དུམ་ཚན་གསུམ་པ། ཞིང་ལས་སྤྱི་ཁྱབ་ཞིབ་བཤེར་བྱ་བ་དེ་ཉིད་རྒྱལ་ཡོངས་ཀྱིས་གཅིག་གྱུར་སྒོས་སྣེ་འཁྲིད་བྱེད་པ་དང་ལས་ཁུངས་སོ་སོའི་ལས་བགོས་མཐུན་སྦྱོར་བྱེད་པ། ས་གནས་རིམ་པའི་ལས་བགོ་བྱས་བྱེད་པའི་རྩ་དོན་ལྟར་ལས་བསྟར་བྱེད་དགོས།

        དུམ་ཚན་བཞི་བ། རྒྱལ་ཁབ་རིམ་པའི་འབྲེལ་ཡོད་ལས་ཁུངས་དང་སྤྱི་ཚོགས་སྟེང་གི་ཚོགས་པ་སོ་སོ། ཞིང་ལས་ཞིབ་བཤེར་འབྲེལ་ཡོད་ལས་ཁུངས་དང་མི་སྒེར་གྱི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་བསྡོམས་རྩིས་བཅའ་ཁྲིམས་》དང་སྲོལ་ཡིག་འདི་ཉིད་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཞིང་ལས་སྤྱི་ཁྱབ་ཞིབ་བཤེར་བྱ་བའི་ གྲས་ སུ་ཞུགས་པའམ་བྱ་བ་འདི་ཉིད་ལ་རོགས་འདེགས་བྱེད་དགོས།

        དུམ་ཚན་ལྔ་བ། རིམ་པ་སོ་སོའི་ཞིང་ལས་སྤྱི་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་(གཤམ་དུ་ཞིབ་བཤེར་གཞུང་སྒྲུབ་ཁང་ཞེས་བྲིས་ཡོད།) དང་ཞིབ་བཤེར་གཞུང་སྒྲུབ་ཁང་གི་ལས་སྒྲུབ་མི་སྣ། ཞིབ་བཤེར་མཛུབ་སྟོན་པ། ཞིབ་བཤེར་པ་སོགས་ཀྱིས་དུས་མཚུངས་ཀྱི་ཞིབ་བཤེར་དང་སྙན་ཞུ། ལྟ་སྐུལ་བཅས་ཀྱི་ཁེ་དབང་བེད་སྤྱོད་བྱས་ཆོག་ལ། ལས་ཁུངས་དང་མི་སྒེར་གང་རུང་གིས་བར་ཆད་བྱས་མི་ཆོག

        ས་གནས་སོ་སོ་དང་ལས་ཁུངས་སོ་སོ། ལས་ཁུངས་རིམ་པའི་འགན་ཁུར་མི་སྣས་ཞིབ་བཤེར་གཞུང་སྒྲུབ་ཁང་དང་ལས་སྒྲུབ་མི་སྣས་འདོན་སྤྲོད་བྱས་པའི་ཡིག་ཚགས་ལ་བཟོ་བཅོས་དང་ཞིབ་བཤེར་མི་སྣ་དྲག་སྐུལ་སོགས་བྱེད་མི་རུང་།

        དུམ་ཚན་དྲུག་པ། རིམ་པ་སོ་སོའི་དྲིལ་བསྒྲགས་ལས་ཁུངས་གིས་ཚགས་པར་དང་རྒྱང་བསྒྲགས། བརྙན་འཕྲིན། དྲ་ཚིག བརྡ་ཁྱབ་ལ་སོགས་པའི་བྱེད་ཐབས་སྣ་ཚོགས་སྤྱད་ནས་གཟབ་ནན་གྱིས་ཞིང་ལས་སྤྱི་ཁྱབ་ཞིབ་བཤེར་གྱི་དྲིལ་བསྒྲགས་སྐུལ་སློང་གི་བྱ་བ་ལེགས་པར་བསྒྲུབས་དགོས།

        དུམ་ཚན་བདུན་པ། ཞིང་ལས་སྤྱི་ཁྱབ་ཞིབ་བཤེར་ཁྲོད་དགོས་དངོས་མ་དངུལ་ཀྲུང་དབྱང་དང་ས་གནས་རིམ་པའི་མི་དམངས་སྲིད་གཞུང་གིས་འགན་ཁུར་དགོས་པ་མ་ཟད་ལོའི་ནོར་སྲིད་སྔོན་རྩིས་ཀྱི་གྲས་སུ་བཞག་ནས་དུས་ལྟར་མ་དངུལ་འདོན་སྤྲོད་བྱེད་དགོས། ཞིང་ལས་སྤྱི་ཁྱབ་ཞིབ་བཤེར་གྱི་མ་དངུལ་གཅིག་གྱུར་སྒོས་དོ་དམ་བྱེད་པར་མ་ཟད་མ་དངུལ་བྱ་བ་གཞན་དག་སུ་བཀོལ་སྤྱོད་བྱེད་མི་ཆོག་ལ། མ་ དངུལ་གྱི་འགྲོ་གྲོན་ཡང་ཚོད་འཛིན་བཟང་བོ་བྱེད་དགོས།

        དུམ་ཚན་བརྒྱད་པ། ཞིབ་ལས་ཞིབ་བཤེར་བྱ་བ་དེའི་ལོ10ནང་དུ་ཐེངས་གཅིག་ཞིབ་བཤེར་བྱེད་དགོས། ཡིན་ཡང་། དམིགས་གསལ་ཅན་གྱི་ས་ཁུལ་ལ་སྤྱི་ཁྱབ་ཞིབ་ བཤེར་དང་ཐོ་འགོད་ཀྱི་དུས་ཚོད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་ལས་སྤྱི་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་ཆོག་མཆན་ཐོབ་རྗེས་དམིགས་གསལ་ངང་བཀོད་སྒྲིག་བྱས་ཆོག

        གཉིས་པ། ཞིང་ལས་སྤྱི་ཁྱབ་ཞིབ་བཤེར་གྱི་བྱ་ཡུལ་དང་ཁྱབ་ཁོངས། ནང་དོན།

        དུམ་ཚན་དགུ་བ། ཞིང་ལས་སྤྱི་ཁྱབ་ཞིབ་བཤེར་གྱི་བྱ་ཡུལ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁོངས་ཀྱི་གཤམ་གྱི་མི་སྣ་དང་ལས་ཁུངས་ཡིན།

        (གཅིག)ཞིང་གྲོང་གི་སྡོད་དམངས། ནང་གསེས་སུ་ཞིང་གྲོང་གི་ཞིང་ལས་ལས་གཉེར་མཁན་ནམ་ལས་ཁུངས།

        (གཉིས)མཁར་གྲོང་ཞིང་ལས་ཐོན་སྐྱེད་ཚོང་གཉེར་བྱེད་མཁན།

        (གསུམ)ཞིང་ལས་ཐོན་སྐྱེད་ཚོང་གཉེར་བྱེད་པའི་ལས་ཁུངས།

        (བཞི)སྡེ་དམངས་ཨུ་ཡོན་ལྷན་ཚོགས།

        (ལྔ)ཞང་གྲོང་མི་དམངས་སྲིད་གཞུང་།

        དུམ་ཚན་བཅུ་བ། ཞིབ་ལས་སྤྱི་ཁྱབ་ཞིབ་བཤེར་བྱ་ཡུལ་དག་གིས་ཡང་དག་སྒོས་ ཞིབ་བཤེར་མི་སྣས་བཏོན་པའི་དྲི་བར་ལེན་འདེབས་དགོས་པ་དང་། དུས་ལྟར་འབྲེལ་ཡོད་ཀྱི་རེའུ་མིག་ལེགས་པར་འབྲི་དགོས། རང་སྣང་གང་ཤར་གྱིས་མགོ་ སྐོར་དང་བཟོ་བཅོས་བྱས་མི་ཆོག

        ཞིང་ལས་སྤྱི་ཁྱབ་ཞིབ་བཤེར་བྱ་ཡུལ་གྱིས་རྫོང་ཡན་རིམ་པའི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་དང་རྒྱལ་ཁབ་རིམ་པའི་བསྡོམས་རྩིས་ལས་ཁུངས་ཀྱི་ མངག་པའི་ཞིབ་བཤེར་རུ་ཁག་ལ་རམ་འདེགས་བྱས་ནས་ཞིབ་བཤེར་བྱ་བར་ལྟ་སྐུལ་བྱེད་པ་དང་། ཡང་དག་པའི་སྒོས་འབྲེལ་ཡོད་གནས་ཚུལ་ཡར་ཞུ་དང་ཡིག་ཚགས་འདོན་སྤྲོད་བྱེད་པ་ལས། ཞིང་ལས་སྤྱི་ཁྱབ་ཞིབ་བཤེར་བྱ་བར་བཀག་འགོག་དང་ འབྲེལ་ཡོད་ཡིག་ཆ་སྦས་སྐོང་བྱེད་པ། ཡང་ན་སྔོན་ཆད་ཀྱི་ཡིག་ཚགས་དང་འབྲེལ་ ཡོད་ཡིག་ཆ་མེད་པར་དུ་གཏན་ནས་གཏོང་མི་རུང་།

        དུམ་ཚན་བཅུ་གཅིག་པ། ཞིང་ལས་སྤྱི་ཁྱབ་ཞིབ་བཤེར་ལས་རིགས་ཀྱི་ཁྱབ་ཁོངས་ལ་འདེབས་འཛུགས་ལས་རིགས་དང་ནགས་ལས། ཕྱུགས་ལས། ཉྭའི་ལས་རིགས། ཞིང་ཕྱུགས་ཞབས་ཞུའི་ལས་རིགས་བཅས་སོ།

        དུམ་ཚན་བཅུ་གཉིས་པ། ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་ནང་དོན་ལ། ཞིང་ལས་ཐོན་སྐྱེད་ཆ་རྐྱེན་དང་ཞིང་ལས་ཐོན་སྐྱེད་ལས་གཉེར་བྱ་བ། ཞིང་ལས་ས་ཞིང་བེད་སྤྱོད། ཞིང་སྡེ་ངལ་ལས་དང་ལས་ཞུགས། ཞིང་སྡེ་རྨང་གཞིའི་སྒྲིག་ཆས། ཞིང་སྡེ་སྤྱི་ཚོགས་ཞབས་ཞུ། ཞིང་སྡེ་མང་ཚོགས་ཀྱི་དམངས་འཚོ་དང་ཞང་གྲོང་། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡོད་ཁུལ་གྱི་ཁོར་ཡུག་ལ་སོགས་པའི་གནས་ཚུལ།

        གོང་གསལ་གཏན་འབེབས་བྱས་པའི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་ནང་དོན་དེ་དག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་བྱེ་བྲག་གིས་གནས་ཚུལ་དང་བསྟུན་ནས་ལེགས་སྒྲིག་བྱས་ཆོག

        དུམ་ཚན་བཅུ་གསུམ། ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་བྱེད་པ་དེའི་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་པའི་བྱེད་ཐབས་སྤྱོད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་དམིགས་གསལ་ཅན་གྱི་ནང་དོན་ལ་ཕར་གཉིས་ཟུར་འཐེན་བྱས་ནས་ཞིབ་བཤེར་བྱས་ཆོག

        དུམ་ཚན་བཅུ་བཞི་བ། ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་བྱེད་པ་དེའི་རྒྱལ་ཁབ་བསྡོམས་རྩིས་དབྱེ་འབྱེད་ཚད་གཞི་བེད་སྤྱད་བྱ་རྒྱུ།

        དུམ་ཚན་བཅོ་ལྔ་བ། ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་བྱ་བའི་ཇུས་འགོད་དེའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་གཅིག་གྱུར་སྒོས་གཏན་འབེབས་བྱ་དགོས།

        ཞིང་ཆེན་རིམ་པའི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གཞུང་སྒྲུབ་ཁང་གིས་རང་ས་ གནས་ཀྱི་དགོས་མཁོ་ལྟར་ཞིང་ལས་ཞིབ་བཤེར་ཀྱི་རྣམ་གྲངས་ཁ་སྣོན་བྱས་ཆོག་པ་དང་། ཡིན་ཡང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་ཆོག་མཆན་བཀོད་རྗེས་ད་གཟོད་ལག་བསྟར་བྱས་ ཆོག

        ཁག་གསུམ་པ། ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་རྩ་འཛུགས་ལག་བསྟར་བྱ་བ།

        དུམ་ཚན་བཅུ་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་འཛུགས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚན་ཆུང་གིས་རྒྱལ་ཡོངས་ཞིང་ལས་ཡོངས་ ཁྱབ་ཞིབ་བཤེར་བྱ་བར་རྩ་འཛུགས་དང་སྣེ་འཁྲིད་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་རྒྱལ་ཁབ་ བསྡོམས་རྩིས་ཅུ་རུ་འཛུགས་པ། དེའི་གཙོ་བོ་ཞིང་ལས་ཞིབ་བཤེར་དང་དུས་རྒྱུན་གྱི་བྱ་བའི་རྩ་འཛུགས་དང་མཐུན་སྦྱོར་འགན་ཁུར་བྱེད་པ།

        དུམ་ཚན་བཅུ་བདུན་པ། ས་གནས་རིམ་པའི་མི་དམངས་སྲིད་གཞུང་གིས་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་འཛུགས་དུས་སུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚན་ཆུང་དང་ གཞུང་སྒྲུབ་ཁང་གི་གཅིག་གྱུར་གྱི་འཆར་འགོད་དང་རེ་འདུན་ལྟར་ར་འཛུགས་བྱས་ཏེ་ད་གཟོད་ས་གནས་ཁོངས་གཏོགས་ཀྱི་ཞིང་ལས་ཞིབ་བཤེར་བྱ་བ་ལག་བསྟར་བྱ་དགོས།

        རྒྱལ་ཁང་བསྡོམས་རྩིས་ཅུས་མངག་གཏོང་བྱས་པའི་ཞིབ་བཤེར་རུ་ཁག་ནི་ཞིང་ལས་ཞིབ་བཤེར་འགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུང་ཁང་ལས་སྒྲུབ་མི་སྣ་ཡིན་པ་དང་། ཞིང་ལས་ཞིབ་བཤེར་གྱི་རྩ་འཛུགས་དང་འབྲེལ་ཡོད་བྱ་བར་ལག་བསྟར་བྱེད་པའི་གྲས་སུ་ཞུགས་པ།

        སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཞང་གྲོང་མི་དམངས་སྲིད་གཞུང་གིས་མཛུབ་སྟོན་ འོག་རང་ཁོངས་གཏོགས་ཀྱི་ཞིང་ལས་ཞིབ་བཤེར་བྱ་བ་ལེགས་པར་བསྒྲུབས་དགོས།

        དུམ་ཚན་བཅོ་བརྒྱད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ས་གནས་རིམ་པའི་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་ངེས་པར་དུ་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གཞུང་སྒྲུབ་ཁང་ལ་རོགས་འདེགས་བྱས་ཏེ་ཞིང་ལས་ཞིབ་བཤེར་གྱི་བྱ་བ་ལེགས་པར་ བསྒྲུབས་དགོས།

        དམག་ཁུལ་དང་དྲག་ཆས་དམག་དཔུང་རུ་ཁག་ཁོངས་གཏོགས་ཀྱི་ཞིང་ལས་ཐོན་སྐྱེད་ལས་ཁུངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་རུ་ཁག་དེའི་དམག་ཁུལ་དང་དྲག་ཆས་དམག་དཔུང་རུ་ཁག་གིས་སོ་སོར་འགན་ཁུར་ནས་ལག་བསྟར་བཟང་བོ་བྱེད་དགོས།

