སྤྱི་ཚོགས་འགན་སྲུང་བྱང་བུ་སྐོར་གྱི་གནད་དོན།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2016-07-15 15:34:14      རྩོམ་སྒྲིག་པ། : ཨ་གཡང་སྐྱིད།

        ནང་དོན།

       ང་ནི་ཡུལ་ཤུལ་གྲོང་ཁྱེར་གྱི་དོན་ལས་ལས་ཁུངས་ཀྱི་ལས་བཟོ་པ་ཞིག་ཡིན། 2013ལོའི་ཟླ་10བ་རྒྱུགས་འཕྲོད་ནས་ཡུལ་ཤུལ་གྲོང་ཁྱེར་ཏུ་བྱ་བ་གཉེར་བཞིན་ཡོད། དེ་སྔོན་ང་ནི་ཟི་ལིང་གྲོང་ཁྱེར་རྟ་ཐང་ལས་རིགས་ལག་རྩལ་སློབ་གྲྭ་ཞིག་གི་ལྟ་སྦྱོང་དགེ་རྒན་ཞིག་ཡིན་ལ། སློབ་གྲྭ་དེས་2010ལོ་ནས2012ལོའི་བར་ལ་ང་ཚོར་ལོ་གཉིས་ཀྱི་རྒན་གསོ་འགན་སྲུང་སྤྲད་ཡོད། ཡིན་ན་ཡང་ད་ལྟ་ངས་བྱ་བ་གཉེར་སའི་ལས་ཁུངས་ཀྱིས་སྤྱི་ཚོགས་འགན་སྲུང་བྱང་བུ་སྒྲུབ་མི་ཐུབ་ཞེས་ཟེར། ངས་འདྲི་འདོད་པ་ནི་ངའི་སྔར་གྱི་སྤྱི་ཚོགས་འགན་སྲུང་ཆ་འཕྲིན་ཡུལ་ཤུལ་ལ་བསྒྱུར་སྤྲོད་བྱེད་ན་འགྲིག་གམ། ཡང་ན་ངས་ཡུལ་ཤུལ་ནས་ཡང་བསྐྱར་སྤྱི་ཚོགས་འགན་སྲུང་སྤྲད་ན་འགྲིག །

        2016-05-26ཐོག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གིས་བརྡ་ལན་བསྐྱོན་དོན།

        དྲ་གྲོགས་ཁྱོད་བདེ་མོ། ཁྱེད་སྔོན་ལ་ཡུལ་ཤུལ་ཁུལ་སྤྱི་ཚོགས་འགན་སྲུང་ཅུའུ་ལ་སོང་སྟེ(འབྲེལ་གཏུགས་ཁ་པར། 0976-8823289)སྤྱི་ཚོགས་འགན་སྲུང(གཙོ་བོ་ནི་རྒན་གསོ་དང་སྨན་བཅོས་འགན་སྲུང) དང་ལེན་ཡི་གེ་བླངས་ཏེ། ཟི་ལིང་གྲོང་ཁྱེར་རྟ་ཐང་རྫོང་གི་སྤྱི་ཚོགས་ཀྱི་འགན་སྲུང་ཚབ་སྒྲུབ་སྒྲིག་གཞི་ལ་སོང་སྟེ་སྤྱི་ཚོགས་འགན་སྲུང་བསྒྱུར་སྤྲོད་བདེན་དཔང་ཡི་གེ་དང་གྲོན་དངུལ་སྤྲོད་པའི་ཞིབ་ཐོ་བླངས་རྗེས། ཡུལ་ཤུལ་ཁུལ་སྤྱི་ཚོགས་འགན་སྲུང་ཅུའུ་ནས་རང་ཉིད་ཀྱི་སྤྱི་ཚོགས་འགན་སྲུང་བྱང་བུ་བསྒྲུབ་དགོས། ལག་ཏུ་འབྱོར་བའི་སྤྱི་ཚོགས་འགན་སྲུང་བྱང་བུ་དེ་རྒན་གསོ་དང་སྨན་བཅོས་འགན་སྲུང་དང་། ལས་རྨས། ལས་ཤོར། བུ་བཙའ་བཅས་འགན་སྲུང་5ཡི་ཆ་འཕྲིན་གཅིག་གྱུར་ཡིན་པ་མ་ཟད། ད་དུང་དངུལ་རྩའི་ནུས་པ་ལྡན་པ་དང་། དེ་མིན་བསྐྱར་ཟློས་ཀྱི་སྤྱི་ཚོགས་འགན་སྲུང་ལ་ཞུགས་པར་སྔོན་འགོག་བྱེད་ཐུབ་པས། ཁྱེད་ཀྱི་བཀོལ་སྤྱོད་ལ་སྟབས་བདེ་བསྐྲུན་ཐུབ། གལ་ཏེ་དོགས་གཞི་ཡོད་ན་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་ཁ་པར་ 0971-12333 ལ་འབྲེལ་བ་བྱས་ཆོག ཁྱེད་ཀྱིས་ང་ཚོའི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།

      ལོ་ཙཱ་བ། ཨ་གཡང་སྐྱིད།