ཟམ་ཆུང་འཛུགས་སྐྲུན་བྱང་ལམ་གཡས་གཡོན་གྱི་གཙང་སྦྲའི་གནས་ཚུལ་ཞན་པའི་གནད་དོན།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2016-06-24 12:14:38      རྩོམ་སྒྲིག་པ། : རྟ་མགྲིན་དཔལ།

        སྐུར་ཡིག་ངོ་གཏུག་གི་ནང་དོན། ཟམ་ཆུང་འཛུགས་སྐྲུན་བྱང་ལམ་གཡས་གཡོན་གྱི་གཙང་སྦྲ་དེ་མི་རྣམས་ཀྱིས་སེམས་ཁྲལ་བྱེད་ས་ཞིག་ཏུ་གྱུར་ཡོད།ལྷག་པར་དུ་ཡེ་ཅན་གླིང་གི་ཨང་རྟགས48པའི་རླངས་འཁོར་ཞིག་གསོ་བྱེད་ས་དང་རླངས་འཁོར་བཀྲུ་ས་དེར་ཁོར་ཡུག་གཙང་སྦྲ་ཇེ་ཞན་ནས་ཇེ་ཞན་དང་འབག་བཙོག་ཏུ་གྱུར་བཞིན་ཡོད་པ་མ་ཟད། རླངས་འཁོར་བཀྲུ་བ་དག་གང་འདོད་དུ་བསྡད་དེ་འགྲིམ་འགྲུལ་བདེ་འཇགས་ལ་གཏོར་བརླག་བྱེད་ཀྱིན་ཡོད་པས། ཉིན་རྒྱུན་དུ་བྱིས་པ་དག་སློབ་གྲྭ་ནས་ཡར་སྐྱེལ་མར་ལེན་བྱེད་སྐབས་ཧ་ཅང་སྟབས་བདེ་མིན་སོང་། ངེད་ཅག་གི་རེ་བ་ཡིན་ན་འབྲེལ་ཡོད་འགོ་ཁྲིད་དག་ནས་ས་གནས་འདིར་རྒྱུས་ལོན་ཞིག་བྱེད་རྒྱུ་བཀའ་དྲིན་ཆེ།

        ཐག་གཅོད་མཇུག་འབྲས། ཁྱོད་བདེ་མོ། ཁྱོད་ཀྱིས་བཏོན་པའི་གནད་དོན་དེར་ཟི་གྲོང་ཁྱེར་མཁར་བྱང་ཁུལ་གྱི་གྲོང་ཁྱེར་དོ་དམ་སྲོད་འཛིན་ཅུའུ་ཡིས་རྟོག་དཔྱོད་རྒྱུས་ལོན་བྱེད་ཞོར་རུ་མི་རྩ་འཛུགས་བྱས་ཏེ་ཁོར་ཡུག་གཙང་དག་མིན་པ་དང་། རླངས་འཁོར་གང་འདོད་དུ་འདུག་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཟིན། དེ་རིང་ནས་བཟུང་ངེད་ཅག་གིས་ལམ་ཁུལ་འདིར་དོ་དམ་དང་སྐོར་བསྐྱོད་ཞིབ་བཤེར་ཤུགས་ཆེ་རུ་བཏང་ནས་ཕུགས་ཕན་ལམ་སྲོལ་རྒྱུན་འཁྱོངས་ཀྱིས་གནད་དོན་བྱུང་དུས་དེ་མ་ཐག་ཐག་གཅོད་བྱས་ཏེ། ལམ་ཁུལ་འདི་ཡི་གཙང་སྦྲ་ལ་འགན་ལེན་བྱས་ཡོད། ཅེས་ཟི་གྲོང་ཁྱེར་མཁར་བྱང་ཁུལ་གྱི་གྲོང་ཁྱེར་དོ་དམ་སྲོད་འཛིན་ཅུའུ་ནས།

      ལོ་ཙཱ་བ།རྟ་མགྲིན་དཔལ།