        ཞིན་ཅིང་ཐོན་སྐྱེད་འཛུགས་སྐྲུན་དམག་ཁུལ་གྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་བྱ་བ་དེའི་ཞིན་ཅིང་ཐོན་སྐྱེད་འཛུགས་སྐྲུན་དམག་ཁུལ་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་མགོ་ཁྲིད་བྱ་བའི་ཚན་ཆུང་དང་དེའི་གཞུང་སྒྲུབ་ཁང་གི་འགན་ཁུར་བས་རྩ་འཛུགས་བྱས་ཏེ་ལག་བསྟར་བྱེད་དགོས།

        དུམ་ཚན་བཅུ་དགུ་བ། ཞིང་གྲོང་གི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་བྱ་བ་དེའི་ཞིབ་བཤེར་གྱི་ཁྱབ་རྒྱ་ལྟར་ལེགས་པར་བསྒྲུབས་དགོས། ཞིབ་བཤེར་ཁྱབ་རྒྱ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་དོ་དམ་ས་རྒྱའི་ཚད་གཞི་ལྟར་ཡིན། ཞིབ་བཤེར་གྱི་ས་རྒྱ་དེའི་ཞིབ་བཤེར་ཚོ་ཆུང་དུ་མར་བགོས་ཆོག

        མཁར་གྲོང་གི་ཞིབ་བཤེར་ཡུལ་དངོས་ཐོ་འགོད་བྱེད་པ་དེའི་ཞིབ་བཤེར་གྱི་ཇུས་འགོད་ལྟར་ལེགས་པར་བསྒྲུབས་དགོས།

        དུམ་ཚན་ཉི་ཤུ་བ། ཞིབ་བཤེར་གྱི་ས་གནས་སོ་སོར་ཞིབ་བཤེར་པ་གཅིག་བཀོད་སྒྲིག་བྱེད་དགོས། དེའི་བྱ་བའི་ཁྲོད་ཀྱི་འདྲི་གཅོད་དང་ཐོ་འགོད་ཀྱི་བྱ་བ་ལེགས་པར་བསྒྲུབས་དགོས། ཞིབ་བཤེར་ས་གནས་སོ་སོར་མ་ཐ་ཡང་ཞིབ་བཤེར་མཛུབ་སྟོན་པ་གཅིག་བཀོད་སྒྲིག་བྱེད་དགོས་ལ། དེའི་ཞིབ་བཤེརབྱ་བར་བཀོད་སྒྲིག་དང་མཛུབ་སྟོན། ལྟ་སྐུལ་བཅས་བྱེད་པའམ་ཡང་ན་ཞིབ་བཤེར་བྱ་བར་ཐད་ཀར་ཐོ་འགོད་དང་འདྲི་གཅོད་བྱས་ཆོག

        ཞིབ་བཤེར་མཛུབ་སྟོན་པ་དང་ཞིབ་བཤེར་པ་དེའི་གཙོར་རིག་གནས་ཆུ་ཚད་ཅུང་མཐོ་བའི་ཞིང་གྲོང་ལས་བྱེད་པའམ་སྡེ་བའི་མགོ་གཙོ། ཡང་ན་སྡེ་བའི་སྡེ་མིས་འགན་ཁུར་དགོས།

        དུམ་ཚན་ཉེར་གཅིག་པ། ཞིབ་བཤེར་གཞུང་སྒྲུབ་ཁང་གིས་བྱ་བའི་དགོས་མཁོ་ལྟར་ལས་ཁུངས་དང་ས་གནས་གཞན་དུ་ཞིང་ལས་ཞིབ་བཤེར་བྱ་བ་བྱང་ཆ་ལྡན་པའི་ཤེས་ལྡན་མི་སྣ་གདན་ཞུ་བྱས་ཆོག་པ་དང་ཡིན་ནའང་གདན་ཞུའི་མི་སྣའི་གླ་ཕོག་དེའི་གདན་ཞུ་བྱེད་མཁན་གྱི་ལས་ཁུངས་ཀྱིས་འདོན་སྤྲོད་བྱ་དགོས། ཞིང་ལས་ཞིབ་བཤེར་གྱི་མ་དངུལ་ཁྲོད་དུ་སྡེ་བའི་ཞིབ་བཤེར་མཛུབ་སྟོན་པ་དང་ཞིབ་བཤེར་པ་ལ་འོས་འཚམ་གྱི་འཚོ་བའི་ཁ་གསབ་རོགས་དངུལ་སྟེར་དགོས།

        དུམ་ཚན་ཉེར་གཉིས་པ། ས་གནས་ཞིབ་བཤེར་གཞུང་སྒྲུབ་ཁང་གིས་ཞིབ་བཤེར་མཛུབ་སྟོན་པ་དང་ཞིབ་བཤེར་པ་ལ་ལས་ཞུགས་སྔོན་དུ་གསབ་སྦྱོང་བྱེད་དགོས་པ་དང་རྒྱུགས་འབྲས་བཟང་བའི་སློབ་བུ་ལ་རྒྱལ་ཡོངས་གཅིག་གྱུར་གྱི་ཞིབ་བཤེར་མཛུབ་སྟོན་དང་ཞིབ་བཤེར་པའི་ལག་རྟགས་སྟེར་དགོས།

        དུམ་ཚན་ཉེར་གསུམ་པ། ཞིབ་བཤེར་པར་ཞིང་ལས་ཞིབ་བཤེར་གྱི་འབྲེལ་ཡོད་གནད་དོན་ལས་ཁུངས་དང་ཡང་ན་མི་སྒེར་ལ་འདྲི་གཅོད་ཀྱི་ཁེ་དབང་ཡོད་པ་དང་། གལ་ཏེ་ལས་ཁུངས་དང་ཡང་ན་མི་སྒེར་གང་རུང་ལ་འདྲི་གཅོད་བྱས་ཚེ་ལས་ཁུངས་དང་མི་སྒེར་གང་རུང་གིས་ནན་ཏང་སྒོས་འབྲེལ་ཡོད་ཀྱི་ཡིག་ཚགས་འདོན་སྤྲོད་བྱ་ དགོས།

        དུམ་ཚན་ཉེར་བཞི་བ། ཞིབ་བཤེར་མི་སྣས་ངེས་པར་དུ་དངོས་ཐོག་བདེན་འཚོལ་དང་ལས་གནས་ཀྱི་འབྲེལ་ཡོད་རྩ་དོན་བརྩི་སྲུང་བྱེད་དགོས་ལ། ཞིང་ལས་ཞིབ་བཤེར་དང་ཡང་ན་བཅའ་ཁྲིམས་དང་འགལ་བའི་བྱ་བ་བྱེད་མི་རུང་།

        ཞིབ་བཤེར་མི་སྣས་གཟབ་ནན་གྱིས་ཞིབ་བཤེར་བྱ་བའི་ཇུས་འགོད་ལག་བསྟར་བྱེད་དགོས་པ་དང་། རང་འདོད་ལྟར་ཡིག་ཚགས་ལ་བཟོ་བཅོས་དང་ཡང་ན་ཞིབ་བཤེར་པ་ལ་འཇིགས་སྐུལ་སོགས་བྱེད་མི་རུང་།

        ཞིབ་བཤེར་མཛུབ་སྟོན་པ་དང་ཞིབ་བཤེར་མི་སྣས་ཞིང་ལས་ཞིབ་བཤེར་གྱི་བྱ་བ་བསྒྲུབས་སྐབས་སུ་ངེས་པར་དུ་ཞིབ་བཤེར་པའི་ལག་རྟགས་སྟོན་དགོས།

        དུམ་ཚན་ཉེར་ལྔ། ཞིབ་བཤེར་མི་སྣས་ཐད་ཀར་དུ་ཞིབ་བཤེར་བྱ་ཡུལ་ལ་འདྲི་གཅོད་དང་རེའུ་མིག་འབྲི་རུ་འཇོག་ཆོག་ལ རེའུ་མིག་བྲིས་ཚར་རྗེས་ངེས་པར་དུ་ཞིབ་བཤེར་བྱ་ཡུལ་ཀྱིས་མིང་རྟགས་འགོད་དགོས་པར་མ་ཟད་ཐམ་ག་རྒྱག་དགོས། ཞིབ་བཤེར་བྱ་ཡུལ་གྱིས་རང་ཉིད་ཀྱིས་བྲིས་ཟིན་པའི་རེའུ་མིག་གི་ནང་དོན་གྱི་དྲང་བདེན་རང་བཞིན་ལ་འགན་ཁུར་དགོས།

        ཞིབ་བཤེར་པས་ཐོ་འགོད་བྱས་ཟིན་པའི་ཡིག་ཚགས་དང་ཞིབ་བཤེར་བྱ་ཡུལ་གྱིས་མིང་རྟགས་བཀོད་པ་དང་ཐམ་ག་བརྒྱབ་ཟིན་པའི་ཡིག་ཚགས་ལ་དོ་དམ་དང་བདག་གཉེར་བཟང་བོ་བྱེད་དགོས། ཞིབ་བཤེར་གཞུང་སྒྲུབ་ཁང་གིས་ཡིག་ཚགས་དེ་དག་ལ་ལས་སྣོན་དང་དེའི་དྲང་བདེན་རང་བཞིན་འགན་ཁུར་དགོས།

        ཚན་པ་བཞི་བ། ཡིག་ཚགས་བདག་གཉེར་དང་སྤུས་ཚད་ཚོད་འཛིན།

        དུམ་ཚན་ཉེར་དྲུག་པ། ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་ཡིག་ཚགས་བདག་གཉེར་དང་ལག་བསྟར་བྱེད་ཐབས་དེའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གཏན་འབེབས་བྱ་དགོས།

        ས་གནས་ཞིབ་བཤེར་གཞུང་སྒྲུབ་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིབ་བཤེར་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་བྱེད་ཐབས་ལྟར་ཡིག་ཚགས་དོ་དམ་དང་བདག་གཉེར་བྱེད་དགོས་པ་མ་ཟད་དུས་ལྟར་ཡིག་ཚགས་གོང་རིམ་སྤྲོད་དགོས།

        དུམ་ཚན་ཉེར་བདུན་པ། ཞིང་ལས་ཞིབ་བཤེར་གྱི་ཡིག་ཚགས་དོ་བདག་བྱེད་པ་དེའི་གྲོང་ཁྱེར་ཡན་གྱི་ཞིབ་བཤེར་གཞུང་སྒྲུབ་ཁང་གི་རྩ་འཛུགས་ལག་བསྟར་བྱེད་དགོས།

        དུམ་ཚན་ཉེར་བརྒྱད་པ། ཞིབ་བཤེར་གཞུང་སྒྲུབ་ཁང་གིས་ཡིག་ཚགས་བསྐྱར་དཔར་བྱེད་པ་དང་དོ་དམ་བྱེད་པའི་འགན་ཁུར་བའི་དུས་མཚུངས་སུ་དུས་རྒྱུན་གྱི་དོ་དམ་དང་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་དགོས།

        དུས་ཚན་ཉེར་དགུ་བ། རྒྱལ་ཁབ་ཀྱིས་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་ཡིག་ཚགས་སྤུས་ཚད་ཚད་འཛིན་བྱེད་པའི་སྒྲིག་ཁྲིམས།

        ཞིབ་བཤེར་གཞུང་སྒྲུབ་ཁང་གིས་ཞིབ་བཤེར་དུས་རིམ་གྱི་བརྒྱུད་རིམ་སོ་སོའི་སྤུས་ཚད་དང་ཞིབ་བཤེར་བྱ་བར་འགན་ཁུར་དགོས།

        དུམ་ཚན་སུམ་ཅུ། ཞིབ་བཤེར་པའི་ཞིབ་བཤེར་སྤུས་ཚད་ཚོད་འཛིན་གྱི་འགན་འཁྲི།

        ཞིབ་བཤེར་པས་ཞིབ་བཤེར་བྱེད་ཐབས་ཀྱི་གཏན་འབེབས་ལྟར་ཞིབ་བཤེར་གྱི་ཡིག་ཚགས་ལ་ཞིབ་བཤེར་དང་བསྐྱར་ཞིབ་བྱེད་དགོས།

        དུམ་ཚན་སོ་གཅིག རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་གཅིག་གྱུར་སྒོས་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་ཡིག་ཚགས་ལ་ཞིབ་བཤེར་བྱེད་དགོས་པ་དང་། ཞིབ་བཤེར་བྱས་པའི་ མཇུག་འབྲས་དེའི་རྒྱལ་ཡོངས་དང་ཞིང་ཆེན་སོ་སོ། རང་སྐྱོང་ཁུལ་སོགས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཡིག་ཚགས་ཀྱི་རྩ་བའི་རྒྱུ་ཆ་ཡིན།

        དུམ་ཚན་སོ་གཉིས། རྒྱལ་ཁབ་ཀྱིས་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཡིག་ཚགས་སྤྱི་བསྒྲགས་བྱེད་པའི་སྒྲིག་ཁྲིམས།

        ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་ཡིག་ཚགས་དག་ཁྲིམས་ལྟར་གསང་དགོས་པ་ལས་གཞན་དུས་ལྟར་སྤྱི་ཚོགས་སྟེང་སྤྱི་བསྒྲགས་བྱེད་དགོས།

        རྒྱལ་ཡོངས་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་ཡིག་ཚགས་དང་ཞིང་ཆེན་སོ་སོ། རང་སྐྱོང་ཁུལ་སོགས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཡིག་ཚགས་དེའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་ལས་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་ཞིབ་བཤེར་བྱས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་སྤྱི་བསྒྲགས་བྱ་དགོས། ས་གནས་ཞིབ་བཤེར་གཞུང་སྒྲུབ་ཁང་གིས་ ཞིབ་བཤེར་སྤྱི་བསྒྲགས་བྱེད་དགོས་ཚེ་གོང་རིམ་འབྲེལ་ཡོད་ལས་ཁུངས་ལ་ཆོག་ མཆན་བཀོད་དུ་འཇུག་དགོས།

        དུམ་ཚན་སོ་གསུམ། ཞིབ་བཤེར་གཞུང་སྒྲུབ་ཁང་དང་ཞིབ་བཤེར་མི་སྣས་ཞིང་ལས་ཡོངས་ཞིབ་བཤེར་མི་སྒེར་གྱི་རྒྱུ་ཆ་བསྡུ་ལེན་བྱེད་དུས་ཞིབ་བཤེར་བྱ་ཡུལ་གྱི་ཡིག་ཚགས་ལ་བདག་གཉེར་བཟང་བོ་བྱེད་དགོས།

        དུམ་ཚན་སོ་བཞི། ཞིབ་བཤེར་གཞུང་སྒྲུབ་ཁང་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་ཡིག་ཚགས་དོ་དམ་བཟང་བོ་བྱས་ནས་སྤྱི་ཚོགས་ལ་ཞབས་ཞུ་བཟང་བོ་བྱེད་དགོས་པ་མ་ཟད་ཞིབ་བཤེར་ཡིག་ཚགས་གསར་སྤེལ་དང་བེད་སྤྱོད་གང་ལེགས་བྱེད་དགོས།

        དུམ་ཚན་སོ་ལྔ། རྫོང་རིམ་པ་ཡན་གྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ཞིང་ལས་ཞིབ་བཤེར་གྱི་མཇུག་འབྲས་ལྟར་རྒྱུན་ལྡན་གྱི་བསྡོམས་རྩིས་ཡིག་ཚགས་ལ་བཟོ་བཅོས་བྱེད་དགོས། བྱེ་བྲག་གི་བྱེད་ཐབས་རྒྱལ་ཁབ་བསྡོམས་རྩིས་ཅུས་གཏན་འབེབས་བྱེད་དགོས།

