སི་ཁྲོན་ཁྱུང་མཆུ་རྫོང་གི་གཡག་རོལ་དབྱངས་དུས་སྟོན་ཁ་སང་བདེ་བླག་ངང་མཇུག་བསྡུས་པ།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2016-08-04 16:51:57      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ
 

  ཟླ7པའི་ཚེས30ཉིན། ཁྱུང་མཆུ་རྩྭ་ཐང་ཆེན་མོའི་གཡག་རོལ་དབྱངས་དུས་སྟོན་སྐབས་ལྔ་བ་དེ་སི་ཁྲོན་རྔ་བ་ཁུལ་ཁྱུང་མཆུ་རྫོང་ནས་གཟབ་རྒྱས་ངང་བསྡུས་ཏེ་ཟླ8པའི་ཚེས3ཉིན་བདེ་བླག་ངང་མཇུག་བསྡུས་པ་རེད།

  ད་སྔའི་བར་དུ། རིག་གནས་དུས་ཆེན་སྐབས་བཞི་ལ་བདེ་བླག་གིས་སྤེལ་ཞིང་། དམངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད་ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་འགྲེམས་སྟོན་བྱས་ལ། ལྷག་ཏུ་ས་ཁུལ་གྱི་རིག་གནས་བརྗེ་རེས་ལ་སྐུལ་འདེད་བྱས་ཏེ། སི་ཁྲོན་རྔ་བ་ཁུལ་གྱི་རིག་གནས་འཕེལ་རྒྱས་ཁྲོད་ཀྱི་འོད་འཚེར་བའི་མུ་ཏིག་ཞིག་ཏུ་གྱུར་ཡོད། ད་ལོར། སི་ཁྲོན་ཞིང་ཆེན་ཏང་ཨུའི་རོལ་དབྱངས་ཐོན་ལས་འཕེལ་རྒྱས་བྱ་བའི་བླང་བྱ་གཞིར་བཟུང་ནས། དུས་ཆེན་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་དང་རོལ་དབྱངས་ཐོན་ལས་འཕེལ་རྒྱས་དང་། རིག་གནས་ཡུལ་སྐོར་མཉམ་འབྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བྱ་ཆེད། སྲོལ་རྒྱུན་རིག་གནས་དུས་ཆེན་དང་བརྗོད་དོན་རོལ་དབྱངས་དུས་ཚིགས་ཟུང་འབྲེལ་བྱས་ཏེ་གསར་གཏོད་རང་བཞིན་དང་ཁྱད་འཕགས་རང་བཞིན། སྣ་མང་རང་བཞིན་བཅས་འབུར་དུ་ཐོན་པར་བྱས་ཏེ་“ཁྱུང་མཆུ་རྩྭ་ཐང་ཆེན་མོའི་གཡག་རོལ་དབྱངས་དུས་སྟོན་སྐབས་ལྔ་བ”་དེ་སི་ཁྲོན་རྔ་བ་ཁུལ་ཁྱུང་མཆུ་རྫོང་ནས་གཟབ་རྒྱས་ངང་བསྡུས་པ་རེད།

 

  རྒྱུས་ལོན་ན་ལྟར་ན། ཐེངས་འདིའི་དུས་སྟོན་ལ་རྒྱལ་སྤྱིའི་རྒྱལ་ནང་གི་གླུ་བ་དང་རོལ་ཚོགས་གྲགས་ཅན160ལྷག་དུས་སྟོན་ཁྲོད་ཞུགས་ཡོད་ལ། དེ་དག་སོ་སོར་གཟིག་ནག་རོལ་ཚོགས་དང་ལིན་ཏིན་རོལ་ཚོགས། ཧྭང་ཀེར་རོལ་ཚོགས། ཙུའུ་ལུའུ་རོལ་ཚོགས། བཀྲ་ཤིས་ཉི་མ་རོལ་ཚོགས་སོགས་དང་གླུ་བ་སྒྲོལ་མ་སྐྱབས་དང་ཀུན་དགའ། ཚེ་དབང་ལྷ་མོ། དབྱངས་ཅན་ལྷ་མཛེས། ནམ་མཁའ་འཚོ་སོགས་རེད། ཐེངས་འདིའི་དུས་སྟོན་གྱི་ཡུལ་དངོས་ལ་ཐོན་པའི་ལྟད་མོ་བ་ཁྲི10ལྷག་ལས་བརྒལ་ཡོད་པ་རེད།

ས་ནག་ཚན་སྡེབ།

མ་སྐྱེས་ཨ་མ་ཚན་སྡེབ།

སྒྲོལ་མ་སྐྱབས།

བདེ་སྐྱིད་ཚེ་རིང་།

གཟིག་ནག་ཚན་སྡེབས།

ཧྭང་ཀེར་རོལ་ཚོགས།

ལོ་ཙཱ་བ།ལྷ་ཆེན་རྒྱལ།