ལིན་ཧྭོ་ལམ་གྱི་རླངས་སྣོན་ས་ཚིགས་སྒྲིག་བཀོད་སྐོར་གྱི་བསམ་འཆར།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2016-01-18 14:40:49      རྩོམ་སྒྲིག་པ། : རྟ་མགྲིན་དཔལ།

        འཕྲིན་གྱི་ནང་དོན།

        གུས་ཤིང་བརྩེ་བའི་ཞིང་ཆེན་གྱི་མགོ་གཙོ་ལགས། བདག་གིས་ཐེངས་མང་པོར་བསམ་བློ་བཏང་མཐར་ལིན་ཧྭོ་ལམ་དུ་ཆགས་པའི་རང་བྱུང་རླངས་སྣོན་ས་ཚིགས་ཀྱི་གནད་དོན་འདི་ཡར་ཞུ་བྱེད་འདོད་སོང་། བདག་གི་བསམ་ཚུལ་ཡིན་ན་མིག་སྔར་ལིན་ཧྭོ་ལམ་གྱི་རླངས་སྣོན་ས་ཚིགས་དེ་གྲོང་ཁྱེར་གྱི་མི་མང་འདུས་སྡོད་བྱེད་ས་ཞིག་ཏུ་སྒྲིག་བཀོད་བྱས་པར་སྟབས་མི་འགྲིག་ས་མང་པོ་ཞིག་འདུག་པ་གཤམ་གསལ་ལྟར།གཅིག་ནི། ཉེན་ཁ་ཆེ་བ་སྟེ། ཉེ་འཁོར་ཕལ་ཆེ་བ་མི་ཚོགས་འདུས་སའི་སྡོད་ཁུལ་ཡིན་པས། རླངས་སྣོན་ས་ཚིགས་ཀྱིས་ཉེ་འཁོར་དུ་ཆགས་པའི་སྡོད་ཁུལ་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་རྐྱེན་བདེ་འཇགས་ལ་མངོན་མེད་རྐྱེན་ངན་གནས་ཡོད། གཉིས་ནི། ད་ལྟ་ལིན་ཧྭོ་ལམ་གྱི་གཞུང་ལམ་ཅུང་དོག་ལ་རླངས་འཁོར་མང་བས། དུས་རྒྱུན་རླངས་སྣོན་ས་ཚིགས་སུ་སྤྱི་སྤྱོད་རླངས་འཁོར་འགྲོ་སྡོད་ཀྱིས་བཀང་ནས་ལིན་ཧྭོ་ལམ་གྱི་འགྲིམ་འགྲུལ་ལ་བཀག་རྐྱེན་ཆེན་པོ་བཟོས་ཡོད། ལྷག་པར་དགོང་དྲོར་ས་རུབ་དུས་རླངས་སྣོན་རླངས་འཁོར་བསྟར་ཕྲེང་སྒྲིག་ནས་ལམ་ཕྱེད་འགགས་ཅིང་། འབུད་སྒོ་རུ་སྤྱི་སྤྱོད་རླངས་འཁོར་སོགས་ཡར་འགྲོ་མར་འདུག་གི་ལམ་བཀག་ནས་འགྲིམ་འགྲུལ་སྒྲིག་ལམ་ལ་གཏོར་བརླག་ཆེན་པོ་བཟོས་འདུག ། དེ་བས་བསམ་འཆར་ནི་གྲོང་ཁྱེར་གཞན་གྱི་འཛུགས་སྐྲུན་ལ་སློབ་སྦྱོང་བྱས་ཏེ། རླངས་སྣོན་ས་ཚིགས་འདི་གྲོང་ཁྱེར་གྱི་འདབས་སུ་གནས་སྤོས་ཏེ་བདེ་འཇགས་ལ་གནོད་སྐྱོན་མེད་པ་དང་འགྲིམ་འགྲུལ་ལ་བཀག་རྐྱེན་མེད་པ་ཞིག་བཟོ་དགོས་པ་དེ་ཡིན།

