མཚོ་ལྷོ་བོད་ཡིག་ཚགས་པར་གྱིས་རྒྱ་བོད་ལོ་ཙཱ་བ་བསྡུ་རྒྱུ་ཡིན་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2016-09-12 15:48:54      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        གསར་འགོད་པས་རྒྱུས་ལོན་བྱུང་ལ་ལྟར་ན། མཚོ་ལྷོ་བོད་ཡིག་ཚགས་པར་གྱི་བྱ་གཞག་སྔར་ལས་ཇེ་རྒྱས་དང་སྐབས་བབས་ཀྱི་དགོས་མཁོ་གང་མང་ལ་དམིགས་ནས་རྒྱ་བོད་ལོ་ཙཱ་བ་གཅིག་བསྡུ་བའི་འཆར་གཞི་ཡོད།

        གཅིག ཆ་རྐྱེན།

        1. སློབ་ཆེན་ཆེད་སྦྱོང་ཡན་གྱི་བོད་ཡིག་ཆེད་ལས་ཀྱི་སློབ་མ་ཡིན་དགོས།

        2. བོད་ཡིག་གི་སུམ་རྟགས་དག་གསུམ་སོགས་ལ་བྱང་ཚད་མཐོ་དགོས་པ་མ་ཟད་རྩོམ་འབྲིའི་ནུས་པ་ལྡན་དགོས།

        3. རྒྱ་བོད་ལོ་ཙཱའི་ཆེད་ལས་ཡིན་པ་དང་ལོ་ཙཱའི་བྱ་བ་ལོ་འགར་གཉེར་མྱོང་མཁན་ཡིན་ན་དམིགས་བསལ་ཡོད།

        4. རྩིས་འཁོར་ལ་བྱང་ཚད་ལྡན་དགོས།

        གཉིས། ཟླ་ཕོགས་ཀྱི་ཚད་གཞི།

        ཟླ་ཕོགས་སྒོར1000གི་རྨང་གཞིའི་སྟེང་དུ་གསར་འགྱུར་ལོ་ཙཱའི་ཁ་གྲངས་སོགས་ཀྱི་ཟླ་ཕོགས་སྟེར་རྒྱུ།

        གསུམ། དེ་མིན་མི་སྒེར་གྱི་འགན་སྲུང་མ་དངུལ(三金)ལས་ཁུངས་རང་ངོས་ནས་སྤྲོད་རྒྱུ་ཡིན་པ་མ་ཟད། ལོ་ཡི་ཚད་བཀག་ལྟར་ལས་ཁུངས་ཀྱིས་མི་དོན་ཅུའུ་ལ་སྙན་ཞུ་བྱས་ཏེ་སྔ་མོ་ནས་གོ་མིང(职称)རེག་པར་བརྩོན་ལེན་བྱ་རྒྱུ།

        བཞི། འབྲེལ་གཏུག་བྱ་ཡུལ།མཚོ་ལྷོ་བོད་ཡིག་ཚགས་པར་རྩོམ་སྒྲིག་ཁང་།

        ཁ་པར། 0974- 8520634

        གསར་འགོད་པ། ཚེ་རིང་འབུམ།