དཔྱད་ཞིབ་བྱ་དགའི་གནད་དོན།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2015-09-14 11:21:55      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        ནང་དོན།

        བཀུལ་འོས་པའི་མགོ་ཁྲིད།

        ང་རང་ལས་ཞུགས་ཅུས་བཀོད་སྒྲིག་ལྟར་དོན་ལས་ལས་ཁུངས་དུ་སྐབས་འཕྲལ་ལས་ཞུགས་བྱས་པ་ཡིན། 2007ལོའི་ཟླ4བ་ནས་ད་རག་བར་དུ་ལས་ཁུངས་དུ་ལས་སྒོའི་རྐང་འཛིན་དང་རྩིས་གཉེར་བྱ་བ་བསྒྲུབས།ལོ་འདི་གའི་རིང་ལ་དམིགས་དབེན་འགན་འཁུར་དཔྱད་ཞིབ་བྱ་འགའ་གཅིག་ཀྱང་ལེན་མ་མྱོང་།ལས་ཁུངས་ཀྱི་ལས་བཟོ་བ་དང་ནོར་སྲིད་གདན་ཞུའི་སྐུལ་སྤྱོད་ཀྱི་སྐབས་འཕྲལ་ལས་ཞུགས་པར་ལོ་རེར་དཔྱད་ཞིབ་བྱ་དགའ་ལེན་ཐུབས་པ་རེད།ང་རང་འདྲི་རྒྱུ་ཞིག་ལ།ལས་ཞུགས་ཅུའུ་ཡི་ཅི་ཞིག་ལ་ང་ལ་དམིགས་འབེན་འགན་འཁུར་དཔྱད་ཞིབ་བྱ་དགའ་མི་སྟེར་བ་རེད།ལས་ཞུགས་ཅུའུ་ཡིས་ང་ཚོར་བཤད་རྒྱུར་ཁྱོད་ཚོའི་ལས་ཞུགས་ཁྲོད་ཀྱི་སྐབས་འཕྲལ་ལས་ཞུགས་པར་མ་དངུལ་མེད་པ་རེད་ཟེར། མགོ་ཁྲིད་ཀྱིས་ང་ལ་ཕྱིར་ལན་ཞིག་འདེབ་རོགས། བཀའ་དྲིན་ཆེ།

        ཕྱིར་ལན་བསྐྱོན་པའི་སྡེ་ཁག མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན།  ཕྱིར་ལན་བསྐྱོན་པའི་དུས་ཚོད2015ལོའི་ཟླ6ཚེས5།

        སྐུ་ཞབས་གུ་རུ་ཚེ་དབང་ལགས།

        ཁྱོད་བདེ་མོ། ཁྱེད་ཀྱིས་ལན་འཕྲིན་བཞག་པའི་དཔྱད་ཞིབ་བྱ་དགའི་ཞིབ་ཕྲའི་གནས་ཚུལ་ང་ཚོས་ཐག་གཅོད་བྱེད་མི་ཐུབ་ལ་ཁྱེད་ཀྱི་ལས་ཁུངས་གནས་ཚུལ་དང་སྒེར་གྱི་ཐོབ་ཐང་གནད་དོན་ལ་རྒྱུས་ལོན་མེད་པས་ཁྱེད་ལ་ལན་འདེབ་མི་ཐུབ་པ་རེད། ཁྱེད་ཀྱིས་ངེད་ལས་ཁུངས་ཀྱི་ཟླ་ཕོག་ཕན་བདེ་ཁང་(ཁ་པར:0971-6308490)ལ་འབྲེལ་གཏུགས་བྱས་ཏེ་ཁྱེད་ཀྱི་ཞིབ་ཕྲའི་གནས་ཚུལ་བཤད་རྗེས་ཁྱེད་ཀྱི་གནད་དོན་ལ་ལན་འདེབས་ངེས། ཁྱེད་ཀྱིས་ང་ཚོའི་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ།