དམངས་གཉེར་སློབ་གྲྭའི་སྐོར་ནས་བསམ་འཆར་བསྡུ་བ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2016-07-14 15:25:11      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        དམངས་གཉེར་སློབ་གྲྭའི་སློབ་གཉེར་ཚུལ་ལྡན་དང་། དམངས་གཉེར་སློབ་གྲྭ་དང་སློབ་གསོ་མྱོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་། དམངས་གཉེར་ཁེ་ལས་ཀྱི་སློབ་གསོ་བྱ་གཞག་སྐྱོན་མེད་གོ་རིམ་བཞིན་གོང་དུ་སྤེལ་བར་སྐུལ་འདེད་བཅས་ཀྱི་ཕྱིར་དུ། ཟི་ལིང་གྲོང་ཁྱེར་དམངས་གཉེར་སློབ་གསོ་ལས་ཁུངས་ཀྱི་དོ་དམ་བྱེད་ཐབས་ཇུས་སྒྲིག་(དག་བཅོས་མ་ཟིན)གྱིས་སྤྱི་ཚོགས་ཡོངས་ན་ཕྱོགས་ནས་བསམ་འཆར་བསྡུ་རྒྱུ་དང་། འབྲེལ་ཡོད་ཚོགས་པ་དང་མང་ཚོགས་ཀྱིས་གློག་རྡུལ་ཡིག་ཟམ་དང་འཕྲིན་ཡིག ཁ་པར་བཅས་གང་རུང་གི་ལམ་ནས་བསམ་ཚུལ་འདོན་ཆོག 2016ལོའི་ཟླ7པའི་ཚེས16ཉིན་བར་ཡིན།

        བྱེད་ཐབས་ནང་ལེའུ་བརྒྱད་དང་དོན་ཚན་སོ་ལྔ་འདུས་ཏེ། དམངས་གཉེར་སློབ་གྲྭ་གཉེར་རྒྱུའི་རེ་ཞུ་དང་། མཆན་འགོད། ཚད་གཞི། སློབ་གསོའི་སློབ་ཁྲིད་དོ་དམ། བཟོ་བཅོས་དང་གཉེར་མཚམས། ལྟ་སྐུལ་དོ་དམ། ཁྲིམས་ལུགས་འགན་འཁྲི་སོགས་ནས་གཏན་འབེབས་ཞིབ་ཕྲ་གནང་ཡོད། བྱེད་ཐབས་ནང་དམངས་གཉེར་སློབ་གྲྭའི་ཚད་གཞི་མཐོ་ཤོས་ཀྱི་སློབ་གསོ་གཉེར་ན་མ་དངུལ་ཁྲི150ལས་ཉུང་མི་རུང་བ་དང་། སྤྱིར་བཏང་གི་དམངས་གཉེར་སློབ་གྲྭ་གཉེར་ན་མ་དངུལ་སྒོར་ཁྲི20ལས་ཉུང་མི་རུང་། སློབ་གཉེར་གྱི་ཆོག་འཐུས་ཐོབ་པ་ཡིན་ན་སློབ་གཉེར་ཀྱི་ཁང་པ་དང་། སློབ་འཁྲིད་ཀྱི་སྒྲིག་ཆས་སོགས་རང་སྟེང་ནས་མ་དངུལ་འདོན་དགོས་ལ། བསྡུར་ཚད་སློབ་གཉེར་མ་དངུལ་གྱི་མ་མཐའི་ཚད་ཐིག་གི་བརྒྱ་ཆའི50ལས་བརྒལ་མི་རུང་། སློབ་གཉེར་ཕྱོགས་ནས་སློབ་མ་དང་། སློབ་མའི་ཁྱིམ་བདག་ཕྱོགས་ནས་མ་དངུལ་བསྡུ་རུབ་གྱིས་སློབ་གྲྭ་འཛུགས་གཉེར་མི་ཆོག་ལ། སྤྱི་ཚོགས་ལ་ཁ་ཕྱོགས་ནས་མ་དངུལ་བསྡུ་རུབ་ཀྱིས་དམངས་གཉེར་སློབ་གྲྭ་འཛུགས་མི་རུང་། གལ་ཏེ་ཟི་ལིང་གྲོང་ཁྱེར་དམངས་གཉེར་སློབ་གསོ་ལས་ཁུངས་ཀྱི་དོ་དམ་བྱེད་ཐབས་ཇུས་སྒྲིག(དག་བཅོས་མ་ཟིན)ལ་བསམ་འཆར་ཡོད་གཤམ་གྱི་གློག་རྡུལ་ཡིག་ཟམ་ xnfzbfgc@163.comལ་བསྐུར་ཆོག་པ་མ་ཟད། འཕྲིན་ཡིག་གི་ལམ་ནས་ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་ཁྲིམས་ལུགས་གཞུང་སྒྲུབ་ཁང་སྟེ། ས་གནས་ཟི་ལིང་གྲོང་ཁྱེར་ལྷོ་ལམ་43བ། སྦྲག་སྲིད་810000ལ་བསྐུར་ཆོག དེ་མིན་ཁ་པར་0971-8224741ལ་ཐད་གར་འབྲེལ་བ་བྱས་ནས་བསམ་འཆར་བཏོན་ཆོག

        ལོ་ཙཱ་བ། ཁོན་ཐར་འཚོ།