ཅིའི་ཕྱིར་ཉིན་ཧྲིལ་བོའི་ལམ་ལུགས་མིན་པའི་མཐོ་རིམ་སློབ་ཆེན་ནས་མཐར་ཕྱིན་པའི་དངོས་གཞི་སློབ་མར་འདྲ་མཉམ་རྒྱུགས་སྤྲོད་ཀྱི་གོ་སྐབས་ཚོད་འཛིན་བྱས་པ་ཡིན།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2015-09-14 11:48:22      རྩོམ་སྒྲིག་པ། : ཨ་གཡང་སྐྱིད།

        གུས་པར་འོས་པའི་འབྲེལ་ཡོད་ཀྱི་མགོ་ཁྲིད་རྣམ་པ། ང་ནི་ཉིན་ཧྲིལ་བོའི་ལམ་ལུགས་མིན་པའི་མཐོ་རིམ་སློབ་ཆེན་ནས་མཐར་ཕྱིན་པའི་དངོས་གཞི་སློབ་མ་ཞིག་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ་རང་ཞིང་གིས་གཞུང་ཞབས་པ་དང་དོན་ལས་ལས་ཁུངས་ལ་རྒྱུགས་སྤྲོད་པ་ལ་ཉིན་ཧྲིལ་བོའི་ལམ་ལུགས་མིན་པའི་མཐོ་རིམ་སློབ་ཆེན་ནས་ཐོན་པའི་མཐར་ཕྱིན་སློབ་མར་རྒྱུགས་སྤྲོད་པའི་གོ་སྐབས་ཚོད་འཛིན་བྱས་ཡོད། ང་དང་གནས་ཚུལ་འདྲ་བའི་མིས་དཀའ་སྡུག་གང་མང་བརྒྱུད་ནས་རྒྱལ་ཁབ་ཀྱི་ཁས་ལེན་ཐོབ་པའི་སློབ་གཉེར་ལག་རྟགས་བླངས་ཡོད་པ་དང་། ཉིན་ཧྲིལ་བོའི་ལམ་ལུགས་གྱི་མཐོ་རིམ་སློབ་ཆེན་ནས་མཐར་ཕྱིན་པའི་སློབ་མ་དང་འདྲ་བར་འདྲ་མཉམ་གྱིས་རྒྱུགས་སྤྲོད་གོ་སྐབས་ཅིའི་ཕྱིར་མི་སྤྲོད་དམ།

        འཆན་མཐུན་སྤྱི་ཚོགས་དར་སྤེལ་གཏོང་བའི་དེ་རིང་། དྲང་གཞག་དྲང་བདེན་གྱི་སྲོག་ཤིང་རིན་ཐང་ལྟ་བ་ཇི་ལྟར་མངོན་པ། མགོ་ཁྲིད་ཀྱིས་དྲང་ཕྱོགས་ནས་ལན་འདེབས་པར་རེ་བ་ནན་པོ་ཞུ་དང་བཀའ་དྲིན་ཆེ།

        ཕྱིར་ལན་འདེབས་པའི་སྡེ་ཁག་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན། ཕྱིར་ལན་འདེབས་པའི་དུས་ཚོད། 2015ལོ་ཟླ9པའི་ཚེས2ཉིན།

        ཞའོ་དྲང་།

        ཁྱོད་བདེ་མོ།རང་ཞིང་གིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཡོངས་བསྒྲགས་སྒོས་གཞུང་ཞབས་པ་བསྡུ་བའི་བྱ་བའི་ཁྲོད།བསྡུ་བའི་ལས་གནས་ཀྱི་ཆེད་ལས་རེ་བ་དང་།ཐོབ་ཐང་ཆ་རྐྱེན་སོགས་བསྡུ་ལེན་ལས་ཁུངས་ཀྱི་མཁོ་འདོད་གཞིར་བཟུང་སྟེ་སྒྲིག་བཀོད་བྱས་པ་ཡིན། 2015ལོའི་ཞིང་ཆེན་ཡོངས་ཀྱི་རྒྱུན་ལྡན་གྱི་གཞུང་ཞབས་པ་དང་སྤྱི་བདེ་སྡེ་ཁག་གི་ཡོངས་བསྒྲགས་སྒོས་མི་དམངས་ཉེན་རྟོག་པ་བསྡུ་ལེན་བྱས་པའི་སྤྱི་བསྒྲགས་ཁྲོད།འཆར་གཞི་བསྡུ་ལེན་ལས་གནས་སོ་སོ1155དང789ཡིན་ལ།དེ་ནང་ཉིན་གང་ལམ་ལུགས་མིན་པའི་སློབ་གཉེར་ལག་རྟགས་ཀྱི་ལས་གནས་ནི655དང582ཡིན།བསྡུ་ཚད་ཆ་སྙོམས་ཀྱི50%ཟིན་ཡོད།ཁྱོད་ཀྱི་ནན་ཏན་སྒོས་སྤྱི་བསྒྲགས་དང་བསྡུ་ལེན་ལས་གནས་ཀྱི་འཆར་གཞི་རེའུ་མིག་ཀློག་ནས།(མཚོ་སྔོན་ཉིན་རེའི་ཚགས་པར་ཟླ8པའི་ཚེས27ཉིན་གྱི་པར་དངོས9བ་དང་། ཡང་ན་མཚོ་སྔོན་མི་དོན་རྒྱུགས་སྤྲོད་ཆ་འཕྲིན་དྲ་བhttp://www.qhpta.com)སྟེང་རང་ལ་འཚམས་པའི་ལས་གནས་འདེམས་ནས་མིང་འགོད་རྒྱུགས་སྤྲོད་བྱ་དགོས།གལ་ཏེ་དོགས་གནད་ཡོད་ན་ཞིང་ཆེན་གཞུང་ཞབས་ཅུའུ་ལ་ཁ་པར་གྱི་ལམ་ནས་འདྲི་རྟོག་བྱ་ཆོག ཁ་པར་ཨང་གྲངས།0971-6310187ཁྱེད་ཀྱིས་ང་ཚོའི་བྱ་བར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ།

       

        ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན།

        2015ལོའི་ཟླ9བའི་ཚེས2ཉིན།

      ལོ་ཙཱ་བ། ཨ་གཡང་སྐྱིད།