ཤུལ་རྫས་བགོ་བྱ་རྒྱག་དུས་ཚབ་སྐོས་རྒྱུད་སྐྱོང་མཁན་ལ་གཏན་ཁེལ་ག་འདྲ་ཡོད།

      ཡོང་ཁུངས། : ཁྲིམས་ལུགས་ཚགས་པར།      སྤེལ་དུས། : 2015-12-01 10:09:39      རྩོམ་སྒྲིག་པ། : ཡུལ་ལྷ་ཐར།

        ཚབ་སྐོས་རྒྱུན་སྐྱོང་ཞེས་པ་ནི་རྒྱུད་སྐྱོང་མཁན་གྱི་བུ་དང་བུ་མོ། ཚ་བོ་དང་ཚ་མོ་རྣམས་རྒྱུད་སྐྱོང་བའི་སྔོན་ལ་འདས་པ་དང་། འདས་པའི་བུ་རབས་ཚ་རྒྱུད་ལས་རྒྱུད་སྐྱོང་བར་གདམ་སྟེ་བགོ་བྱ་རྒྱག་པའི་ལམ་ལུགས་ཤིག་ལ་ཟེར། རྒྱུད་སྐྱོང་བའི་བུ་དང་བུ་མོ། ཚ་བོ་དང་ཚ་མོ། བུ་སྐལ་དུ་སྟེར་བ་དང་བུ་སྐལ་དུ་བླངས་པའི་ཚ་བོ་ཚ་མོ་སོགས་གང་ཡིན་རུང་ཚབ་སྐོས་རྒྱུན་སྐྱོང་བྱེད་ཆོག ཚབ་སྐོས་རྒྱུད་སྐྱོང་ལ་ཤ་ཉེ་འབྲེལ་གྱི་ཚད་བཀག་མེད། རྒྱུན་སྐྱོང་བར་རང་གི་བུ་དང་བུ་མོ། བུ་སྐལ་སོགས་ཀྱིས་རྒྱུད་སྐྱོང་ཆོག་ལ་དེས་ཀྱང་བུ་སྐལ་སོགས་ལ་བྱིན་ནས་རྒྱུན་སྐྱོང་ཆོག རྒྱུད་སྐྱོང་བ་དང་ཐང་བུའི་འབྲེལ་བ་ཡོད་པའི་བུ་དང་བུ་མོའི་ཐང་བུ་ཕོ་མོས་ཀྱང་རྒྱུན་སྐྱོང་ཆོག ཚབ་སྐོས་རྒྱུད་སྐྱོང་བར་ངལ་རྩོལ་ནུས་པ་ཞན་པས་དཔལ་འབྱོར་གྱི་ཡོངས་ཁུངས་སོགས་མེད་པ། ཡང་ན་རྒྱུད་སྐྱོང་བར་དམིགས་སུ་བཀར་ནས་གསོ་བའི་འགན་འཁུར་ཡོད་པ་ཡིན་ན། རྒྱུ་ནོར་བགོ་བྱ་རྒྱག་དུས་རྒྱུ་ནོར་མང་དུ་བགོས་ཆོག རྒྱུད་སྐྱོང་མཁན་གྱི་དབང་ཆ་མེད་པར་གྱུར་ན་དེ་དང་ཁྲག་རྒྱུན་གཅིག་པའི་མི་རབས་ཕྱི་མ་ཚབ་སྐོས་རྒྱུད་སྐྱོང་བྱས་མི་ཆོག གལ་ཏེ་ཚབ་སྐོས་རྒྱུད་སྐྱོང་ངལ་རྩོལ་ནུས་པ་ཞན་པས་འཚོ་བའི་ཡོངབ་སྒོ་མེད་པ། ཡང་ན་རྒྱུན་སྐྱོང་མཁན་གྱི་གསོ་སྐྱོང་གི་འགན་མང་དུ་ཁུར་ཡོད་པ་ཡིན་ན་འོས་འཚམས་ཀྱིས་ཤུལ་རྫས་བགོས་ཆོག

        གཤམ་གྱི་གནས་ཚུལ་ཁྲོད་ཀྱི་གཅིག་ཡོད་ན་ཤུལ་བཞག་རྒྱུ་ནོར་ཁྲིམས་མཐུན་སྒོས་ཐག་གཅོད་བྱེད་དགོས།

        1.ཤུལ་རྫས་བགོ་བར་མི་འཐད་པའམ་རྒྱུད་སྐྱོང་མཁན་གྱིས་དང་ལེན་མི་བྱེད་པ།

        2.རྒྱུད་སྐྱོང་དབང་ཆ་ཉམས་པ།

        3.བདག་པོ་མེད་པའི་ཤུལ་བཞག

        4.ཁ་ཆེམས་བཞག་མེད་པའི་ཤུལ་བཞག དུས་མཚུངས་སུ་བཅའ་ཁྲིམས་ནང་དུ་མངལ་དུ་ཡོད་པའི་བྱིས་པར་སྐལ་བཞག་ཡོད་ལ། བྱིས་པ་སྐྱེས་སྐབས་འདས་སོང་ན། ཤུལ་དེ་ཁྲིམས་ལྟར་ཐག་གཅོད་བྱེད་པ་ཡིན།

        རྩོམ་འཇུག་པ། ཡུལ་ལྷ་ཐར།