རྒན་གསོའི་འགན་སྲུང་སྐོར་གྱི་གནད་དོན།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2015-01-07 16:51:50      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        དྲི་བ་འདོན་མཁན། ཞའོ་ལི། དྲི་བ་འདོན་པའི་དུས་ཚོད།2014ལོའི་ཟླ8པའི་ཚེས21ཉིན།

        ནང་དོན།

        ང་ནི་གཞུང་ཞབས་པའི་དོ་དམ་ལྟར་ལས་དོན་སྡེ་ཁག་ན་ལས་གཉེར་བྱེད་བཞིན་པའི་ལས་མི་ཞིག་ཡིན། ངེས་གཏན་གྱི་བྱ་བའི་སྟེང་ཞུགས་ནས་ལོ8འགོར་ཡོད་ཀྱང་ལས་ཁུངས་ཀྱི་རྒན་གསོའི་འགན་སྲུང་ཁྲོད་ཞུགས་མེད། ང་རང་ད་ལྟ་ལས་འཁྱེར་དགོངས་ཞུ་བྱས་ནས་རྒྱལ་གཉེར་ཁེ་ལས་ཤིག་ཏུ་བྱ་བ་བསྒྲུབ་པ་དང་། ལས་ཁུངས་གསར་བ་རུ་རྒན་གསོ་འགན་སྲུང་ནང་དུ་ཞུགས་ན།ངའི་གནས་ཚུལ་འདི་ལྟ་བུ《 ལས་བཟོ་པའི་ལས་དོན་ལས་ཁུངས་དང་ཁེ་ལས་ཕན་ཚུན་བར་འཁོར་སྐྱོད་སྐབས་ཀྱི་སྤྱི་ཚོགས་འགན་སྲུང་འབྲེལ་བ་ཐག་གཅོད་བསམ་འཆར་སྐོར་གྱི་བརྡ་སྦྱོར》 ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་སྤེལ་པའི〔2001〕ཡིག་ཆ་ཨང13འདི་བཀོལ་སྤྱོད་བྱེད་ན་ཆོག་གམ།

        གལ་ཏེ་སྤྱོད་འོས་ན(སྔོན་གྱི་བྱ་བའི་ལོ་ཚད་དངུལ་སྤྱོད་ལོ་ཚད་དུ་རྩི་བ)འདིར་སྔོན་གྱི་ལས་ཁུངས་ནས་བདེན་དཔང་ཡི་གེ་བླངས་ནས་ལས་ཁུངས་གསར་བ་ལ་སྤྲད་དེ། ལས་ཁུངས་གསར་བའི་ཡང་སྤྱི་ཚོགས་འགན་སྲུང་ཅུའུ་ལ་སྤྲོད་དགོས་སམ།

        ཞའོ་ལི་ཁྱེད་བདེ་མོ།

        ཁྱོད་ཀྱི་དྲི་བའི་ལན་གཤམ་གསལ་ལྟར།

        དོན་ལས་ལས་ཁུངས་ཀྱི་ལས་བྱེད་མི་སྣ་རྒྱུན་ལྡན་སྒོས་ལས་གནས་སྤར་ནས་ཁེ་ལས་ཀྱི་བྱ་བ་ལས་རྗེས་ཀྱི་རྒན་གསོ་འགན་སྲུང་སྐོར་གྱི་གནད་དོན། དེ2001ལོའི་ངལ་རྩོལ་འགན་སྲུང་པུའུ《ལས་བཟོ་པ་ལས་དོན་ལས་ཁུངས་དང་ཁེ་ལས་ཕན་ཚུན་བར་འཁོར་སྐྱོད་བྱེད་སྐབས་ཀྱི་སྤྱི་ཚོགས་འགན་སྲུང་འབྲེལ་བ་ཐག་གཅོད་བསམ་འཆར་སྐོར་གྱི་བརྡ་སྦྱོར》ལྟར། ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་སྤེལ་པའི〔2001〕ཨང13ཡིག་ཆའི་གཏན་འཁེལ་ལྟར་ལག་བསྟར་བྱེད་ཆོག སྔོན་གྱི་ལས་དོན་ལས་ཁུངས་ཀྱི་བྱ་བའི་ལོ་ཚད་དེ་དངུལ་སྤྲོད་ལོ་ཚད་དུ་རྩི་ཆོག འོན་ཀྱང་། ལས་དོན་ལས་ཁུངས་ནས་ལས་འཁྱེར་དགོངས་ཞུ་བྱས་རྗེས་ཁེ་ལས་བྱ་བ་ལས་ན། སྔོན་གྱི་ལས་དོན་ལས་ཁུངས་ཀྱི་བྱ་བའི་ལོ་ཚད་དེ་རྒན་གསོ་འགན་སྲུང་དངུལ་སྤྲོད་ལོ་ཚད་དུ་རྩི་ཆོག་མིན་གྱི་གནད་དོན་རྒྱལ་ཁབ་དང་རང་ཞིང་གི་བྱེ་བྲག་གི་གཏན་འཁེལ་མེད།

        མིག་སྔར། རྒྱལ་ཁབ་ཀྱིས་ཧུར་ཐག་སྒོས་དོན་ལས་ལས་ཁུངས་ཀྱི་རྒན་གསོ་འགན་སྲུང་ལམ་ལུགས་བཅོས་བསྒྱུར་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། རྗེས་མ་ནས་ལས་དོན་ལས་ཁུངས་ནས་ལས་ལས་འཁྱེར་་དགོངས་ཞུ་བྱས་ཏེ་ཁེ་ལས་ཡི་བྱ་བ་གཉེར་པའི་རྒན་གསོ་འགན་སྲུང་སྐོར་གྱི་གནད་དོན་གཅིག་གྱུར་སྒོས་འཆར་འགོད་བྱེད་ངེས། ཁྱེད་ཀྱིས་ང་ཚོའི་བྱ་བར་རྒྱབ་སྐྱོར་བྱེད་པ་བཀའ་དྲིན་ཆེ།

        ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན།

        2014ལོའི་ཟླ9བའི་ཚེས1ཉིན།