ཀན་ལྷོ་རྩྭ་ཐང་གི"ཤམ་བྷ་ལའི"དགྱེས་སྟོན།

ཡོང་ཁུངས། : མི་དམངས་དྲ་བ།      སྤེལ་དུས། : 2016-07-19 15:14:44      རྩོམ་སྒྲིག་པ། : ཨ་གཡང་སྐྱིད།
མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན་སྐབས་བཅུ་བདུན་པའི"ཀྲུང་གོའི་མཛེས་པའི་ཀན་ལྷོ་སྟེ'ཤམ་བྷ་ལའི'ཡུལ་སྐོར་སྒྱུ་རྩལ་དུས་ཆེན"དེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དུང་ཕྲུག་རྩྭ་ཐང་དུ་གཏོང་འགོ་བརྩམས་པ་རེད། སྐབས་འདིའི"ཤམ་བྷ་ལའི"ཡུལ་སྐོར་སྒྱུ་རྩལ་དུས་ཆེན་འདི་ནི་ཟླ་བདུན་པའི་ཟླ་མཇུག་བར་དུ་རྒྱུན་མཐུད་བྱ་རྒྱུ་ཡིན་ཞིང་། དུས་ཡུན་དེའི་རིང་ལ"ཤམ་བྷ་ལའི"འཛམ་གླིང་པར་ལེན་མཛད་སྒོ་ཆེན་པོ་དང་། འཛམ་གླིང་ཡུལ་སྐོར་གཟུགས་བརྙན་ཕོ་ཉའི་ཀྲུང་གོའི་གྲངས་ཉུང་མི་རིགས་འགྲན་ཁུལ་གྱི་འགྲན་བསྡུར། མི་རིགས་རྒྱན་གོས་འགྲེམས་འཁྲབ། མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས། སྐྱ་མི་སྟོང་ཅན་རུ་ཁག་གི་སྐོར་ཞིབ། རྩྭ་ཐང་གི་མེ་ཕུང་མཉམ་སྤྲོ་ཆེན་པོ་ཞེས་པ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།
༄༅།།ཀན་ལྷོ་རྩྭ་ཐང་གི'ཤམ་བྷ་ལའི'དགྱེས་སྟོན།
 
༄༅།།ཀན་ལྷོ་རྩྭ་ཐང་གི'ཤམ་བྷ་ལའི'དགྱེས་སྟོན།
 
༄༅།།ཀན་ལྷོ་རྩྭ་ཐང་གི'ཤམ་བྷ་ལའི'དགྱེས་སྟོན།