རྒན་གསོའི་ཉེན་འགོག་གི60%ཡི་རིན་སྤྲོད་ཚད།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2015-12-03 10:03:42      རྩོམ་སྒྲིག་པ། : ཡུལ་ལྷ་ཐར།

        དྲི་བ།

        བཀུར་འོས་པའི་ཧྲིན་ཀྲང་ཁྱེད་བདེ་མོ། ངས་འདིར་འདྲི་འདོད་པ་ནི་ད་ལོའི་སྤྱི་ཚོགས་ཉེན་འགོག་གི་ལས་ཞུགས་མི་སྣའི་སྤྲོད་དགོས་པའི་སྤྱི་ཚོགས་རྒན་གསོའི་ཉེན་འགོག་གི60%ཡི་རིན་སྤྲོད་ཚད་ག་ཚོད་ཡིན་པ་དང་། དུས་ཚོད་ཀྱི་ཚད་བཀག་ཅི་འདྲ་ཞིག་ཡིན་ནམ།

        དྲིས་ལན།

        བློ་མཐུན་ཀའོ་ཆིས། ཁྱེད་བདེ་མོ། ད་ལོར་རང་ཞིང་གི་ཉེན་འགོག་ལས་ཞུགས་མི་སྣའི་སྤྲོད་དགོས་པའི60%ཡི་སྒོར་སྤྲོད་ཚད་ནི6936.48ཡིན་ལ། ཟི་ལིང་གྲོང་ཁྱེར་གྱི་སྡོད་དམངས་ཡིན་ན2015ལོའི་ཟླ12པའི་ཚེས31ཉིན་བར་ལ་སྤྲོད་དགོས། དེ་ལས་གཞན་པའི་ས་ཁུལ་ཡིན་ན་རང་ས་གནས་ཀྱི་མི་དོན་གཞུང་སྒྲུབ་ཁང་ནས་འགྲོ་ལུགས་སྒྲུབ་དགོས་པའམ་ཡང་ན་ཁ་པར་ཨང་གྲངས12333སྟེང་ལ་འབྲེལ་བ་བྱས་ནས་འདྲི་རྩད་བྱེད་རོགས།

        ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས།

      ལོ་ཙཱ་བ། ཡུལ་ལྷ་ཐར།