        ཐག་གཅོད་མཇུག་སྒྲིལ།

        གུས་ཤིང་བརྩེ་བའི་སྐུ་ཞབས་ལི་ཡེན་ཧྥོ་ལགས།ཐོག་མར་ཁྱོད་ཀྱིས་ཟི་ལིང་འགྲིམ་འགྲུལ་ལས་དོན་ལ་ལྷག་བསམ་ཟོལ་མེད་ཀྱིས་དོ་ཁུར་གནང་བ་བཀའ་དྲིན་ཆེ་ཞུ།ཁྱོད་ཀྱིས་བཏོན་པའི་ཟི་ལིང་མཁར་ནུབ་ལིན་ཧྭོ་ལམ་གྱི་རབ་བྱུང་སོལ་རླངས་སྣོན་ས་ཚིགས་གནས་སྤོ་བྱ་རྒྱུའི་བསམ་འཆར་དེ་ངེད་ཅུའུ་ལ་འབྱོར་སོང་།ལན་སྐྱོན་པ་གཤམ་གསལ་ལྟར། ལིན་ཧྭོ་ལམ་གྱི་སོལ་རླངསCNGརླངས་སྣོན་ས་ཚིགས་ནི་ཁུ་ནུ་དང་ལིན་ཧྭོ་ལམ་གྱི་ནུབ་བྱང་བསྣོལ་མཚམས་སུ་ཆགས་ཡོད།སྔོན་གྱི་ས་རྒྱུས་ལྟར་ན་བལྟས་བཅོས་ཀྱིས་ལུང་ཁུག་ན་ཡོད།དེ་བས་གྲོང་ཁྱེར་གྱི་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་སོང་སྟེ།ད་ལྟ་ས་ཚིགས་ཀྱི་ཉེ་འཁོར་དུ་རླངས་འཁོར་འགྲོ་རྒྱུགས་མགྱོགས་མྱུར་གྱིས་ཇེ་མང་ལ་སོང་བ་དང་། ཉེ་འཁོར་གྱི་སྡོད་ཁུལ་ཁོར་ཡུག་ལ་ཅུང་རྙོག་དྲ་ཆེ་བའི་ཤུགས་རྐྱེན་བཟོས་ཡོད་པས།མིག་སྔར་སོལ་རླངས་ས་ཚིགས་འདིའི་སྒྲིག་འཛུགས་བདེ་འཇགས་ལ་དངོས་གནས་མངོན་མེད་རྐྱེན་ངན་གནས་འདུག དེ་བས་ལིན་ཧྭོ་ལམ་གྱི་སོལ་རླངས་ས་ཚིགས་ཉེ་འཁོར་དུ་ཆགས་པའི་སྡོད་དམངས་ཀྱི་བདེ་འཇགས་དང་ལམ་ཆེན་ལ་བཀག་རྒྱ་མེད་པར་བཟོ་ཆེད། ཉེ་སྔོན་ཟི་ལིང་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཀུང་སིས་འབྲེལ་ཡོད་སྡེ་ཚན་བར་མཐུན་སྦྱོར་བརྒྱུད་འདུས་སྡོད་ཁུལ་དང་གྲོང་ཁྱེར་དབུས་ཁུལ་བཅས་ཀྱི་བར་ཐག་རིང་ས་ནས་ས་འདེམ་བཞིན་ཡོད།ད་ལྟ་མགྱོགས་མྱུར་ངང་འཛུགས་སྐྲུན་མ་དངུལ་གྲ་སྒྲིག་བྱེད་བཞིན་ཡོད། རང་བྱུང་རླངས་སྣོན་ས་ཚུགས་གསར་བ་འདི་འཛུགས་སྐྲུན་བྱས་ཚར་རྗེས།དེ་མ་ཐག་གནས་སྤོས་ནས་གྲོང་མི་དག་ལ་བདེ་འཇགས་ཀྱི་ཁོར་ཡུག་གསར་བ་ཞིག་བསྐྲུན་ངེས་ཡིན། ཁྱེད་ཀྱིས་འཕྲིན་ཡོང་བར་བཀའ་དྲིན་ཆེ་ཞུ།

        ཟི་ལིང་གྲོང་ཁྱེར་འགྲིམ་འགྲུལ་ཅུའུ།

        2015ལོའི་ཟླ11པའི་ཚེས26ཉིན།

        ལོ་ཙཱ་བ།མཁར་རྒྱལ་བྱམས།