《ཀྲུང་གོའི་ངག་རྒྱུན་རྩོམ་རིག་ཤུལ་བཞག་གི་གྲངས་གཞིའི་མཛོད་ཀྱི་རྩ་བའི་དཀར་ཆག་》སྔ་རྗེས་སུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ།

      ཡོང་ཁུངས། : མི་དམངས་དྲ་བ།      སྤེལ་དུས། : 2016-05-25 17:36:46      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་23ཉིན་ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཁས་ཅན་ལྷན་ཚོགས་ཀྱིས་གཙོ་སྐྱོང་བྱས་པའི་《ཀྲུང་གོའི་ངག་རྒྱུན་རྩོམ་རིག་ཤུལ་བཞག་གི་གྲངས་གཞིའི་མཛོད་ཀྱི་རྩ་བའི་དཀར་ཆག་》གི་གྲུབ་འབྲས་ཁྱབ་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་དཔེ་སྟོན་བམ་པོ་《ཧོ་པེའི་བམ་པོ་》ཁྱབ་བསྒྲགས་བྱས་པ་དང་ཞིང་ཆེན་གཞན་གྱི་བམ་པོ་སྔ་རྗེས་སུ་པར་བསྐྲུན་བྱ་རྒྱུ་ཡིན་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་2010ལོར“ཀྲུང་གོའི་ངག་རྒྱུན་རྩོམ་རིག་གྲངས་གཞི་ཅན་གྱི་ལས་གྲྭ”གཉེར་འགོ་ཚུགས་པ་དང་། 《རྩ་བའི་དཀར་ཆག་》ནི་ལས་གྲྭ་དེའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཤིག་ཡིན་ལ“ཀྲུང་གོའི་ངག་རྒྱུན་རྩོམ་རིག་ཤུལ་བཞག་གི་གྲངས་གཞིའི་མཛོད”ནང་དོན་གྱི་འགག་རྩའི་རྣམ་གྲངས་ཀྱི་གསལ་བྱང་ཞིག་ཀྱང་ཡིན་པ་དེའི་ནང་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་རྒྱལ་ཡོངས་ཀྱི་དམངས་ཁྲོད་རྩོམ་རིག་ཡོངས་ཁྱབ་ཞིབ་བཤེར་བྱས་པ་ལས་ཐོབ་བའི་དཔྱད་གཞིའི་དཀར་ཆག་མིང་ཐོའང་ཚུད་ཡོད་པ་དེ་ལྷ་སྒྲུང་དང་གཏམ་རྒྱུད་སོགས་རིགས་ཆེ་བ་11ཏུ་དབྱེ་ཡོད་པ་དང་ཁྱོན་དཀར་ཆག་གི་ཆ་འཕྲིན་ཁྲི་120ལྷག་ཙམ་ཡོད་པ་རེད། 《རྩ་བའི་དཀར་ཆག་》པར་འགྲེམས་བྱས་པ་དེས་ཀྲུང་གོའི་དམངས་ཁྲོད་རྩོམ་རིག་དང་དམངས་སྲོལ་རིག་པའི་ཞིབ་འཇུག་ལ་སྟབས་བདེ་ཆེན་པོ་སྐྲུན་ནས་རིག་གནས་ཐོན་ལས་དང་ཐོན་ལས་གསར་གཏོད་འཕེལ་རྒྱས་ཐད་ལ་ནུས་ཁུངས་གསར་པ་དང་སྒུལ་ཤུགས་གསར་པ་མཁོ་འདོན་བྱས་པ་དང་སྦྲགས་ཁྲིམས་དང་མཐུན་པའི་སྒོ་ནས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་འབྲེལ་ཡོད་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་གཞི་འཛིན་ས་ནུས་ལྡན་མཁོ་འདོན་བྱས་ཡོད།