དོན་ལས་ལས་ཁུངས་ཀྱི་ཁོངས་མི་ངོ་མར་འགྱུར་བའི་རིམ་པ་གཏན་འཁེལ་གྱི་གནད་དོན།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2015-06-04 09:23:18      རྩོམ་སྒྲིག་པ། : ཨ་གཡང་སྐྱིད།

         ནང་དོན།

        ང་ནི་ན་ནིང་དོན་ལས་སྡེ་ཁག་ལ་རྒྱུགས་ཁྲོད་པའི་ལས་བྱེད་མི་སྣ་ཞིག་ཡིན། ཟླ9བ་ནང་དངོས་སུ་བྱ་བ་སྟེང་ལ་ཞིག་པ་དང་། ད་བར་དུ་ཟླ6ལྷག་འགོར་ཡོད།ལས་ཁུངས་ཀྱིས་ང་རང་ལ་གདན་ཞུའི་འགྲོ་ལུགས(གན་རྒྱ་འཇོག་པ་དང་། ཁོངས་མི་ངོ་མ་འགྱུར་ཏེ་རིམ་པ་གཏན་འཁེལ་དང་། མི་དོན་དང་སྒྲིག་གཞིའི་སྡེ་ཁག་གི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ལ་སོང་སྟེ་ཐོ་འགོད་སྙན་སེང་སོགས) སྒྲུབ་མེད། རྒྱལ་སྤེལ་ཡིག་ཨང[2002]35ཁྲོད་གཏན་འཁེལ་ལྟར་ན། བྱ་བ་ཉམས་མྱོང་ཡོད་པའི་ཚོད་ལྟའི་དུས་ཚོད་ཟླ6ལས་བརྒལ་མི་ཆོག་ལ། ད་ལྟ་ངས་འདྲི་འདོད་པ་ནི་དུས་ཚོད་ནམ་ཞིག་ལ་གན་རྒྱ་འཇོག་པ་དང་། ཁོངས་མིའི་ངོ་མར་བསྒྱུར་ཏེ་རིམ་པ་གཏན་འཁེལ་བྱེད་པ་དང་།མི་དོན་ཐོ་འགོད་སྙན་སེང་སོགས་སྒྲུབ་ཐུབ་བམ། བཀའ་དྲིན་ཆེ།

         ཕྱིར་ལན་བསྐྱོན་པ། ཕྱིར་ལན་བསྐྱོན་པའི་སྡེ་ཁག ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན། ཕྱིར་ལན་བསྐྱོན་པའི་དུས་ཚོད2015ལོའི་ཟླ03པའི་ཚེས30ཉིན།

         དྲ་གྲོགས།

        ཁྱོད་བདེ་མོ། རྒྱལ་སྤེལ་ཡིག་ཨང[2002]35ཁྲོད་གཏན་འཁེལ་ལྟར་ན། དོན་ལས་སྡེ་ཁག་གི་གསར་དུ་བསྡུས་པའི་མི་སྣས་ཚོད་ལྟའི་དུས་ཡུན་གཏན་འཁེལ་བྱ་དགོས་པ་དང་། ཚོད་ལྟ་དུས་ཡུན་ཆེས་འགོར་ནའང་ཟླ6ལས་མི་བརྒལ་བ། བསྡུས་བའི་མི་སྣ་ནི་སློབ་གྲྭ་ཆེ་འབྲིང་གི་ཆེད་སྦྱོང་མཐར་ཕྱིན་སློབ་མའི་ཚོད་ལྟ་དུས་ཡུན་ཟླ12ཡིན།ཚོད་ལྟ་དུས་ཡུན་ཁྲོད་གདན་ཞུས་སྐུལ་སྤྱོད་དུས་ཡུན་ནང་དུ་འདུས།ཁྱོད་ཀྱི་བཏོན་པའི་གནད་དོན་བྱེ་བྲག་གི་རང་ཉིད་ཀྱི་ལས་ཁུངས་དང་མི་དོན་གཙོ་གཉེར་སྡེ་ཁག་དང་ཡང་ན་ལས་ཁུངས་གནས་ཡུལ་གྱི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག་ལ་འདྲི་རྟོག་བྱ་ཆོག་ལ། རང་རེའི་ཐིན་གྱི་ལས་དོན་སྡེ་ཁག་གི་མི་དོན་དོ་དན་ཁྲུའུ་ལ་ཁ་པར་གྱི་ལམ་ནས་འདྲི་རྟོག་བྱེད་ཆོག་ཁ་པར་ཨང་གྲངས0971-6304470

        ལོ་ཙཱ་བ། ཨ་གཡང་སྐྱིད།