ལས་ཁུངས་ཀྱི་ཚོད་ལྟའི་དུས་ཡུན་གནད་དོན།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2015-09-15 15:19:10      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        ནང་དོན།

        རྒྱལ་ཁབ་དང་རང་ཞིང་གི་དོན་ལས་ལས་ཁུངས་ཀྱི་མི་དོན་གདན་ཞུའི་ལམ་ལུགས་ཀྱི་གཏན་འཁེལ་གཞིར་བྱས་ན།བྱ་བའི་ཉམས་མྱོང་ལོ་གཅིག་ཡན་གྱི་ཚོད་ལྟའི་དུས་ཡུན་ཟླ3ཡིན་ལ།དམིགས་གསལ་གནས་ཚུལ་འོག་ཏུ་ཡང་ཟླ6ལ་ཇེ་རིང་དུ་བཏང་ཆོག་མོད་དེ་ལས་འདའ་མི་རུང་།ཐོག་དང་པོའི་ལས་ཞུགས་ལ་ལོ1གི་ཚོད་ལྟའི་དུས་ཡུན་ཡིན། ཞིང་ཆེན་ཁོངས་གཏོགས་དོན་ལས་ལས་ཁུངས་ཀྱིས་ཅིའི་ཕྱིར་གཏན་འཁེལ་ལྟར་ལག་བསྟར་མི་བྱེད་པ་རེད།ཐོག་དང་པོ་ལས་ཞུགས་ཡིན་ནའང་འདྲ་བྱ་བའི་ཉམས་མྱོང་ཡོད་ནའང་འདྲ་ཚང་མར་ཚོད་ལྟའི་དུས་ཡུན་ལོ་གཅིག་ཡིན་ལ།ལོ་གཅིག་རྗེས་སུ་གདན་ཞུའི་གན་རྒྱ་འཇོག་པ་དང་གོ་གནས་རིམ་སྤར་བྱས་ན་ད་གཟོད་མི་དོན་ཐིན་དུ་ཐོ་འགོད་སྙན་སེང་སོགས་འབྲེལ་ཡོད་འགྲོ་ལུགས་སྒྲུབ་པ་ཡིན།དེ་ལྟར་བྱས་ན་ཐོག་དང་པོའི་ལས་ཞུགས་དང་བྱ་བའི་ཉམས་མྱོང་ཡོད་པ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད། ཞིང་ཆེན་མི་ཤུགས་ཐིན་གྱིས་སྔ་མོ་ནས་དྲ་བའི་སྟེང་དུ་མི་དོན་གདན་ཞུའི་ལམ་ལུགས་ཁྱབ་བསྒྲགས་བྱས་ཟིན།ཡིན་ནའང་དོན་ལས་ལས་ཁུངས་གང་ཞིག་གིས་གཏན་འཁེལ་གཞིར་བཟུང་ནས་ལག་བསྟར་བྱས་ཡོད།ད་སྔར།ལོ་གཅིག་ཡན་གྱི་བྱ་བའི་ཉམས་མྱོང་ཡོད་པ་དང་ཚོད་ལྟའི་དུས་ཡུན་ཟླ6འགོར་ཟིན་པ་ང་གཅིག་པུ་མིན་ད་རུང་གང་མང་ཞིག་ཡོད་པ་རེད།

        ཕྱིར་ལན་བསྐྱོན་པའི་སྡེ་ཁག མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཕྱིན་ལན་བསྐྱོན་པའི་དུས་ཚོད2015-06-05

        ཀོའུ་སྲས་མོ

        ཁྱེད་བདེ་མོ། ཁྱེད་ཀྱིས་རང་ཞིང་གི་དོན་ལས་ལས་ཁུངས་མི་དོན་དོ་དམ་བྱ་བར་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ། 《དོན་ལས་ལས་ཁུངས་ཀྱི་མི་དོན་དོ་དམ་སྲོལ་ཡིག》སོགས་ཀྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་ན།དོན་ལས་ལས་ཁུངས་དང་གདན་ཞུའི་ལས་མིའི་བར་ལ་གདན་ཞུའི་གན་རྒྱ་གཞག་སྟེ་ཚོད་ལྟའི་དུས་ཡུན་གཏན་འཁེལ་གྲོད་ཐག་བཅད་ཆོག ཚོད་ལྟའི་དུས་ཡུན་སྤྱིར་བཏང་གི་ཟླ3ལས་མི་བརྒལ་བ་དང་དུས་ཡུན་ཆེས་རིང་ནའང་ཟླ6ལས་མི་བརྒལ།ཐོག་དང་པོའི་ལས་ཞུགས་ཀྱི་ལས་བྱེད་མི་སྣ་དང་དོན་ལས་ལས་ཁུངས་ཀྱིས་གདན་ཞུའི་གན་རྒྱའི་དུས་ཡུན་ལོ3གྱི་ཡན་ཡིན་ན་ཚོད་ལྟའི་དུས་ཡུན་ཟླ12ཡིན།ཚོད་ལྟའི་དུས་ཡུན་ཁྲོད་གདན་ཞུའི་གན་རྒྱའི་དུས་ཡུན་ཡང་འདུ་བ་རེད།ཁྱེད་ཀྱིས་བཏོན་པའི་གནས་ཚུལ་གཞིར་བཟུང་ན།ང་ཚོས་གྲོང་ཁྱེར་དང་ཁུལ་སོ་སོའི་མི་ཤུགས་ཐོན་ཁུངས་པུའུ་དང་ཞིང་ཆེན་ཁོངས་གཏོགས་ཀྱི་ལས་ཁུངས་སོ་སོར་《སྲོལ་ཡིག》གི་འབྲེལ་ཡོད་བླང་བྱ་ལག་བསྟར་ནན་མོ་བྱེད་དགོས་པར་སྐུལ་འདེད་བྱེད་ངེས། གལ་ཏེ་་དོགས་གཞི་ཡོད་ན་ངེད་ལས་ཁུངས་ཀྱི་དོན་ལས་ལས་ཁུངས་མི་དོན་དོ་དམ་ཁང་ལ་འབྲེལ་གཏུགས་བྱས་ཆོག

      འབྲེལ་གཏུགས་ཁ་པར0971-6304470

      ཡང་བསྐྱར་ཁྱེད་ཀྱིས་ང་ཚོའི་བྱ་བར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ།

        ཞེས་སྤྱི་ཚོགས་འགན་སྲུང་ཐིན་ནས

      ལོ་ཙཱ་བ།ལྷ་ཆེན་རྒྱལ།