པོ་ཝུན་ལམ་གྱི་མཚན་ཁྲོམ་གྱིས་འགྲོ་རྒྱུག་ལ་བཀག་རྐྱེན་ཆེན་པོ་བཟོས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2016-06-24 12:06:42      རྩོམ་སྒྲིག་པ། : རྟ་མགྲིན་དཔལ།

        སྐུར་ཡིག་ངོ་གཏུག་གི་ནང་དོན།ཁྱོད་བདེ་མོ། འགོ་ཁྲིད་ལགས་ང་ནི་པོ་ཝུན་ལམ་གྱི་ཚོང་ཁང་ཕྱེ་མཁན་ཞིག་ཡིན། པོ་ཝུན་ལམ་གྱི་མཚན་ཁྲོམ་གྱིས་ཕྱི་དྲོར་ཐོན་མ་ཐག་ངེད་ཅག་གི་འགྲོ་རྒྱུག་ལ་བཀག་རྐྱེན་ཆེན་པོ་བཟོས་འདུག ལམ་གྱི་གཡས་གཡོན་དུ་རླངས་འཁོར་གྱིས་ལམ་ཕྱེད་བཟུང་སྟེ་སློབ་གྲྭ་གྲོལ་རྗེས་ཀྱི་སློབ་མ་དག་ལམ་དཀྱིལ་ནས་འགྲོ་བཞིན་འདུག ཚོ་ཅ་སྡེ་བར་ཡང་ཚོང་ར་ཡོད་པས། ཅིག་ཞིག་ལ་དེར་མི་སྤོར་བ་ཡིན་ནམ། དེ་ནི་གོང་དང་གྲོང་ཁྱེར་དོ་དམ་ནས་དངུལ་བསྡུ་ལེན་བྱས་སོང་བ་རེད། མཚན་མོར་མང་ཚོགས་ལ་རྙོག་དྲ་ཚད་མེད་བཟོ་བས་འབྲེལ་ཡོད་འགོ་ཁྲིད་ཀྱིས་མི་བགྲོད་ལམ་གྱི་ཚལ་རིགས་བཙོང་མཁན་དེ་དག་ཚོང་རའི་ནང་དུ་སྤོར་རྒྱུ་ཐུགས་རྗེ་ཆེ། མི་དམངས་དྲ་བ། ཞོ་ཧོ།8821456

        ཐག་གཅོད་མཇུག་འབྲས། དྲ་གྲོགས་ཁྱོད་བདེ་མོ། ངེད་གྲོང་ཁྱེར་དོ་དམ་ཅུའུ་ལ་གནས་ཚུལ་འབྱོར་རྗེས། དེ་མ་ཐག་པོ་ཝུན་ལམ་གྱི་མཚན་ཁྲོམ་དོ་དམ་ཅུའུ་ཡི་གཞུང་ལས་ཁང་དུ་པོ་ཝུན་ལམ་གྱི་མཚན་ཁྲོམ་དོ་དམ་བྱ་བའི་གྲོས་ཚོགས་བསྡུས། ཚོགས་འདུར་པོ་ཝུན་ལམ་གྱི་མཚན་ཁྲོམ་དུ་གནས་པའི་གཙང་སྦྲ་དང་རླངས་འཁོར། ལམ་བཀག་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱེད་ཞོར་རེ་བ་ནན་མོ་བཏོན་ཏེ། དུས་ཐོག་ཏུ་མཚན་ཁྲོམ་གྲོས་མོལ་ཚོགས་འདུ་བསྡུས་པ་མ་ཟད། དུས་ཚོད48ཀྱི་ནང་དུ་གྲོང་ཁྱེར་གྱི་གཙང་སྦྲ་སོགས་བསྐྱར་གསོ་བྱས་ཏེ་དམངས་ཕན་གྱི་གྲུབ་འབྲས་བླངས། ཁྲིམས་འཛིན་རུ་ཆེན་གྱི་མི་དྲུག་དང་མཚན་ཁྲོམ་དོ་དམ་གཞུང་ལས་ཁང་གིས་མཉམ་འབྲེལ་སྒོས་པོ་ཝུན་ལམ་གྱི་མཚན་ཁྲོམ་ཚད་ལྡན་དུ་གཏོང་བར་ཞིབ་བཤེར་བྱས་ཏེ་ཚད་ལྡན་ཚོང་ཁང་ཁྱོན་བསྡོམ་287ཡོད་པ་དང་།ཐང་བཙོང་རླངས་འཁོར6ཁྲིམས་ལྟར་གནས་སྐབས་བཀག་ཉར་བྱས་ཡོད། ཟི་ལིང་མཁར་གྲོང་ཁུལ་གྱི་གྲོང་ཁྱེར་དོ་དམ་ཅུའུ།

        ལོ་ཙཱ་བ།རྟ་མགྲིན་དཔལ།