        ཚན་པ་དྲུག་པ། བཟང་བསྟོད་དང་ཆད་གཅོད།

        དུམ་ཚན་སོ་དྲུག གཟབ་ནན་གྱིས་ཁྲིམས་སྲོལ་འདི་ཉིད་བརྩི་སྲུང་བྱེད་པ་དང་ལས་ལ་བརྩོན་པ། ཞིབ་བཤེར་བྱ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་གྲུབ་འབྲས་བཟང་བོ་བླངས་པའི་ལས་ཁུངས་སམ་མི་སྒེར་ལ་བཟང་བསྟོད་བྱ་དགའ་གནང་བ།

        དུམ་ཚན་སོ་བདུན ས་གནས་དང་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་ཀྱིས་གང་ འདོད་དུ་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་ཡིག་ཚགས་ལ་བཟོ་བཅོས་བྱེད་པ་དང་། ཞིབ་བཤེར་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣ་ལ་འཇིགས་སྐུལ་བྱེད་པ་དང་། ཡིག་ཚགས་བརྫུན་མ་འདོན་སྤྲོད་བྱེད་མཁན་དག་ལ་སྲིད་འཛིན་ཆད་གཅོད་ཀྱི་ཚད་གཞི་ལྟར་ཆད་གཅོད་བྱེད་པ་མ་ཟད་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ བསྡོམས་རྩིས་ལས་ཁུངས་ཀྱིས་ཞིབ་བཤེར་པ་མངག་ནས་སྐྱོན་བརྗོད་བྱེད་པ་དང་། ཉེས་ཁྲིམས་གྲུབ་ཟིན་དག་ལ་ཁྲིམས་ལྟར་བརྩད་གཅོད་བྱེད་རྒྱུ།

        དུམ་ཚན་སོ་བརྒྱད་པ། ཞིབ་བཤེར་མི་སྣས་ཞིབ་བཤེར་བྱེད་ཐབས་ལག་བསྟར་མི་བྱེད་པ་དང་། དྲག་སྐུལ་གྱི་ཞིབ་བཤེར་བྱ་ཡུལ་ལ་ཡིག་ཚགས་བརྫུན་མ་འདོན་སྤྲོད་དང་བཟོ་བཅོས་བྱེདམཁན་དག་ལ། རྫོང་རིམ་པའི་མི་དམངས་སྲིད་གཞུང་བསྡོམས་རྩིས་ལས་ཁུངས་སམ་རྒྱལ་ཁབ་བསྡོམས་རྩིས་ཅུས་ལས་བསྒྲུབས་མི་སྣ་མངག་ནས་དུས་བཅད་དག་སྒྲིག་བྱེད་པ་མ་ཟད་སྲིད་འཛིན་ཆད་གཅོད་ཀྱི་ཚད་གཞི་ལྟར་ཆད་གཅོད་བྱེད་རྒྱུ།

        དུམ་ཚན་སོ་དགུ ཞིབ་ལས་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ལ་གཤམ་གྱི་ཁྲིམས་འགལ་སྤྱོད་སྟངས་ཡོད་ཚེ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་བསྡོམས་རྩིས་ལས་ཁུངས་དང་ཡང་ན་རྒྱལ་ཁབ་རིམ་པའི་བསྡོམས་རྩིས་ཅུས་ཞིབ་བཤེར་རུ་ཁག་མངག་ནས་དུས་བཅད་དག་སྒྲིག་བྱེད་པ་ལས་སྤྱི་བསྒྲགས་སྐྱོན་བརྗོད་བྱེད་པ་དང་། སྤྱོད་སྟངས་དེ་ལས་ཀྱང་ཚབས་ཆེ་ན་ཐད་ཀར་གཙོ་འཛིན་མི་སྣ་དང་ཡང་ན་གཞན་འགན་ཁུར་མི་སྣ་ལ་སྲིད་འཛིན་ཆད་གཅོད་ལྟར་ཆད་གཅོད་བྱེད་རྒྱུ།

        ༡ ཞིབ་བཤེར་གཞུང་སྒྲུབ་ཁང་དང་ཞིབ་བཤེར་པས་ཞིབ་བཤེར་བྱ་བར་གནོད་བསྐྱལ་བ།

        ༢ ཞིབ་བཤེར་པར་ཡིག་ཚགས་བརྫུན་མའམ་ཡང་ན་འཐུས་ཚང་མ་ཡིན་ཡིག་ཚགས་འདོན་སྤྲོད་བྱེད་པ།

        ༣ དུས་ལྟར་ཞིང་ལས་ཞིབ་བཤེར་གྱི་འབྲེལ་ཡོད་ཡིག་ཚགས་འདོན་སྤྲོད་མི་བྱེད་པའམ་མངག་བཅོལ་བཏང་རྗེས་ད་དུང་འདོན་སྤྲོད་མི་བྱེད་པ།

        ༤ ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་བྱ་བར་དགག་དང་བར་ཆད་བྱེད་པ།

        ༥ ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཁྲིམས་འཛིན་ཚན་ཆུང་གི་ཞིབ་བཤེར་བྱེད་སྐབས་སུ་འདོད་མས་ཡིག་ཚགས་མེད་པར་གཏོང་བ་དང་སྦས་སྐོང་བྱེད་པ། ཡང་ན་བསམ་གཟས་ནས་བཟོ་བཅོས་བྱེད་པ།

        ཞིང་ལས་ཐོན་སྐྱེད་ཚོང་གཉེར་ལས་ཁུངས་ལ་གོང་གསལ་གྱི་ཁྲིམས་འགལ་སྤྱོད་སྟངས་ལྡན་ཚེ་རྫོང་རིམ་པའི་མི་དམངས་སྲིད་གཞུང་བསྡོམས་རྩིས་ལས་ཁུངས་སམ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཁྲིམས་འཛིན་རུ་ཁག་མངག་ནས་ཉེན་བརྡ་རྒྱག་པ་མ་ཟད་སྒོར་ཁྲིལྔ་མན་གྱི་ཆད་པ་གཅོད་པ། ཞིང་ལས་ཐོན་སྐྱེད་ལས་གཉེར་ཁྱིམ་ཚང་གི་གོང་གསལ་གྱི་སྤྱོད་སྟངས་ལྡན་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་བསྡོམས་རྩིས་ལས་ཁུངས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཁྲིམས་འཛིན་རུ་ཁག་མངག་ནས་ཉེན་བརྡ་རྒྱག་པ་མ་ཟད་སྒོར་ཁྲི་གཅིག་མན་གྱི་ཁྲིམས་གཅོད་བྱེད་པ།

        ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ལ་གོང་གསལ་ཁྲིམས་སྲོལ་འདི་ཉིད༡དང་༤གསལ་བཤད་བྱས་པའི་སྤྱོད་སྟངས་ལྡན་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་བདེ་དོ་ དམ་གྱི་བཅའ་ཁྲིམས་ལྟར་ཁྲིམས་གཅོད་བྱེད་རྒྱུ།

        དུམ་ཚན་བཞི་བཅུ། ཞིབ་བཤེར་མི་སྣ་རང་སྣང་གང་ཤར་གྱིས་ལས་བསྒྲུབས་བྱས་ནས་གཅོད་དོན་ཚབས་ཆེན་འདྲ་བྱུང་ཚེ་སྲིད་འཛིན་ཁྲིམས་གཅོད་ཀྱི་ཚད་གཞི་ལྟར་ཁྲིམས་གཅོད་བྱེད་པ་མ་ཟད་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་བསྡོམས་རྩིས་ལས་ཁུངས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཁྲིམས་འཛིན་རུ་ཁག་མངག་ནས་སྐྱོན་བརྗོད་བྱེད་རྒྱུ།

        དུམ་ཚན་བཞི་བཅུ་ཞེ་གཅིག ཞིབ་བཤེར་གཞུང་སྒྲུབ་ཁང་གིས་ཐེར་འདོན་ཁ་པར་དང་ཡིག་སྒམ་འཛུགས་ནས་སྤྱི་ཚོགས་ཡོངས་ཀྱིས་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་བྱ་བར་ལྟ་སྐུལ་བྱེད་པ་དང་། བྱ་བ་ལས་བསྒྲུབས་བྱེད་པའི་ཁྲོད་ཀྱི་སྤྱོད་ངན་ཐེར་འདོན་བྱེད་མཁན་ལ་བྱ་དགའ་གནང་བ།དུམ་ཚན་ཞེ་ཉིས། ཁྲིམས་སྲོལ་འདི་ཉིད་སྤྱི་བསྒྲགས་བྱས་པ་ནས་བཟུང་ལག་བསྟར་བྱེད་དགོས།

        ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བསྡོམས་རྩིས་བཅའ་ཁྲིམས།(གསར་དུ་དག་སྒྲིག་བྱས་རྗེས།)

        ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུའུ་ཞིའི་བཀའ་སློང་།

        ཐེངས་བཅོ་ལྔ་བ།

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བསྡོམས་རྩིས་བཅའ་ཁྲིམས།》དེའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་ཐེངས་དགུ་བའི་ཚོགས་འདུ༢༠༠༩ལོའི་ཟླ༦ཚེས༢༧ཉིན་དག་སྒྲིག་བྱས་པ་མ་ཟད་ཆོག་མཆན་གནང་། ད་ལྟར་དག་སྒྲིག་བྱས་རྗེས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བསྡོམས་རྩིས་ བཅའ་ཁྲིམས།〉སྤྱི་བསྒྲགས་བྱས་པ་དང་། ༢༠༡༠ལོའི་ཟླ༡པའི་ཚེས༡ཉིན་ནས་བཟུང་ལག་བསྟར་བྱེད་དགོས།

        ཀུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི ཧའོ་ཅིན་ཐའོ།

        2009ལོའི་ཟླ༦པའི་ཚེས༢༧ཉིན།

        ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བསྡོམས་རྩིས་བཅའ་ཁྲིམས།

        (༡༩༨༣ལོའི་ཟླ༡༢པའི་ཚེས༨ཉིན། སྐབས་དྲུག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་ཚོགས་འདུ〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བསྡོམས་རྩིས་བཅའ་ཁྲིམས་དག་སྒྲིག་བྱེད་པའི་ཐད་ཀྱི་ཆོད་དོན།〉༢༠༠༩ལོའི་ཟླ༦ཚེས༢༧ཉིན་སྐབས་བཅུ་གཅིག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་ཐེངས་གཅིག་པའི་ཚོགས་འདུའི་སྟེང་དག་སྒྲིག་བྱས་པ།)

        ཁག་དང་པོ། རྩ་དོན།

        དུམ་ཚན་དང་པོ། ཚན་རིག་དང་ཕན་ནུས་ལྡན་པའི་སྒོས་ནས་བསྡོམས་རྩིས་བྱ་བར་རྩ་འཛུགས་བྱས་ཏེ་བསྡོམས་རྩིས་བྱ་བའི་ཡིག་ཚགས་ཀྱི་དྲང་བདེན་རང་བཞིན་དང་དག་ཆའི་རང་བཞིན། འཐུས་ཚང་རང་བཞིན། དུས་ཡུན་རང་བཞིན་ལ་ག་ཐེག་བྱས་ནས་རྒྱལ་ཁབ་གནས་ཚུལ་ལ་རྒྱུས་ལོན་བཟང་བོ་བྱས་ནས་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ཁྲོད་བསྡོམས་རྩིས་ཀྱིས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དེང་རབས་སྤྱི་ཚོགས་ལས་དོན་སྐུལ་འདེད་བྱེད་ཆེད། ཆེད་དུ་ཁྲིམས་སྲོལ་འདི་ཉིད་གཏན་འབེབས་བྱས།

        དུམ་ཚན་གཉིས་པ། བཅའ་ཁྲིམས་འདི་ཉིད་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་བསྡོམས་རྩིས་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས་ཀྱིས་རྩ་འཛུགས་བྱས་པའི་བསྡོམས་རྩིས་བྱ་འགུལ་ལ་འོས་སོ།

        བསྡོམས་རྩིས་ཀྱི་རྩ་བའི་འོས་འགན་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བསྡོམས་རྩིས་ཞིབ་བཤེར་དང་བསྡོམས་རྩིས་དབྱེ་ཞིབ་བྱེད་པ། བསྡོམས་རྩིས་ཀྱི་ཡིག་ཚགས་འདོན་སྤྲོད་བྱེད་པ་དང་བསྡོམས་རྩིས་སྐོར་གྱི་གནས་ཚུལ་འདྲི་གཅོད་བྱེད་པ། བསྡོམས་རྩིས་བྱ་བར་ལྟ་སྐུལ་བྱེད་པ་དེ་ཡིན།

        དུམ་ཚན་གསུམ་པ། རྒྱལ་ཁབ་ཀྱི་གཅིག་གྱུར་སྒོས་བསྡོམས་རྩིས་ཡིག་ཚགས་བསྒྲིགས་བཟོ་བྱེད་པ་དང་། གཅིག་གྱུར་སྒོས་སྣེ་འཁྲིད་བྱེད་པ་དང་ཁག་བགོས་ནས་བསྡོམས་རྩིས་དོ་དམ་སྒྲིག་གཞིར་འགན་ཁུར་བྱེད་དགོས།

        དུམ་ཚན་བཞི་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ས་གནས་སྲིད་གཞུང་། འབྲེལ་ཡོད་ལས་ཁུངས་ཀྱིས་ངེས་པར་དུ་བསྡོམས་རྩིས་བྱ་བའི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ་བསྡོམས་རྩིས་བྱ་བར་དགོས་དངོས་ཀྱི་དགོས་མཁོ་འདོན་སྤྲོད་བྱེད་དགོས།

        དུམ་ཚན་ལྔ་བ། རྒྱལ་ཁབ་ཀྱིས་བསྡོམས་རྩིས་བྱ་བའི་ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་དང་བསྡོམས་རྩིས་མ་ལག་འཐུས་ཚང་དུ་གཏོང་དགོས། མུ་མཐུད་དུ་བསྡོམས་རྩིས་ཞིབ་བཤེར་གྱི་བྱེད་ཐབས་ལེགས་སྒྲིག་བྱས་ནས་བསྡོམས་རྩིས་བྱ་བའི་ཚན་རིག་རང་བཞིན་མཐོར་འདེགས་བྱེད་དགོས།

        རྒྱལ་ཁབ་ཀྱིས་འཆར་གཞི་ལྡན་པའི་སྒོ་ནས་ཡིག་ཚགས་བསྡུ་ལེན་དང་གསོག་འཇོག མཉམ་སྤྱོད། སྒྲིག་བཟོ་བཅས་ཀྱི་བྱ་བ་ལེགས་པར་བསྒྲུབས་དགོས།

