འབྲོག་པའི་འཚོ་བ་དང་འབྲེལ་པའི་མིང་ཚིག་འགའ།

      ཡོང་ཁུངས། : སྐད་འཕྲིན།      སྤེལ་དུས། : 2016-03-04 12:32:53      རྩོམ་སྒྲིག་པ། : ཨ་གཡང་སྐྱིད།

        

       

        འབྲོག་པའི་འཚོ་བ་དང་འབྲེལ་པའི་མིང་ཚིག་འགའ།

        

        སྤྱིར་བོད་ཀྱི་སྲོལ་རྒྱུན་རིག་གནས་ཟེར་ན་མཐའ་ཡས་པའི་རྒྱ་མཚོ་ཆེན་པོ་ཞིག་ཡིན་པས་རྐྱལ་གྱིས་ག་ལ་ཆོད་མོད། འབྲོག་སའི་རྩྭའི་ལས་མི་ཚོས་རང་ནུས་གང་ཡོད་ཀྱིས་དེ་དག་གི་ཁྲོད་ན་མིག་སྔར་ཉམས་བཞིན་པའི་ཐ་སྙད་དང་སྒོས་སུ་འབྲོག་པའི་ཡོ་བྱད་དང་ཐོན་སྐྱེད་དངོས་རྫས་སྐོར་གྱི་ཐ་སྙད་དག་འཚོལ་བསྡུ་བྱེད་རྒྱུ་ཡིན་ལ་དེའི་དམིགས་ཡུལ་གཙོ་བོ་ནི།

        ༼དང་པོ།༽

        རྨ་འབྲི་རྫ་གསུམ་གྱི་སྐྱེ་ཁམས་ཁོར་ཡུག་དོ་མཉམ་ཡོང་མིན་ནི་འབྲོག་པའི་སྲོལ་རྒྱུན་འཚོ་བ་དང་ཐད་གར་འབྲེལ་བ་ཡོད་པ །

        ༼གཉིས་པ།༽

        འབྲོག་པས་སྲོལ་རྒྱུན་འཚོ་བ་རོལ་སྟངས་བཞག་ནས་དེང་རབ་ཅན་ལ་ཐད་གར་ཁ་ཕྱོགས་ཚེ་འབྲོག་པ་དང་འབྲེལ་བའི་སྲོལ་རྒྱུན་གྱི་ཐ་སྙད་དང་ཡོ་བྱད་མང་པོ་ཞིག་མིང་གི་ལྷག་མར་འགྱུར་འགྲོ་བ།དཔེར་ན་དེང་སང་འབྲོག་པ་ཚོས་སྦྲ་ནག་ལྟེབ་ནས་མཛོད་ཁང་དུ་བཅུག་སྟེ་རུལ་དུ་བཅུག་སོང་བའི་ཞོར་དུ་སྦྲ་ནག་དང་འབྲེལ་བའི་བོད་ཀྱི་ཐ་སྙད་མང་པོ་ཞིག་སྦྲ་ནག་གི་ལྟེབ་གཉེར་བར་ནས་རུལ་སོང་བ་ལྟ་བུ་རེད།

        དེ་ལྟ་བུའི་དམིགས་ཡུལ་གཉིས་ཀྱི་སྒོ་ནས་སྦྲ་ནག་དང་འབྲེལ་བའི་འབྲོག་པའི་སྲོལ་རྒྱུན་ཡོ་བྱད་སྐོར་གྱི་ཐ་སྙད་དག་འཚོལ་སྡུད་བྱས་པ་གཤམ་གསལ།

        

      རྩོམ་འཇུག་པ། ཨ་གཡང་སྐྱིད།