གཏའ་མའི་དངུལ་བླངས་ན་ཆོག་གམ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2015-05-29 10:56:19      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        དོན་གྲུབ་ལོ་གཅིག་གི་སྔོན་ལ་སྐྱེལ་འདྲེན་ཀུང་ཟི་ཞིག་གི་རླངས་འཁོར་ཁ་ལོ་བར་བསྡུ་ལེན་བྱས་ཏེ་ལོ་ལྔ་ཡི་ངལ་རྩོལ་གན་རྒྱ་བཞག་པ་དང་། ཀུང་ཟིས་རྐྱེན་གང་མང་ཞིག་ལ་ཁ་གཡར་ཏེ་ཁོའི་ལག་ནས་གཏའ་མའི་དངུལ་སྒོར་ཁྲི1བླངས། འོན་ཀྱང་ཁོ་ལས་གནས་སུ་ཞུགས་ཏེ་ལོ་གཅིག་འགོར་མ་ཐག་གློ་བར་དུ་སྐེ་ཚིགས་ན་བའི་ནད་ཞིག་བྱུང་སྟེ་རྣ་བ་ཡང་འོན་པས། ཁོའི་གཏའ་མའི་སྒོར་ཁྲི1དེ་བླངས་ནས་ཀུང་ཟི་ལས་ཕྱིར་འབུད་རྒྱུའི་རེ་བ་ཞུས་མཐར། ཀུང་ཟིས་གཏའ་མའི་སྒོར་ཁྲི1དེ་ཕྱིར་མ་སྤྲད།

        གོང་གི་དོན་འདི་ལྟ་བུ་བྱུང་ན་ཇི་ལྟར་བྱ་དགོས།ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། མི་བཀོལ་ལས་ཁུངས་དང་ངལ་རྩོལ་པ་གཉིས་ཀྱིས་ཕན་ཚུན་བར་ངལ་རྩོལ་གན་རྒྱ་འཇོག་སྐབས།རྣམ་པ་གང་རུང་གི་སྒོ་ནས་ངལ་རྩོལ་པར་འགྱུར་རྟེན་དངུལ་དང་ཁག་ཐེག་དངུལ།གཏའ་མའི་དངུལ་ཅི་ཡང་བསྡུ་ལེན་བྱས་མི་ཆོག མི་བཀོལ་ལས་ཁུངས་ཀྱིས་ངལ་རྩོལ་པའི་ལག་ནས་གཏའ་མ་བླངས་མི་ཆོག་ཅེས་བཅའ་ཁྲིམས་སུ་གསལ་བོར་བཀོད་ཡོད་པས། དོན་གྲུབ་ཀྱིས་ཀུང་ཟིའི་ལག་ནས་གཏའ་མའི་དངུལ་ཆད་ལྷག་མེད་པར་ཕྱིར་བླངས་ཆོག

      རྩོམ་འཇུག་པ།ལྷ་ཆེན་རྒྱལ།