        དུམ་ཚན་དྲུག་པ། བསྡོམས་རྩིས་ལས་ཁུངས་དང་བསྡོམས་རྩིས་ལས་སྒྲུབ་མི་སྣས་ངེས་པར་དུ་ཁྲིམས་སྲོལ་འདི་ཉིད་ཀྱི་གཏན་འབེབས་ལྟར་བསྡོམས་རྩིས་ཞིབ་བཤེར་དང་བསྡོམས་རྩིས་སྙན་ཞུ། བསྡོམས་རྩིས་ལྟ་སྐུལ་བཅས་ཀྱི་ཁེ་དབང་བེད་སྤྱད་བྱེད་དགོས། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་སྲིད་གཞུང་བསྡོམས་རྩིས་ལས་ཁུངས། ཡང་ན་འབྲེལ་ཡོད་ལས་ཁུངས་དང་ལས་ཁུངས་སོ་སོའི་འགན་ ཁུར་བས་རང་འདོད་ལྟར་བསྡོམས་རྩིས་ལས་ཁུངས་དང་བསྡོམས་རྩིས་མི་སྣས་བསྡུ་ལེན་ནམ་གསོག་འཇོག་བྱས་པའི་ཡིག་ཚགས་ལ་བཟོ་བཅོས་བྱས་མི་ཆོག་པ་མ་ཟད་བསྡོམས་རྩིས་ལས་ཁུངས་སམ་མི་སྣ་ལ་ཡིག་ཚགས་བཟོ་བཅོས་དང་མེད་པར་གཏོང་དགོས་པའི་བསམ་འཆར་བཏོན་མི་ཆོག ཁྲིམས་འཛིན་མི་སྣ་ལ་འཇིགས་སྐུལ་དང་ངན་སེམས་ཀྱང་བྱེད་མི་རུང་།

        དུམ་ཚན་བདུན་པ། རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་དང་ཁེ་ལས་དོན་ལས་ཁུངས། ཡང་ན་གཞན་རྩ་འཛུགས་ཚོགས་པ་ལ་སོགས་པའི་བསྡོམས་རྩིས་བྱ་ཡུལ་དག་གི་ངེས་པར་དུ་ཁྲིམས་སྲོལ་འདི་ཉིད་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་དྲང་བདེན་འཐུས་ཚང་ངང་བསྡོམས་རྩིས་ཞིབ་བཤེར་གྱི་ དགོས་མཁོ་ལྟར་ཡིག་ཚགས་འདོན་སྤྲོད་བྱེད་པ་ལས་རང་སྣང་གང་ཤར་གྱིས་ཡིག་ཆ་བརྫུན་མ་དང་ཡིག་ཚགས་མི་སྟེར་བའི་སྤྱོད་སྟངས་སོགས་ཡོད་མི་རུང་།

        དུམ་ཚན་བརྒྱད་པ། བསྡོམས་རྩིས་བྱ་བའི་སྤྱི་ཚོགས་ཡོངས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། ལས་ཁུངས་དང་མི་སྒེར་གང་ཡིན་རུང་དེ་དག་ཚང་མར་ཁྲིམས་འགལ་གྱི་སྤྱོད་སྟངས་ཐེར་འདོན་བྱེད་པའི་དབང་ཆ་ཡོད། སྤྱོད་ངན་ཐེར་འདོན་བྱེད་མཁན་གྱི་ལས་ཁུངས་སམ་མི་སྒེར་ལ་བཟང་བསྟོད་བྱེད་ངེས།

        དུམ་ཚན་དགུ་བ། བསྡོམས་རྩིས་ལས་ཁུངས་དང་བསྡོམས་རྩིས་མི་སྣས་བསྡོམས་རྩིས་ལས་སྒྲུབ་ཁྲོད་རྒྱལ་ཁབ་རིམ་པའི་གསང་བ་ལ་ཤེས་གསལ་ཡོད་ཚེ་དེར་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས།

        དུམ་ཚན་བཅུ་བ། ལས་ཁུངས་དང་མི་སྒེར་གང་རུང་གིས་བསྡོམས་རྩིས་ཀྱི་ཡིག་ཚགས་བརྫུན་མར་བརྟེན་ནས་རང་ཉིད་ཀྱི་འདོད་པའམ་ཡང་ན་ཐོབ་ཐང་དང་གོ་ས་གོང་འཕལ་དུ་གཏོང་བའི་སྤྱོད་པ་འདྲ་ཡོད་མི་སྲིད།

        ཁག་གཉིས་པ། བསྡོམས་རྩིས་ཞིབ་བཤེར་དོ་དམ།

        དུམ་ཚན་བཅུ་གཅིག་པ། བསྡོམས་རྩིས་ཞིབ་བཤེར་ལས་གཞི་ལ་རྒྱལ་ཁབ་བསྡོམས་རྩིས་ཞིབ་བཤེར་ལས་གཞི་དང་ལས་ཁུངས་བསྡོམས་རྫིས་ཞིབ་བཤེར་ལས་གཞི ས་གནས་བསྡོམས་རྩིས་ཞིབ་ལས་གཞི་སྟེ་གསུམ་ཡོད་དོ། བསྡོམས་རྩིས་ཞིབ་བཤེར་ལས་གཞི་ཞེས་པ་ནི་རྒྱལ་ཡོངས་རང་བཞིན་གྱི་རྨང་གཞིའི་གནས་ཚུལ་བསྡོམས་རྩིས་ཞིབ་བཤེར་བྱེད་པའི་ལས་གཞི་ལ་གོ ལས་ཁུངས་བསྡོམས་རྩིས་ཞིབ་བཤེར་ལས་གཞི་ཞེས་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་ཀྱི་ཆེད་ལས་རང་བཞིན་ཅན་གྱི་བསྡོམས་རྩིས་ཞིབ་བཤེར་ལས་གཞི་ལ་གོ ས་གནས་བསྡོམས་རྩིས་ཞིབ་བཤེར་ལས་གཞི་ཞེས་པ་ནི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་བསྡོམས་ཞིབ་བཤེར་བྱེད་པ་ལ་གོ

        རྒྱལ་ཁབ་བསྡོམས་རྩིས་ལས་གཞི་དང་ལས་ཁུངས་བསྡོམས་རྩིས་ཞིབ་བཤེར་ལས་གཞི ས་གནས་བསྡོམས་རྩིས་ཞིབ་བཤེར་བཅས་ནི་འགན་འཁྲི་ངེས་གསལ་དང་གཅིག་ལ་གཅིག་བརྟེན་དུ་གནས་ཡོད་ཀྱང་ཕན་ཚུན་བསྐྱར་ཟློས་བྱས་མི་ཆོག

        དུམ་ཚན་བཅུ་གཉིས་པ། རྒྱལ་ཁབ་བསྡོམས་རྩིས་ཞིབ་བཤེར་ལས་གཞི་ནི་རྒྱལ་ཁབ་བསྡོམས་རྩིས་ཅུས་གཏན་འབེབས་བྱས་པའམ་ཡང་ན་རྒྱལ་ཁབ་བསྡོམས་རྩིས་ཅུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཉིས་ཀྱིས་མཉམ་དུ་གཏན་པ་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་དུ་ཡིག་ཚགས་བཀོད་དགོས། གལ་ཆེན་རང་བཞིན་གྱི་བསྡོམས་རྩིས་ཞིབ་བཤེར་ལས་གཞི་དེའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་བཀོད་དགོས།

        ལས་ཁུངས་བསྡོམས་རྩིས་ཞིབ་བཤེར་ལས་གཞི་དེའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་གཏན་འབེབས་བྱེད་དགོས།བསྡོམས་རྩིས་ཞིབ་བཤེར་བྱ་ཡུལ་ནི་རང་ལས་ཁུངས་ཁོངས་གཏོགས་ལས་ཁུངས་ཁག་ཡིན་དགོས་པ་དང་དེ་ཞིབ་བཤེར་བྱས་རྗེས་ངེས་པར་དུ་རྒྱལ་ཁབ་བསྡོམས་རྩིས་ཅུ་རུ་ཡིག་ཚགས་སམ་མིང་རྟགས་འགོད་དགོས་ལ། གལ་ཏེ་ཞིབ་བཤེར་བྱ་ཡུལ་དེའི་ཞིབ་བཤེར་གྱི་ཁྱབ་ཁོངས་ལས་བརྒལ་ན་ངེས་པར་དུ་རྒྱལ་ཁབ་བསྡོམས་རྩིས་ཅུ་རུ་ཆོག་མཆན་གྱི་སྙན་ཞུ་འབུལ་དགོས། ས་གནས་བསྡོམས་རྩིས་ཞིབ་བཤེར་ལས་གཞི་ནི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་བསྡོམས་རྩིས་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས་གཉིས་ཀའི་གཏན་འབེབས་བྱེད་པའམ་ཡང་ན་ལས་ཁུངས་དེའི་གཉིས་ཀྱིས་མཉམ་དུ་གཏན་འབེབས་བྱེད་དགོས། ནང་གསེས་སུ། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་བསྡོམས་རྩིས་ལས་ཁུངས་དེའི་སྒེར་དུ་རྩ་འཛུགས་བྱེད་པའམ་ཡང་ན་ལས་ཁུངས་གཞན་དང་མཉམ་འབྲེལ་སྒོས་གཏན་འབེབས་བྱེད་དགོས་ལ། གཏན་འབེབས་བྱས་རྗེས་རྒྱལ་ཁབ་བསྡོམས་རྩིས་ཅུ་རུ་ཡིག་ཚགས་བཀོད་དགོས། ཞིཨང་ཆེན་རིམ་པ་མན་གྱིས་མི་དམངས་སྲིད་གཞུང་མི་དམངས་བསྡོམས་རྩིས་བྱ་བ་ལས་ཁུངས་རང་ཉིད་ཁོ་ནའམ་ཡང་ན་ལས་ཁུངས་གཞན་དང་མཉམ་འབྲེལ་སྒོས་གཏན་འབེབས་བྱས་ནས་ཞིང་ཆེན་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཆོག་མཆན་གནང་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུཡངས་ཀྱིས་གཏན་འབེབསབྱས་པ་དེའི་ས་གནས་མི་དམངས་སྲིད་གཞུང་ཀྱི་བསྡོམས་རྩིས་ལས་ཁུངས་ལ་སྙན་ཞུ་བྱས་ཏེ་ཆོག་མཆན་ཐོབ་དགོས།

        དུམ་ཚན་བཅུ་གསུམ་པ། བསྡོམས་རྩིས་ཞིབ་བཤེར་ལས་གཞིའི་ཞིབ་བཤེར་ཆོག་མཆན་ལས་ཁུངས་ཀྱིས་ཞིབ་བཤེར་ལས་གཞིའི་དགོས་ངེས་རང་བཞིན་དང་ཚན་རིག་རང་བཞིན་ལ་ཞིབ་བཤེར་བྱེད་དགོས། ཁྲིམས་སྲོལ་གྱི་ཆ་རྐྱེན་དང་མཐུན་པ་ལ་ཡིག་ཐོག་ནས་ཆོག་མཆན་བཀོད་དགོས་པ་མ་ཟད་སྤྱི་བསྒྲགས་བྱེད་དགོས། ཁྲིམས་སྲོལ་གྱི་ཆ་རྐྱེན་དང་མི་མཐུན་པ་ལ་ཡིག་ཐག་ནས་ཆོག་མཆན་མི་གནང་བའི་བརྡ་ སྦྱོར་གཏོང་དགོས་པ་མ་ཟད་གསལ་བཤད་ཀྱང་གསལ་བོར་བཤད་དགོས།

        དུམ་ཚན་བཅུ་བཞི་བ། བསྡོམས་རྩིས་ཞིབ་བཤེར་གྱིས་ལས་གཞི་གཏན་འབེབས་བྱས་རྗེས་དུས་ཐོག་ཏུ་ལས་གཞི་དེ་ཉིད་ལ་ཞིབ་བཤེར་བྱེད་པའི་འབྲེལ་ཡོད་སྒྲིག་ཁྲིམས་འཛུགས་དགོས་པ་མ་ཟད་ཁྲིམས་སྲོལ་འདི་ཉིད་ཀྱི་དུམ་ཚན་བཅུ་གཉིས་པའི་འབྲེལ་ཡོད་གཏན་འབེབས་བཞིན་རིམ་པ་བཞིན་གོང་རིམ་དུ་ཆོག་མཆན་སྙན་ཞུ་འབུལ་དགོས།

        བསྡོམས་རྩིས་ཞིབ་བཤེར་སྒྲིག་ཁྲིམས་དེའི་ཞིབ་བཤེར་གྱི་དམིགས་ཡུལ་དང་ཞིབ་བཤེར་གྱི་ནང་དོན། ཞིབ་བཤེར་བྱེད་ཐབས། ཞིབ་བཤེར་བྱ་ཡུལ། ཞིབ་བཤེར་གྱི་རྩ་འཛུགས་བྱེད་ཐབས། ཞིབ་བཤེར་གྱི་གསལ་བཤད་བྱེད་ཕྱོགས། བསྡོམས་རྩིས་ཡིག་ཚགས་གོང་ཞུ་དང་སྤྱི་བསྒྲགས་ཐད་ཁྲིམས་སྲོལ་གསལ་བར་གཏན་འབེབས་བྱེད་དགོས། བསྡོམས་རྩིས་ཞིབ་བཤེར་དེའི་བསྡོམས་རྩིས་ཞིབ་བཤེར་སྒྲིག་ཁྲིམས་གྱི་རྩ་འཛུགས་ལྟར་ལག་བསྟར་བྱེད་དགོས།

        དུམ་ཚན་བཅོ་ལྔ་བ། བསྡོམས་རྩིས་ཞིབ་བཤེར་གྱི་རེའུ་མིག་ལ་རྣམ་གྲངས་དང་གཏན་འབེབས་ལས་ཁུངས། ཆོག་མཆན། ཡིག་ཚགས་ཀྱི་རྣམ་གྲངས། ནུས་ཡོད་ཀྱི་དུས་ཡུན་སོགས་གསལ་བོར་བཀོད་དགོས།

        རེའུ་མིག་གི་འབྲེལ་ཡོད་གཏན་འབེབས་མེད་པ་དང་ནུས་ཡོད་དུས་ཚོད་འགོར་ཟིན་པའི་རེའུ་མིག་དེར་ཞིབ་བཤེར་བྱ་ཡུལ་ལ་མི་འབྲི་བའི་ཁེ་དབང་ཡོད། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་འབྲེལ་ཡོད་ཁྲིམས་སྲོལ་ལྟར་དུས་ལྟར་གཏན་འགོག་བྱེད་དགོས།

        དུམ་ཚན་བཅུ་དྲུག་པ། བསྡོམས་རྩིས་ཀྱི་འབྲེལ་ཡོད་ཡིག་ཚགས་བསྡུ་ལེན་དང་དོ་ བདག་བྱེད་སྐབས་སུ་དུས་ཡུན་རང་བཞིན་གྱི་ཞིབ་བཤེར་བྱེད་པ་རྨང་གཞི་དང་དུས་རྒྱུན་སྐོང་འཐེན་ཞིབ་བཤེར་བྱེད་པ་གཞི་རྩ་དང་ཕྱོགས་བསྡུས་ཞིབ་བཤེར། གཙོ་གནད་ཞིབ་བཤེར་བྱེད་པ་ལ་སོགས་པའི་བྱེད་ཐབས་སྤྱོད་དགོས་པ་མ་ཟད་སྲིད་འཛིན་ཐོ་འགོད་སྐོར་གྱི་ཡིག་ཚགས་ཀྱང་བེད་སྤྱོད་གང་ལེགས་བྱེད་དགོས། རྒྱལ་ ཁབ་ཀྱི་གནས་ཚུལ་ལ་སོགས་པའི་ཞིབ་བཤེར་བྱ་བ་དེའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ གཅིག་གྱུར་སྒོས་སྣེ་འཁྲིད་བྱེད་དགོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ས་ གནས་མི་དམངས་སྲིད་གཞུང་གིས་བསྡོམས་རྩིས་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས་རྩ་འཛུགས་བྱས་ནས་མཉམ་དུ་ལག་བསྟར་བྱེད་དགོས།

        དུམ་ཚན་བཅུ་བདུན་པ། རྒྱལ་ཁབ་ཀྱིས་གཅིག་གྱུར་སྒོས་བསྡོམས་རྩིས་ཀྱི་ཚད་གཞི་གཏན་འབེབས་བྱས་ནས་བསྡོམས་རྩིས་ཚད་གཞི་དང་རྩིས་བཤེར་བྱེད་ཐབས། དཀར་ཆགས་ཀྱི་དབྱེ་བ། ཞིབ་བཤེར་གྱི་དབྱེ་བ་སོགས་ཚད་ལྡན་རང་བཞིན་དུ་གཏོང་བར་ཁག་ཐེག་བྱེད་དགོས། རྒྱལ་ཁབ་བསྡོམས་རྩིས་ཀྱི་ཚད་གཞི་དེའི་རྒྱལ་ཁབ་བསྡོམས་བསྡོམས་རྩིས་ཅུས་གཏན་འབེབས་བྱེད་པའམ་ཡང་ན་རྒྱལ་ཁབ་བསྡོམས་རྩིས་ཅུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚད་ལྡན་གཙོ་འཛིན་ལས་ཁུངས་གཉིས་ཀྱིས་མཉམ་དུ་གཏན་འབེབས་བྱེད་དགོས། རྒྱལ་སྲིད་སྤྱི་ཁབ་ཁང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་ཁ་གསབ་རང་བཞིན་གྱི་ཚད་གཞི་བཏོན་ཆོག་ལ། ཡིན་ཡང་ངེས་པར་དུ་རྒྱལ་ཁབ་བསྡོམས་རྩིས་ཅུ་ལ་ཡར་ཞུ་བྱས་ནས་ཆོག་མཆན་བཀོད་དགོས། ལས་ཁུངས་ཀྱི་བསྡོམས་རྩིས་ཚད་གཞི་དེའི་རྒྱལ་ཁབ་ཀྱི་ཚད་གཞི་དང་རྒྱབ་འགལ་དུ་སོང་མི་རུང་།

        དུམ་ཚན་བཅོ་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་བྱ་བའི་འོས་འགན་གྱི་དགོས་མཁོ་ལྟར་འབྲེལ་ཡོད་ཡིག་ཆ་དྲ་རྒྱའི་སྟེང་གོང་རིམ་དུ་སྙན་ཞུ་བྱས་ཆོག

        དུམ་ཚན་བཅུ་དགུ་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་ཞུང་གི་བསྡོམས་རྩིས་བྱ་བའི་ཁྲོད་དགོས་དངོས་ཀྱི་མ་དངུལ་དེའི་ནོར་སྲིད་ཀྱི་གྲས་སུ་འཇོག་དགོས། རྒྱལ་ཁབ་གནས་ཚུལ་སྐོར་ཞིབ་བཤེར་བྱ་བའི་སྐབས་སུ་དགོས་པའི་མ་དངུལ་དེ་དག་རྒྱལ་སྲིད་སྤྱི་ཁབ་ཁང་དང་ས་གནས་མི་དམངས་སྲིད་གཞུང་གིས་མཉམ་དུ་འགན་ཁུར་དགོས་པར་མ་ཟད་ལོའི་ནོར་སྲིད་སྔོན་རྩིས་ཀྱི་གྲས་སུ་བཞག་ནས་དུས་ལྟར་མ་དངུལ་བཏང་ནས་བསྡོམས་རྩིས་ཞིབ་བཤེར་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས།

        ཁག་གསུམ་པ། བསྡོམས་རྩིས་ཡིག་ཚགས་ཀྱི་དོ་དམ་དང་སྤྱི་བསྒྲགས།

        དུམ་ཚན་ཉི་ཤུ་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས། ཞང་དང་གྲོང་བརྡལ་མི་དམངས་སྲིད་གཞུང་་བཅས་ཀྱིས་རྒྱལ་ཁབ་རིམ་པའི་འབྲེལ་ཡོད་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་བསྡོམས་རྩིས་ཡིག་ཚགས་གསོག་འཇོག་དང་དོ་དམ་སྒྲིག་ཁྲིམས་ཀྱི་ཡིག་ཚགས་བཟོས་ནས་བསྡོམས་རྩིས་ཡིག་ཚགས་མཉམ་སྤྱོད་ཀྱི་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས།

        དུམ་ཚན་ཉེར་གཅིག་པ། རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་དང་ཁེ་ལས་དོན་ལས་ལས་ཁུངས། གཞན་རྩ་འཛུགས་ཚོགས་པ་ལ་སོགས་པའི་བསྡོམས་རྩིས་ཞིབ་བཤེར་བྱ་ཡུལ་གྱི་རྒྱལ་ཁབ་རིམ་པའི་འབྲེལ་ཡོད་གཏན་འབེབས་ལྟར་གདོད་མའི་ཡིག་ཚགས་དང་བསྡོམས་རྩིས་རྩིས་ཐོ་འཛུགས་དགོས་པ་དང་། བསྡོམས་རྩིས་ཡིག་ཚགས་ཞིབ་བཤེར་དང་སྙན་ཞུ་ལ་སོགས་པའི་དོ་དམ་སྒྲིག་ཁྲིམས་འཐུས་ཚང་བྱེད་དགོས། བསྡོམས་རྩིས་ཡིག་ཚགས་ཀྱི་ཞིབ་བཤེར་དང་མིང་རྟགས་འགོད་པའི་མི་སྣས་བསྡོམས་རྩིས་ཡིག་ཚགས་ཞིབ་བཤེར་གྱི་དྲང་བདེནཔ་རང་བཞིན་དང་འཐུས་ཚང་རང་བཞིན་ལ་འགན་ཁུར་དགོས།

        དུམ་ཚན་ཉེར་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་དུས་ལྟར་རང་ས་གནས་ཀྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ལ་བསྡོམས་རྩིས་ཞིབ་བཤེར་དགོས་དངོས་ཀྱི་སྲིད་འཛིན་ཡིག་ཚགས་དང་རྒྱལ་དམངས་དཔལ་འབྱོར་རྩིས་བཤེར་སྐོར་གྱི་ནོར་དོན་ཡིག་ཚགས། ནོར་སྲིད་ཡིག་ཚགས་དང་དེ་ལས་གཞན་གྱི་འབྲེལ་ཡོད་ཡིག་ཚགས་མཁོ་སྤྲོད་བྱེད་དགོས་པ་མ་ཟད་བསྡོམས་རྩིས་ཞིབ་བཤེར་གྱི་སྒྲིག་ཁྲིམས་ལྟར་ས་གནས་མི་དམངས་སྲིད་ལུང་གཞུང་གི་བསྡོམས་རྩིས་ལས་ཁུངས་ལ་སྙན་ཞུ་འབུལ་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་དུས་ལྟར་རང་ས་གནས་ཀྱི་མི་དམངས་སྲིད་གཞུང་ལ་འབྲེལ་ཡོད་ཡིག་ཚགས་མཁོ་སྤྲོད་བྱེད་དགོས།

        དུམ་ཚན་ཉེར་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བསྡོམས་རྩིས་ཀྱི་ཡིག་ཚགས་སྤྱི་བསྒྲགས་བྱེད་དགོས། རྒྱལ་ཁབ་བསྡོམས་རྩིས་ཀྱི་ཡིག་ཚགས་ཀྱི་ཚད་གཞི་དེའི་རྒྱལ་ཁབ་བསྡོམས་རྩིས་ཅུའི་ཡིག་ཚགས་ཀྱི་ཚད་གཞི་དེ་ཡིན།

        དུམ་ཚན་ཉེར་བཞི་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སལ་ཁུངས་ཀྱིས་ཞིབ་བཤེར་བྱས་རྗེས་ཀྱི་བསྡོམས་རྩིས་ཡིག་ཚགས་དེའི་རང་ལས་ཁུངས་ཀྱིས་རྒྱལ་ཁབ་རིམ་པའི་འབྲེལ་ཡོད་གཏན་འབེབས་ལྟར་སྤྱི་བསྒྲགས་བྱ་དགོས།

        དུམ་ཚན་ཉེར་ལྔ་བ། བསྡོམས་རྩིས་ཞིབ་བཤེར་བྱ་བའི་ཁྲོད་རིགས་དཔྱད་བྱས་ནས་མི་སྒེར་གྱི་ཡིག་ཚགས་ལོན་ཟིན་པ་དེའི་ལས་ཁུངས་དང་མི་སྒེར་གང་རུང་གིས་སྲུང་སྐྱབ་བྱེད་པ་ལས་དམིགས་ཡུལ་གཞན་གྱིས་དོན་དུ་ཕྱིར་སྒྲོག་མི་ཆོག

        དུམ་ཚན་ཉེར་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས་ཀྱིས་བསྡོམས་རྩིས་ཞིབ་བཤེར་ལས་ཁུངས་ཀྱིས་བསྡོམས་རྩིས་ཡིག་ཚགས་བླངས་རྗེས། ཁྲིམས་ལྟར་སྲུང་སྐྱོབ་བྱེད་པ་ལས་དུས་ལྟར་སྤྱི་བསྒྲགས་བྱས་ཆོག་རྣམས་སྤྱི་ཚོགས་སྟེང་སྤྱི་བསྒྲགས་བྱེད་དགོས།

        ཁག་བཞི་བ། བསྡོམས་རྩིས་ལས་ཁུངས་དང་བསྡོམས་རྩིས་མི་སྣ།

        དུམ་ཚན་ཉེར་བདུན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་བསྡོམས་རྩིས་སྡེ་ཁག་འཛུགས་དགོས་པ་དང་། ཁྲིམས་ལྟར་མགོ་ཁྲིད་རྩ་འཛུགས་དང་རྒྱལ་ཡོངས་ཀྱི་བསྡོམས་རྩིས་བྱ་བམཐུན་སྦྱོར་བྱེད་དགོས། རྒྱལ་ཁབ་བསྡོམས་རྩིས་ཅུས་བྱ་བའི་དགོས་མཁོ་ལྟར་ཞིབ་བཤེར་སྡེ་ཁག་མངག་གཏོང་བྱ་དགོས་པ་དང་དེའི་རྒྱལ་ཁབ་བསྡོམས་རྩིས་ཅུས་བཀོད་སྒྲིག་བྱས་པའི་བསྡོམས་རྩིས་ཞིབ་བཤེར་གྱི་བྱ་བ་དང་ལེན་བྱེད་དགོས།

        རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་བསྡོམས་རྩིས་ལས་ཁུངས་འཛུགས་དགོས་པ་དང་། ཞང་གྲོང་མི་དམངས་སྲིད་གཞུང་གིས་བྱ་བའི་དགོས་མཁོ་ལྟར་བསྡོམས་རྩིས་བྱ་བའི་ལས་གནས་འཛུགས་དགོས་པ་མ་ཟད་ཆེད་སྤྱོད་ཀྱི་ལས་སྒྲུབ་མི་སྣ་བཀོད་སྒྲིག་བྱས་ནས་ཁྲིམས་ལྟར་བསྡོམས་རྩིས་དོ་དམ་དང་བསྡོམས་རྩིས་ཞིབ་བཤེར་གྱི་བྱ་བ་བཀོད་སྒྲིག་ལེགས་པོ་བྱས་ནས་བསྡོམས་རྩིས་ཞིབ་བཤེར་གྱི་བྱ་བ་ལེགས་པར་སྤེལ་དགོས།

        དུམ་ཚན་ཉེར་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་གནས་བབ་ཀྱི་བྱ་བའི་བཀོད་སྒྲིག་ལྟར་མི་སྣ་བཀོད་སྒྲིག་བྱེད་དགོས་པ་མ་ཟད་བསྡོམས་རྩིས་འགན་ཁུར་གྱི་མི་སྣ་གཏན་འཁེལ་བྱས་ནས་རང་ས་གནས་ཀྱི་བསྡོམས་རྩིས་བྱ་བ་དེའི་ལེགས་པར་བསྒྲུབས་དགོས།

        དུམ་ཚན་ཉེར་དགུ་བ། བསྡོམས་རྩིས་ལས་ཁུངས་དང་བསྡོམས་རྩིས་མི་སྣས་ཁྲིམས་ལྟར་རང་ཉིད་ཀྱི་འགན་འཁྲི་དང་ལེན་བྱས་ནས་དྲང་བདེན་ངང་བསྡུ་ལེན་དང་ཡིག་ཚགས་ཡར་ཞུ་བཅས་བྱེད་དགོས་པ་ལས་ཡིག་ཚགས་བཟོ་བཅོས་སོགས་བྱེད་མི་རུང་ལ། གང་སྣང་གང་ཤར་གྱིས་དྲང་བདེན་མ་ཡིན་པའི་ཡིག་ཚགས་བརྫུན་མ་དང་ཁྲིམས་འཚོལ་འདི་ཉིད་དང་འགལ་བའི་སྤྱོད་སྟངས་སོགས་ཡོད་མི་རུང་། བསྡོམས་རྩིས་མི་སྣས་དངོས་ཐོག་བདེན་འཚོལ་དང་འབད་པ་ལྷུར་ལེན་གྱི་ལས་གནས་རྩ་དོན་གཞིར་བཟུང་ནས་བསྡོམས་རྩིས་ཡིག་ཚགས་ཞིབ་བཤེར་དང་དོ་དམ་གྱི་བྱ་བ་དམ་པར་བཟུང་ནས་བསྡོམས་རྩིས་ཡིག་ཚགས་གཅིག་མཐུན་རང་བཞིན་ལ་འགན་ཁུར་དགོས།

        དུམ་ཚན་སུམ་བཅུ་བ། བསྡོམས་རྩིས་མི་སྣས་བསྡོམས་རྩིས་ཞིབ་བཤེར་བྱེད་པའི་ སྐབས་སུ་བསྡོམས་རྩིས་སྐོར་གྱི་གནད་དོན་འདྲི་གཅོད་བྱེད་པའི་ཁེ་དབང་ཡོད་པ་དང་། འདྲི་གཅོད་བྱེད་པའི་གནད་དོན་དེ་དག་ངེས་པར་དུ་ཡང་དག་པའི་སྒོ་ནས་འདོན་སྤྲོད་བྱེད་པ་ལ་ཞིབ་བཤེར་མི་སྣ་ལ་ཡིག་ཆ་བརྫུན་མ་འདོན་སྤྲོད་བྱེད་མི་རུང་།

        བསྡོམས་རྩིས་མི་སྣས་བསྡོམས་རྩིས་ཞིབ་བཤེར་བྱེད་སྐབས་སུ་ངེས་པར་དུ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་བསྡོམས་རྩིས་འབྲེལ་ཡོད་ལས་ཁུངས་ཀྱིས་བྱིན་པའི་འཛིན་བྱང་སྟོན་དགོས། གལ་ཏེ་འཛིན་བྱང་མེད་ཚེ་བསྡོམས་རྩིས་ཞིབ་བཤེར་བྱ་ཡུལ་ལ་ཞིབ་བཤེར་དང་ལེན་མི་བྱེད་པའི་ཁེ་དབང་ལྡན།

        དུམ་ཚན་སོ་གཅིག་པ། རྒྱལ་ཁབ་ཀྱིས་བསྡོམས་རྩིས་ཆེད་ལས་ལས་གནས་ཐོབ་ཐང་རྒྱུགས་གཞི་དང་གདན་ཞུ་སྒྲིག་ཁྲིམས་ལག་བསྟར་བྱས་ནས་བསྡོམས་རྩིས་མི་སྣས་ཆེད་ལས་སྤུས་ཚད་མཐོར་འདེགས་བྱས་ནས་བསྡོམས་རྩིས་དཔུང་ཁག་གི་བརྟན་འཇགས་རང་བཞིན་ལ་ཁག་ཐེག་བྱེད་དགོས།

        བསྡོམས་རྩིས་མི་སྣ་ལ་བསྡོམས་རྩིས་ཆེད་ལས་ཅན་ཤེས་ཡོན་དང་ལས་སྒོས་ཤེས་ཡོན་ལྡན་དགོས།

        རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་བསྡོམས་རྩིས་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས་ཀྱིས་བསྡོམས་རྩིས་མི་སྣའི་ཆེད་ལས་ཟབ་སྦྱོང་དང་ལས་གནས་ཀུན་སྤྱོད་སློབ་གསོ་ལ་ཤུགས་སྣོན་བྱེད་དགོས།

        ཁག་ལྔ་བ། ལྟ་སྐུལ་ཞིབ་བཤེར །

        དུམ་ཚན་སོ་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་ལྟ་སྐུལ་ལས་ཁུངས་ཀྱིས་རིམ་པ་ཞོལ་མའི་མི་དམངས་སྲིད་གཞུང་དང་རང་ས་གནས་ཀྱི་མི་དམངས་སྲིད་གཞུང་། འབྲེལ་ཡོད་ལས་ཁུངས་ལས་ཁུངས་ཀྱི་ཁྲིམས་འཛིན་གནས་ཚུལ་ལ་ལྟ་སྐུལ་བྱེད་དགོས།

        དུམ་ཚན་སོ་གསུམ་པ། རྒྱལ་ཁབ་བསྡོམས་རྩིས་ཅུས་རྒྱལ་ཡོངས་ཀྱི་བསྡོམས་རྩིས་བྱ་བའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། ཁྲིམས་འགལ་གྱི་སྤྱོད་སྟངས་དེ་དག་ལ་བརྩད་གཅོད་བྱེད་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ བསྡོམས་རྩིས་ལས་ཁུངས་ཀྱིས་རང་ས་གནས་ཀྱི་བསྡོམས་རྩིས་བྱ་བའི་ཁྲིམས་འགལ་གྱི་སྤྱོད་སྟངས་ལ་བརྩད་ཞིབ་བྱེད་དགོས། འོན་ཀྱང་། རྒྱལ་ཁབ་བསྡོམས་རྩིས་ཅུས་མངག་གཏོང་བྱས་པའི་ཞིབ་བཤེར་དཔུང་ཁག་གི་བསྡོམས་རྩིས་ཞིབ་བཤེར་བྱེད་ སྐབས་སུ་བསྡོམས་རྩིས་ཁྲིམས་འགལ་གྱི་གནས་ཚུལ་འདྲ་བྱུང་ན་བསྡོམས་རྩིས་ཞིབ་བཤེར་རྩ་འཛུགས་བྱེད་མཁན་གྱི་བསྡོམས་ཞིབ་བཤེར་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་དགོས།

        ཁྲིམས་ལུགས་དང་སྲིད་འཛིན་སྒྲིག་ཁྲིམས་སོགས་པའི་འབྲེལ་ཡོད་ལས་ཁུངས་ཀྱི་མས་རྩིས་ཁྲིམས་འགལ་བྱ་བར་གཏན་འབེབས་ངེས་གསལ་བྱས་ཡོད་པ་དང་། གལ་ཏེ་ཁྲིམས་འགལ་གྱི་གནས་ཚུལ་འདྲ་བྱུང་ན་ཁྲིམས་སྲོལ་དེ་དག་གི་གཏན་འབེབས་ལྟར་ཐག་གཅོད་བྱེད་དགོས།

        དུམ་ཚན་སོ་བཞི་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་རང་ས་གནས་ཀྱི་མི་དམངས་སྲིད་གཞུང་ལ་རོགས་འདེགས་བཟང་བོ་བྱས་ནས་ཁྲིམས་འགལ་གྱི་སྤྱོད་སྟངས་དེ་དག་ལ་བརྩད་ཞིབ་བྱེད་དགོས་པ་མ་ཟད་དུས་ལྟར་རང་ས་གནས་ཀྱི་བསྡོམས་རྩིས་ལས་ཁུངས་ཁྲིམས་འགལ་གྱི་ཡིག་ཚགས་སོགས་མཁོ་སྤྲོད་བྱེད་དགོས།

        དུམ་ཚན་སོ་ལྔ་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱི་བསྡོམས་རྩིས་ཁྲིམས་འགལ་ཞིབ་བཤེར་དང་བསྡོམས་རྩིས་ཡིག་ཚགས་རྩིས་བཤེར་བྱེད་སྐབས་སུ། གཤམ་གྱི་ཁེ་དབང་དག་བེད་སྤྱོད་བྱས་ཆོག

        ༡ བསྡོམས་རྩིས་ཞིབ་བཤེར་གྱི་འདྲི་གཅོད་ཡིག་ཚགས་བྱིན་ནས་ཞིབ་བཤེར་བྱ་ཡུལ་ལ་འབྲེལ་ཡོད་གནས་ཚུལ་འདྲི་གཅོད་བྱེད་པ།

        ༢ ཞིབ་བཤེར་བྱ་ཡུལ་ལ་གདོད་མའི་ཡིག་ཚགས་དང་རྩིས་ཐོའི་ཡིག་ཚགས། བསྡོམས་རྩིས་ཞིབ་བཤེར་རེའུ་མིག རྩིས་གཉེར་གྱི་འབྲེལ་ཡོད་ཡིག་ཚགས་དང་ལག་རྟགས་མཁོ་སྤྲོད་བྱེད་དགོས་པའི་རེ་བ་བཏོན་ཆོག

        ༣ ཞིབ་བཤེར་དང་འབྲེལ་ཡོད་ཀྱི་གནས་ཚུལ་འདྲི་གཅོད་བྱས་ཆོག

        ༤ ཞིབ་བཤེར་བྱ་ཡུལ་གྱི་ལས་ཁུངས་དུ་སོང་ནས་བསྡོམས་རྩིས་ཡིག་ཚགས་ལ་ཞིབ་བཤེར་བྱས་ཆོག

        ༥ རང་ལས་ཁུངས་ཀྱི་འགན་ཁུར་མི་སྣས་ཆོག་མཆན་བཀོད་རྗེས། གདོད་མའི་ཡིག་ཚགས་དང་རྩིས་ཐོའི་ཡིག་ཚགས། བསྡོམས་རྩིས་ཞིབ་བཤེར་རེའུ་མིག རྩིས་གཉེར་ཡིག་ཚགས་སོགས་ལ་ཇོ་འགོད་དང་དོ་དམ་བྱས་ཆོག

        ༦ ཞིབ་བཤེར་གྱི་གནས་ཚུལ་དང་འབྲེལ་ཡོད་ཀྱི་ཡིག་ཚགས་དང་བརྙན་རིས། འདྲ་པར་སོགས་བསྐྱར་དཔར་དང་ཕབ་ལེན་བྱས་ཆོག

        རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བདོམས་རྩིས་ལས་ཁུངས་གྱིས་ལྟ་སྐུལ་དང་ཞིབ་བཤེར་བྱེད་སྐབས་སུ་ཞིབ་བཤེར་དང་ལྟ་སྐུལ་མི་སྣ་མ་མཐའ་ཡང་མི་གཉིས་དགོས་པ་མ་ཟད་ཁྲིམས་འཛིན་གྱི་འཛིན་བྱང་སྟོན་དགོས་པ་དང་། གལ་ཏེ་ཁྲིམས་འཛིན་འཛིན་བྱང་མེད་ཚེ་འབྲེལ་ཡོད་ལས་ཁུངས་དང་མི་སྒེར་གྱིས་ཞིབ་བཤེར་དང་ལེན་མ་བྱས་ནའང་ཆོག

        དུམ་ཚན་སོ་དྲུག་པ། རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱི་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་སུ། འབྲེལ་ཡོད་ལས་ཁུངས་དང་མི་སྒེར་གྱང་རུང་གིས་ངེས་པར་དུ་ཡང་དག་པའི་ཡིག་ཚགས་འདོན་སྤྲོད་བྱེད་པ་ལས་དེར་བར་ཆོད་གཏོང་བའམ་འབྲེལ་ཡོད་ཀྱི་ཡིག་ཚགས་ལ་བཟོ་བཅོས་བྱས་མི་ཆོག

        ཁག་དྲུག་པ། བཅའ་ཁྲིམས་འགན་དབང །

        དུམ་ཚན་སོ་བདུན་པ། ས་གནས་མི་དམངས་སྲིད་གཞུང་དང་བསྡོམས་རྩིས་ལས་ཁུངས་སམ་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་མི་སྣ་ལ་གཤམ་གྱི་སྤྱོད་སྟངས་ལྡན་ཚེ། ལྟ་སྐུལ་ལས་ཁུངས་ཀྱི་ཁྲིམས་ལྟར་ཐག་གཅོད་བྱས་ཆོག་པ་མ་ཟད་ས་གནས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱི་ཁྱབ་བསྒྲགས་བྱེད་དགོས།

        ༡ རང་སྒེར་གྱིས་ཡིག་ཚགས་ལ་བཟོ་བཅོས་བྱེད་པ།

        ༢ བསྡོམས་རྩིས་ལས་ཁུངས་དང་བསྡོམས་རྩིས་མི་སྣ་ལ་ཡིག་ཚགས་བཟོ་བཅོས་བྱེད་པར་སྐུལ་མ་བྱེད་པ།

        ༣ ཁྲིམས་ལྟར་ཁྲིམས་འཛིན་བྱེད་པའམ་བསྡོམས་རྩིས་ཞིབ་བཤེར་མི་སྣ་ལ་འཇིགས་སྐུལ་དང་ཞིབ་བཤེར་ལ་བར་ཆད་བྱེད་པ།

        ༤ རང་ས་གནས་དང་ལས་ཁུངས་སོགས་སུ་ཚབས་ཆེན་རང་བཞིན་ཅན་གྱི་བསྡོམས་རྩིས་ཁྲིམས་འགལ་གྱི་སྤྱོད་སྟངས་འདྲ་བྱུང་བ།

        དུམ་ཚན་སོ་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས་ཀྱི་བསྡོམས་རྩིས་ཞིབ་བཤེར་བྱ་བ་ལག་བསྟར་བྱེད་པའི་སྐབས་སུ་གཤམ་གྱི་གནས་ཚུལ་འདྲ་བྱུང་ན། རང་ས་གནས་ཀྱི་མི་དམངས་སྲིད་གཞུང་ངམ་གོང་རིམ་མི་དམངས་སྲིད་གཞུང་གིས་བརྡ་ཁྱབ་བཏང་ནས་དག་སྒྲིག་བྱེད་པའི་སྐུལ་མ་བྱེད་དགོས་པ་མ་ཟད་ཁྱབ་བསྒྲགས་བྱེད་དགོས་པ་དང་། འབྲེལ་ཡོད་ཀྱི་འགན་ཁུར་མི་སྣ་ལ་ལྟ་སྐུལ་ལས་ཁུངས་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་ལྟར་ཐག་གཅོད་བྱས་ཆོག

        ༡ ཆོག་མཆན་མ་བཀོད་པར་རང་སྣང་གང་ཤར་གྱིས་བསྡོམས་རྩིས་ཞིབ་བཤེར་གྱི་བྱ་འགུལ་ལག་བསྟར་བྱེད་པ།

        ༢ ཆོག་མཆན་མ་བཀོད་པར་རང་སྣང་གང་ཤར་གྱིས་ཞིབ་བཤེར་གྱི་སྒྲིག་ཁྲིམས་བཟོ་བཅོས་བྱེད་པ།

        ༣ བསྡོམས་རྩིས་ཀྱི་ཡིག་ཚགས་ལ་བཟོ་བཅོས་བྱེད་པ།

        ༤ བསྡོམས་རྩིས་ཞིབ་བཤེར་བྱ་ཡུལ་དང་ལས་ཁུངས་གཞན་དག་ལ་ཡང་དག་མ་ཡིན་པའི་ཡིག་ཚགས་མཁོ་སྤྲོད་བྱེད་དགོས་པའི་སྐུལ་མ་གཏོང་མཁན་ལ།

        ༥ བསྡོམས་རྩིས་ཞིབ་བཤེར་གྱི་འབྲེལ་ཡོད་གཏན་འབེབས་ལྟར་དུས་ལྟར་གོང་རིམ་དུ་ཡིག་ཚགས་ཞུ་འབུལ་མི་བྱེད་པ།

        བསྡོམས་རྩིས་མི་སྣ་ལ་གོང་གསལ་གྱི་དུམ་ཚན་༣པ་ནས་༥བའི་བར་གྱི་སྤྱོད་སྟངས་ལྡན་ཚེ་དུས་ལྟར་དག་སྒྲིག་བྱེད་པ་ལས་དང་དུང་འབྲེལ་ཡོད་ཁྲིམས་སྲོལ་ལྟར་ཐག་གཅོད་བྱས་ཆོག

        དུམ་ཚན་སོ་དགུ་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས་ལ་གཤམ་གྱི་སྤྱོད་སྟངས་འདྲ་བྱུང་ཚེ། དེའི་གཙོ་འཛིན་མི་སྣ་ལ་ལྟ་སྐུལ་ལས་ཁུངས་ཀྱིས་འབྲེལ་ཡོད་ཁྲིམས་སྲོལ་ལྟར་ཐག་གཅོད་བྱེད་རྒྱུ།

        ༡ ཁྲིམས་འགལ་གྱིས་བསྡོམས་རྩིས་ཀྱི་ཡིག་ཚགས་སྤྱི་བསྒྲགས་བྱེད་པ།

        ༢ བསྡོམས་རྩིས་ཞིབ་བཤེར་བྱ་ཡུལ་གྱི་ཚོང་ལས་གསང་བ་དང་མི་རང་ཉིད་ཀྱི་གནས་ཚུལ་སོགས་ཕྱིར་སྒྲོག་བྱེད་པ་ལ།

        ༣ རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལ་དོ་སྣང་མི་བྱེད་པར་ཡིག་ཚགས་བཟོ་བཅོས་བྱེད་པ་དང་མེད་པར་དུ་གཏོང་བ་ལ།

        བསྡོམས་རྩིས་མི་སྣ་ལ་གོང་གསལ་གྱི་སྤྱོད་སྟངས་ལྡན་ཚེ་ཁྲིམས་ལྟར་བརྩད་ཞིབ་བྱེད་རྒྱུ།

        དུམ་ཚན་བཞི་བཅུ ། བསྡོམས་རྩིས་ལས་ཁུངས་དང་བསྡོམས་རྩིས་མི་སྣས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་སྒྲོག་བྱས་པ་ལ་ཁྲིམས་ལུགས་ལྟར་རྩར་གཅོད་བྱེད་རྒྱུ །

        དུམ་ཚན་ཞེ་གཅིག་པ། བསྡོམས་རྩིས་ཞིབ་བཤེར་བྱ་ཡུལ་གྱི་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་དོན་ལས་ལས་ཁུངས། ཡང་ན་ཚོགས་པ་གཞན་ལ་གཤམ་གྱི་སྤྱོད་སྟངས་ལྡན་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་དུས་ལྟར་དག་སྒྲིག་བྱེད་དགོས་པའི་སྐུལ་མ་བྱེད་པ་ལ་སྤྱི་བསྒྲགས་ཀྱང་བྱས་ཆོག དེའི་གཙོ་འཛིན་འགན་ཁུར་བར་ལྟ་སྐུལ་ལས་ཁུངས་ཁྲིམས་ལྟར་བརྩད་ཞིབ་བྱེད་རྒྱུ།

        ༡ བསྡོམས་རྩིས་ཀྱི་ཡིག་ཚགས་འདོན་སྤྲོད་མི་བྱེད་པའམ་སྐུལ་མ་བྱས་རྗེས་ད་དུང་བསྡོམས་རྩིས་ཀྱི་ཡིག་ཚགས་འདོན་སྤྲོད་མི་བྱེད་པ་ལ།

        ༢ ཡང་དག་མ་ཡིན་པ་དང་འཐུས་ཚང་མ་ཡིན་པའི་བསྡོམས་རྩིས་ཀྱི་ཡིག་ཚགས་འདོན་སྤྲོད་བྱེད་པ།

        ༣ བསྡོམས་རྩིས་འབྲེལ་ཡོད་ཀྱི་གནས་ཚུལ་འདྲི་གཅོད་བྱེད་དུས་ཡང་དག་སྒོས་ལེན་མི་འདེབས་པ།

        ༤ བསྡོམས་རྩིས་ཞིབ་བཤེར་གྱི་བྱ་བར་བར་ཆད་བྱེད་པ།

        གདོད་མའི་ཡིག་ཚགས་དང་རྩིས་ཐོ། ཞིབ་བཤེར་གྱི་རེའུ་མིག་སྦས་སྐོང་བྱེད་པའམ་བཟོ་བཅོས་བྱེད་པ་ལ།

        ཁེ་ལས་དང་དོན་ལས་ལས་ཁུངས། ཡང་ན་གཞན་ཚོགས་ལ་གོང་གསལ་གྱི་སྤྱོད་སྟངས་འདྲ་ཡོད་ཚེ། སྒོར་ཁྲི་ལྔའི་ཆད་པ་བཅད་ཆོག་ལ་དེ་ལས་ཀྱང་ཚབས་ཆེ་ན་སྒོར་ཁྲི་ལྔའི་ཡན་དང་ཁྲི་ཉི་ཤུའི་མན་གྱི་ཆད་པ་བཏང་ཆོག

        ཚོང་གཉེར་ཁྱིམ་མར་དུམ་ཚན་དང་པོའི་སྤྱོད་སྟངས་འདྲ་ལྡན་ཚེ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱི་བཀའ་སློང་ལྟར་དག་སྒྲིག་བྱས་པ་ལ་ཉེན་བརྡ་གཏོང་བ་དང་། སྒོར་ཁྲི་གཅིག་མན་གྱི་ཆད་པ་བཏང་ཆོག

        དུམ་ཚན་ཞེ་གཉིས་པ། བསྡོམས་རྩིས་ཞིབ་བཤེར་བྱ་ཡུལ་གྱི་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་དོན་ལས་ལས་ཁུངས། ཡང་ནཚོགས་པ་གཞན་དག་གིས་དུས་ལྟར་ཡིག་ཚགས་གོང་རིམ་ལ་ཞུ་འབུལ་མི་བྱེད་པ་ལ་འབྲེལ་ཡོད་ཁྲིམས་སྲོལ་ལྟར་ཐག་གཅོད་བྱེད་པ་ལས་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ ཁུངས་དག་སྒྲིག་བྱེད་དགོས་པའི་སྐུལ་མ་བྱེད་པ་དང་ཉེན་བརྡ་གཏོང་བ།

        ཁེ་ལས་དོན་ལས་ལས་ཁུངས་དང་རྩ་འཛུགས་ཚོགས་པ་གཞན་དག་ལ་གོང་གསལ་གྱི་སྤྱོད་སྟངས་འདྲ་ལྡན་ཚེ་སྒོར་ཁྲི་གཅིག་མན་གྱི་ཆད་པ་བཏང་ཆོག

        ཚོང་གཉེར་ཁྱིམ་ཚང་གིས་དུས་ལྟར་ཡིག་ཚགས་གོང་རིམ་དུ་ཞུ་འབུལ་མི་བྱེད་པ་ལ་རྫོང་རིམ་པའི་བསྡོམས་རྩིས་ལས་ཁུངས་སྐུལ་མ་བྱེད་པ་ལས་སྒོར་སྟོང་གཅིག་མན་གྱི་ཆད་པ་གཏོང་བ།

        དུམ་ཚན་ཞེ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ལས་བསྡོམས་རྩིས་ཁྲིམས་འགལ་སྤྱོད་སྟངས་ཞིབ་བཤེར་བྱེད་སྐབས་སུ། འབྲེལ་ཡོད་ཀྱི་ལས་སྒྲུབ་མི་སྣ་ཁྲིམས་ལྟར་བརྩད་ཞིབ་བྱེད་པ་དང་། དུས་ལྟར་ཐག་གཅོད་ཀྱི་མཇུག་འབྲས་ཡིག་སྟེང་ནས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ལ་སྙན་ཞུ་འབུལ་དགོས།

        དུམ་ཚན་ཞེ་བཞི་བ། བསྡོམས་རྩིས་ཞིབ་བཤེར་བྱ་ཡུལ་གྱི་མི་སྒེར་གྱིས་ཡོངས་ཁྱབ་ ཞིབ་བཤེར་བྱ་བའི་ཁྲོད་བསྡོམས་རྩིས་བྱ་བར་བར་ཆད་དང་འཇིགས་སྐུལ་བྱེད་པ། ཡང་ན་ཡང་དག་མ་ཡིན་པའི་ཡིག་ཚགས་བརྫུན་མ་འདོན་སྤྲོད་བྱེད་པ་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་དག་སྒྲིག་བྱེད་པ་ལས་སྐྱོན་བརྗོད་དང་སློབ་གསོ་གཏོང་དགོས།

        དུམ་ཚན་ཞེ་ལྔ་བ། ཁྲིམས་སྲོལ་འདི་ཉིད་རྒྱབ་འགལ་བྱས་ནས་ཡིག་ཚགས་བརྫུན་ མར་བརྟེན་ནས་ལས་གནས་གོང་འཕར་བྱེད་པ་ལ། ཡིག་ཚགས་བརྫུན་མ་སྒྲིག་བཟོ་བྱེད་མཁན་ལ་ཁྲིམས་ལྟར་བརྩད་ཞིབ་བྱེད་པ་ལས་ཐོབ་དང་གོ་ས་ཕྱིར་འཐེན་བྱེད་པ།

        དུམ་ཚན་ཞེ་དྲུག་པ། བརྫུན་བཟོ་བྱེད་མཁན་གྱི་རྫོང་རིམ་པ་ཡན་གྱི་མི་དམངས་ སྲིད་གཞུང་གི་ཐག་གཅོད་མཇུག་འབྲས་ལ་བསམ་ཚུལ་འདྲ་ཡོད་ན་སྲིད་འཛིན་གོང་ཞུའི་བྱེད་ཐབས་སྤྱད་ནས་སྲིད་འཛིན་གཏུག་བཤེར་བྱས་ཆོག ནང་གསེས་སུ། རྒྱལ་ཁབ་བསྡོམས་རྩིས་ཅུས་ཞིང་ཆེན་དང་རང་སྐྱོང་ཁུལ། གྲོང་བརྡལ་མངག་གཏོང་ཁང་གི་ཞིབ་བཤེར་ལས་ཁུངས་ཀྱིས་སྲིད་འཛིན་ཐག་གཅོད་བྱས་ཟིན་པའི་མཇུག་འབྲས་ལ་ཐད་པ་མིན་ན་རྒྱལ་ཁབ་བསྡོམས་རྩིས་ཅུལ་སྲིད་འཛིན་གོང་ཞུ་བྱས་ཆོག

        དུམ་ཚན་ཞེ་བདུན་པ། ཁྲིམས་སྲོལ་འདི་ཉིད་ལ་རྒྱབ་འགལ་བྱས་ཏེ་ཉེས་ཅན་གྲུབ་ཟིན་པར་ཉེས་དོན་གྱི་འགན་འཁྲི་བརྩད་ཞིབ་བྱེད་རྒྱུ།

        ཁག་བདུན་པ། ཞར་བཀོད།

        དུམ་ཚན་ཞེ་བརྒྱད་པ། ཁྲིམས་སྲོལ་འདི་ཉིད་དུ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་བསྡོམས་ལས་ཁུངས་ཞེས་པ་ནི་རྒྱལ་ཁབ་བསྡོམས་རྩིས་ཅུས་མངག་གཏོང་བྱས་པའི་ཞིབ་བཤེར་ལས་ཁུངས་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ལ་གོ

        དུམ་ཚན་ཞེ་དགུ་བ། དམངས་ཁྲོད་ཀྱི་བསྡོམས་རྩིས་ཞིབ་བཤེར་གྱི་དོ་དམ་བྱེད་ཐབས་དེའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་བྱེད་དགོས།

        ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་རྩ་འཛུགས་དང་མི་སྒེར་གྱིསབསྡོམས་རྩིས་ཞིབ་བཤེར་བྱེད་དགོས་ཚེ་ངེས་པར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་རོལ་དུ་བསྡོམས་རྩིས་ཞིབ་བཤེར་གྱི་བྱ་འགུལ་སྤེལ་དགོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་གཏན་འབེབས་ལྟར་གོང་ཞུ་བྱས་ནས་ཆོག་མཆན་ཐོབ་དགོས།

        བསྡོམས་རྩིས་ཞིབ་བཤེར་བེད་སྤྱོད་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱེལ་བ་དང་སྤྱི་ཚོགས་སྤྱི་སྤྱོད་ཀྱི་ཁེ་དབང་ངམ་ཡང་ན་མགོ་སྐོར་གཏོང་བ་ལ་འབྲེལ་ཡོད་བཅའ་ཁྲིམས་ལྟར་ཁྲིམས་ལུགས་ཀྱི་འགན་འཁྲི་བརྩད་ཞིབ་བྱེད་རྒྱུ། དུམ་ཚན་ལྔ་བཅུ། ཁྲིམས་སྲོལ་འདི་ཉིད་༢༠༡༠ལོའི་ཟླ༡པའི་ཚེས༡ཉིན་ནས་བཟུང་ལག་བསྟར་བྱེད་དགོས།

        མཚོ་སྔོན་ཞིང་ཆེན་གྱིས་ཞང་(གྲོང་རྡལ་)གྱི་བསྡོམས་བྱ་བའི་འགན་འཁྲི་སྤྱི་བསྒྲགས་ཐད་ཀྱི་བརྡ་སྦྱོར།

        རིམ་པ་སོ་སོའི་ཁུལ་(ས་གནས) གྲོང་ཁྱེར)མི་དམངས་སྲིད་གཞུང་།

        ཞིང་ཆེན་སྲིད་གཞུང་མོས་མཐུན་བྱུང་བ་ལྟར། ཞིང་ཆེན་བསྡོམས་རྩིས་ཅུས་ཞིང་ ཆེན་སྲིད་གཞུང་གི་ཐེངས་༩༢པའི་ཆེད་དོན་གྲོས་ཚོགས་ཀྱི་དགོངས་དོན་ལྟར་ བསྡོམས་རྩིས་ཚན་རིག་འཕེལ་རྒྱས་ཀྱི་རེ་འདུན་དང་ཞང་གྲོང་བསྡོམས་རྩིས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས་རྩིས་བཤེར་བྱ་བའི་ཚད་ལྡན་རང་བཞིན་དང་ལས་སྒོའི་འཛུགས་ལ་ཤུགས་སྣོན་བྱས་ནས་ཞང་གྲོང་བསྡོམས་རྩིས་བྱ་བ་བདེ་བླག་ངང་སྐུལ་འདེད་གཏོང་ཆེད། བསྡོམས་རྩིས་བཅའ་ཁྲིམས་ཁྲིམས་སྲོལ་དང་བསྡོམས་རྩིས་སྒྲིག་ཁྲིམས་ཀྱི་རེ་འདུན་ལྟར་ཞང་གྲོང་སོ་སོའི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་ ཆེད་དུ་མཚོ་སྔོན་ཞིང་ཆེན་གྱིས་ཞང་(གྲོང་རྡལ་)གྱི་བསྡོམས་བྱ་བའི་འགན་འཁྲི་འདི་ཉིད་བསྐྱར་དཔར་བྱས་ནས་ཁྱེད་རྣམས་ལ་བྱིན་པས་ཁྱེད་ཅག་གིས་གཟབ་ནན་གྱི་ ལག་ལེན་དོན་འཁྱོལ་བྱེད་རོགས། ༢༠༡༣ལོའི་ཟླ༡པའི་ཚེས༡༤ཉིན།

        མཚོ་སྔོན་ཞིང་ཆེན་གྱིས་ཞང་(གྲོང་རྡལ་)གྱི་བསྡོམས་རྩིས་བྱ་བའི་འགན་འཁྲི།

        ཞང་གྲོང་བསྡོམས་རྩིས་ནི་རྒྱལ་ཁབ་བསྡོམས་རྩིས་ཡིག་ཚགས་ཀྱི་རྨང་གཞི་དང་འགོ་ཁུངས་ཡིན་ལ། དེར་བསྡོམས་རྩིས་བྱ་བའི་ཁྲོད་གཞན་དང་མི་མཚུངས་བའི་གོ་གནས་གལ་ཆེན་ལྡན་པ་དང་། ཁྱོན་ཡོངས་ནས་ཞང་གྲོང་བསྡོམས་རྩིས་ལས་སྒོ་འཛུགས་སྐྲུན་ལ་ཤུགས་བསྣན་ནས་བསྡོམས་རྩིས་བྱ་བ་བདེ་བླག་ངང་སྤེལ་བ་དང་། བསྡོམས་རྩིས་ཡིག་ཚགས་ཀྱི་ཡང་དག་རང་བཞིན་དང་དུས་ལྟར་རང་བཞིན་ལ་ཁག་ཐེག་བྱས་ནས་ཁྱོན་ཡོངས་ནས་བསྡོམས་རྩིས་ཞབས་ཞུའི་ནུས་ཤུགས་མཐོར་འདེགས་བྱེད་ཆེད། བསྡོམས་རྩིས་བཅའ་ཁྲིམས་དང་འབྲེལ་ཡོད་ཁྲིམས་སྲོལ། བསྡོམས་རྩིས་སྒྲིག་ཁྲིམས་ཀྱི་རེ་འདུན། མཚོ་སྔོན་ཞིང་ཆེན་གཞི་རིམ་གྱི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་ཆེད་དུ་འགན་འཁྲི་འདི་ཉིད་གཏན་འབེབས་བྱས།

        ཞང་གྲོང་བསྡོམས་རྩིས་རྩ་འཛུགས་འཛུགས་སྐྲུན།

        ཞང་གྲོང་བསྡོམས་རྩིས་བྱ་བ་དེའི་ཞང་གྲོང་གི་གཙོ་འཛིན་མི་སྣ་གཅིག་གིས་འགན་ཁུར་དགོས་པ་དང་། ཞང་གྲོང་ལས་ཁུངས་དང་ཞང་གྲོང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལྟེ་གནས་སུ་ཆེད་དུ་བསྡོམས་རྩིས་འགན་ཁུར་གྱི་ལས་གནས་དང་མི་སྣ་གཏན་འཁེལ་བྱས་ཏེ་དུས་རྒྱུན་གྱི་བསྡོམས་རྩིས་བྱ་བ་དང་ཞིབ་བཤེར་བྱ་བ་འགན་ཁུར་དགོས། དེའི་གོང་རིམ་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱི་ལས་སྒོ་མཛུབ་སྟོན་དང་ལེན་བྱེད་དགོས།

        ཆ་རྐྱེན་ལྡན་པའི་ཞང་གྲོང་གིས་ཕྱོགས་བསྡུས་བསྡོམས་རྩིས་ས་ཚིགས་སམ་གཞུང་སྒྲུབ་ཁང་བཙུགས་ནས་བསྡོམས་རྩིས་ཞིབ་བཤེར་གྱི་ཡིག་ཚགས་འཐུས་ཚང་དུ་གཏོང་དགོས། རང་ས་གནས་ཁོངས་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་མི་སྣ་རྩ་འཛུགས་བྱས་ནས་བསྡོམས་རྩིས་རྨང་གཞིའི་འཛུགས་སྐྲུན་དང་ལས་གནས་འགན་འཁྲི། ཡིག་ཚགས་བསྡུ་ལེན་དང་ཡིག་ཚགས་ཞིབ་བཤེར་གྱི་བྱ་བ་ལེགས་སྒྲིག་བྱ་དགོས། ཞང་གྲོང་སྲིད་གཞུང་གིས་དེར་དགོས་དངོས་ཀྱི་གཞུང་སྒྲུབ་ཆ་རྐྱེན་དང་མ་དངུལ་དོན་འཁྱོལ་གྱི་བྱ་བ་འགན་སྲུང་བྱས་ནས་བསྡོམས་རྩིས་ལས་སྒོ་རྩ་འཛུགས་བྱེད་མཁན་ལ་རོགས་འདེགས་གང་ལེགས་བྱེད་དགོས་པ་མ་ཟད་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་བསྡོམས་རྩིས་བྱ་བར་མཛུབ་སྟོན་གང་ལེགས་བྱེད་དགོས།

        ཞང་གྲོང་བསྡོམས་རྩིས་ཀྱི་རྩ་བའི་འགན་འཁྲི།

        ཞང་གྲོང་བསྡོམས་རྩིས་ལས་ཁུངས་ཀྱི་བསྡོམས་རྩིས་གཙོ་འཛིན་མི་སྣ་རང་ས་གནས་ཀྱི་བསྡོམས་རྩིས་བྱ་བ་ལས་སྒྲུབ་བྱེད་སྐབས་སུ་བསྡོམས་རྩིས་བཅའ་ཁྲིམས་ལྟར་ཕྱོགས་བསྡུས་བསྡོམས་རྩིས་ལག་བསྟར་བྱེད་དགོས། རྩ་བའི་འོས་འགན་ནི་རྒྱལ་ཁབ་དང་ཞིང་ཆེན། ཁུལ། རྫོང་རིམ་པའི་བསྡོམས་རྩིས་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་བསྡོམས་རྩིས་ཞིབ་བཤེར་གྱི་བྱ་བ་སྒྲུབ་པ་དང་། རང་ཁོངས་གཏོགས་ཀྱི་སྤྱི་དཔལ་འབྱོར་གཞི་རིམ་བསྡོམས་རྩིས་ཀྱི་ཡིག་ཚགས་བསྡུ་ལེན་དང་གོང་ཞུ་བྱས་ ནས་ཏང་སྲིད་མགོ་ཁྲིད་དང་སྤྱི་ཚོགས་སྤྱི་སྤྱོད་ལ་བསྡོམས་རྩིས་བརྡ་འཕྲིན་དང་འདྲི་གཅོད་ཞབས་ཞུ། ས་གནས་དཔལ་འབྱོར་གོང་འཕེལ་ལ་ཞབས་ཞུ་བྱེད་དགོས། དེའི་འགན་འཁྲི་གཙོ་བོ་ནི

        ༡ བསྡོམས་རྩིས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་ཁྲིམས། བསྡོམས་རྩིས་ཀྱི་ཚད་གཞི། བསྡོམས་རྩིས་ཀྱི་སྒྲིག་ཁྲིམས་ལག་ལེན་དོན་འཁྱོལ་བྱས་ནས་གོང་རིམ་བསྡོམས་རྩིས་ལས་ཁུངས་ཀྱི་བཀོད་སྒྲིག་བྱས་པའི་བསྡོམས་རྩིས་ཞིབ་བཤེར་འོས་འགན་ལེགས་འགྲུབ་བྱེད་པ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་དང་གཞི་རིམ་བསྡོམས་རྩིས་ལས་ཁུངས་བསྡོམས་རྩིས་བྱ་བར་ལྟ་སྐུལ་བྱེད་པ། རང་ས་གནས་ཀྱི་མང་ཚོགས་རྩ་འཛུགས་བྱས་ནས་བསྡོམས་རྩིས་བཅའ་ཁྲིམས་དྲིལ་བསྒྲགས་སློབ་གསོ་བྱ་འགུལ་སྤེལ་བ་བཅས་སོ།

        ༢ རང་རང་ཁྱབ་ཁོངས་ཀྱི་རྨང་གཞིའི་བསྡོམས་རྩིས་ཡིག་ཚགས་འདོན་སྤྲོད་དང་བསྡུ་ལེན་བྱེད་པ། བསྡུ་ལེན་བྱས་ཟིན་པའི་ཡིག་ཚགས་ལ་ཞིབ་བཤེར་དང་སྐུལ་མ་བྱེད་པ། རྒྱལ་ཁབ་ཀྱི་ཞིབ་བཤེར་བྱ་བའི་གྲས་སུ་ཞུགས་པ།

        ༣ ཞང་གྲོང་རྨང་གཞིའི་བྱ་བ་ཚད་ལྡན་ཅན་དུ་གཏོང་བ་དང་གདོད་མའི་ཡིག་ཚགས་འཐུས་ཇེ་ཚང་དུ་གཏོང་བར་མངོན་འགྱུར་བྱེད་པ། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་གཞི་རིམ་ལས་ཁུངས་ལ་མཛུབ་སྟོན་བྱས་ནས་བསྡོམས་རྩིས་ཀྱི་རྨང་གཞིའི་བྱ་བ་དང་བསྡོམས་རྩིས་ཡིག་ཚགས་ཚད་ལྡན་འཐུས་ཚང་དུ་གཏོང་བ།

        ༤ རང་ས་གནས་སྲིད་གཞུང་གི་བརྡ་འཕྲིན་དོ་དམ་ལ་ཤུགས་བསྣན་ནས་རྒྱལ་ཁབ་བརྡ་འཕྲིན་སྲུང་སྐྱོབ་ཀྱི་དོ་དམ་ལག་ལེན་དོན་འཁྱོལ་བྱེད་པ།

        ༥ བསྡོམས་རྩིས་ཡིག་ཚགས་སྤྱི་བསྒྲགས་ཀྱི་སྒྲིག་ལམ་འཐུས་ཚང་བྱེད་པ། ཞང་གྲོང་རིམ་པའི་ཡིག་ཚགས་གལ་ཆེན་ཅན་དག་གོང་རིམ་བསྡོམས་རྩིས་ལས་ཁུངས་ལ་གོང་ཞུ་བྱས་ཏེ་ཆོག་མཆན་གནང་རྗེས་ད་གཟོད་སྤྱི་བསྒྲགས་དང་བེད་སྤྱོད་བྱེད་པ།

        ༦ བསྡོམས་རྩིས་བྱ་བ་དེའི་ཞང་གྲོང་མགོ་ཁྲིད་ཀྱི་བྱ་བའི་འགན་འཁྲིའི་གྲས་སུ་འཇོག་པ། ཞང་གྲོང་ཁག་ཏུ་བསྡོམས་རྩིས་བྱ་བའི་ལས་སྒྲུབ་མི་སྣ་བཀོད་སྒྲིག་བྱེད་པ། ལས་སྒྲུབ་མི་སྣས་འཛིན་བྱང་ཐོགས་ཏེ་ལས་སྒྲུབ་བྱེད་པ་ཁག་ཐེག་བྱེད་པ། བསྡོམས་རྩིས་ལས་སྒྲུབ་མི་སྣ་བསྡོམས་རྩིས་ལས་གནས་ཟབ་སྦྱོང་ལ་ཞུགས་པ། བསྡོམས་རྩིས་ཞིབ་བཤེར་གྱི་བྱ་བ་ལག་བསྟར་བྱེད་པ། ཚད་རིམ་བཞིའི་དགོས་མཁོ་ལྟར་རིམ་པ་སོ་སོའི་ཞང་གྲོང་གི་བསྡོམས་རྩིས་ལས་སྒྲུབ་མི་སྣ་ལ་རྩིས་འཁོར་དང་བསྡོམས་རྩིས་རྩིས་བཤེར་གྱི་འབྲེལ་སྒྲིག་ཆས་བཀོད་སྒྲིག་བྱེད་པ་དང་དྲ་རྒྱའི་བྱེད་ཐབས་སྤྱད་ནས་བསྡོམས་རྩིས་ཡིག་ཚགས་དྲ་ཐོག་ནས་ཐད་ཀར་གོང་རིམ་ལ་གཞོང་ཞུ་བྱེད་ཐུབ་བའི་ཆ་རྐྱེན་འདོན་སྤྲོད་བྱེད་དགོས།

        ཞང་གྲོང་བསྡོམས་རྩིས་མི་སྣས་རྩ་བའི་འགན་འཁྲི་དང་ཚད་ལྡན།

        ༡ གོང་རིམ་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་བཀོད་སྒྲིག་བྱས་པའི་བསྡོམས་རྩིས་བྱ་བ་དང་ལེན་བྱེད་པ་དང་དུས་ལྟར་བསྡོམས་རྩིས་ལས་སྒོའི་ཟབ་སྦྱོང་ལ་ཞུགས་པ། དུས་ལྟར་ཞང་གྲོང་སྲིད་གཞུང་གི་མགོ་ཁྲིད་ལ་གནས་ཚུལ་ཡར་ཞུ་བྱེད་པ། ལག་ལེན་དོན་འཁྱོལ་བྱེད་དགོས་པའི་བསམ་འཆར་འདོན་པ། འགན་འཁྲི་ངེས་གསལ་བྱས་ཏེ་གཟབ་ནན་གྱིས་རྩ་འཛུགས་ལག་བསྟར་བྱེད་དགོས།

        ༢ བསྡོམས་རྩིས་རེའུ་མིག་གོང་ཞུའི་སྒྲིག་ཁྲིམས་ཀྱི་གཏན་འབེབས་ལྟར་ས་གནས་ཁོངས་གཏོགས་ཀྱི་ཡིག་ཚགས་བསྡུ་ལེན་བྱེད་དགོས་པ་མ་ཟད་ཡིག་ཚགས་གི་མགོ་ཁུངས་དང་རྩིས་བཤེར་གྱི་ཡང་དག་རང་བཞིན་སོགས་ལ་འགན་ཁུར་བཟང་བོ་བྱས་ནས་དུས་ལྟར་གོང་རིམ་ལས་ཁུངས་ལ་གོང་ཞུ་བྱེད་དགོས།

        ༣ གཞི་རིམ་གྱི་ཞུ་འབུལ་བྱས་པའི་ཡིག་ཚགས་ལ་ཞིབ་བཤེར་བཟང་བོ་བྱས་ནས་ཡང་དག་པའི་སྒོས་རྩིས་འཁོར་དུ་ནང་འཇུག་བྱེད་དགོས་པ་དང་། བསྡོམས་རྩིས་ཡིག་ཚགས་ལ་དག་སྒྲིག་བྱེད་དགོས་ཚེ་དག་སྒྲིག་ཞིབ་བཤེར་བྱས་རྗེས་ངེས་པར་དུ་གསལ་བཤད་བྱེད་དགོས།

        ༤ བསྡོམས་རྩིས་བྱ་བའི་འགན་ཁུར་མི་སྣས་བསྡོམས་རྩིས་ཡིག་ཚགས་གོང་རིམ་ལ་ཞུ་འབུལ་བྱེད་པའི་དུས་ཚོད་སྔོན་དུ་རིམ་པ་བཞིན་འབྲེལ་ཡོད་ལས་ཁུངས་དང་མགོ་ཁྲིད་ཆོག་མཆན་བཀོད་དུ་འཇུག་དགོས།

        ༥ བསྡོམས་རྩིས་ཞིབ་བཤེར་གྱི་སྒྲིག་ཁྲིམས་ཀྱི་གཏན་འབེབས་བྱས་པའི་དུས་ཚོད་ནང་དུ་བསྡོམས་རྩིས་ཀྱི་འབྲེལ་ཡིད་ཡིག་ཚགས་གོང་རིམ་ལ་ཞུ་འབུལ་བྱེད་དགོས་པ་དང་། དེའི་ཁྲོད་དུ་བསྐྱར་ཟློས་དང་ཆད་ལྷག་ལ་སོགས་པའི་ནོར་དོན་མི་འབྱུང་བར་ཁག་ཐེག་བྱེད་དགོས།

        ༦ བསྡོམས་རྩིས་ཡིག་ཚགས་བསྐྱརདཔར་བྱེད་སྐབས་སུ་ཤོག་ངོས་དག་གཙང་ཡིན་པ་དང་། ནང་དོན་འཐུས་ཚང་ཡིན་པ། རྩིས་འཁོར་སྟེང་ཡིག་ཚགས་གོང་རིམ་དུ་ཞུ་འབུལ་བྱེད་སྐབས་སུ་ཡིག་ཚགས་ཀྱི་མིང་བྱང་གི་ཚད་ལྡན་དང་མ་ཡིག་གསོག་འཇོག་སོགས་འཐུས་ཚང་དུ་ཚད་ལྡན་ཡིན་པར་ཁག་ཐེག་བྱེད་པ།

        ༧ ཞང་གྲོང་གཅིག་གྱུར་གྱི་ཡིག་ཚགས་བེད་སྤྱོད་བྱས་ནས་དཔལ་འབྱོར་འཁོར་སྐྱོད་དང་སྤྱི་ཚོགས་འཕེལ་སྟེང་གི་གནས་ཚུལ་ལ་དབྱེ་ཞིབ་གསལ་བོར་བྱས་ནས་ཏང་སྲིད་མགོ་ཁྲིད་དང་སྤྱི་ཚོགས་ཡོངས་ལ་བསྡོམས་རྩིས་ཀྱི་ཞབས་ཞུ་བྱེད་པ།༨ བསྡོམས་རྩིས་ཡིག་ཚགས་ཚད་ལྡན་ཅན་དུ་དོ་དམ་བྱེད་པ། བསྡོམས་རྩིས་ཀྱི་ཡིག་ཚགས་ཡོད་ཚད་(གཞི་རིམ་བསྡོམས་རྩིས་རེའུ་མིག་དང་ཕྱོགས་བསྡུས་བསྡོམས་རྩིས་རེའུ་མིག བསྡོམས་རྩིས་རྩིས་ཐོ་བསྡོམས་རྩིས་ཞིབ་བཤེར་དབྱེ་ཞིབ་དང་ བསྡོམས་རྩིས་ཡིག་ཆ་གལ་ཆེན་དང་འབྲེལ་ཡོད་གྲོས་ཚོགས་ཀྱི་ཡིག་ཆ་ལ་སོགས་པའི་བསྡོམས་རྩིས་ཀྱི་ཡིག་ཆ་)ཁག་བགོས་ནས་ཚད་ལྡན་རང་བཞིན་ངང་དོ་དམ་བཟང་བོ་བྱེད་དགོས།