2016ལོའི་རྨ་ལྷོ་ཁུལ་གྱི་རིམ་པ་གསུམ་པའི་ཞང་སྡེ་འཕྲོད་བསྟེན་སྡེ་ཁག་གིས་ལས་མི་བསྡུ་བའི་བརྡ་སྦྱོར།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2016-09-21 15:35:23      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་།ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་དཔར་འགྲེམས་བྱས་པའི་མཚོ་སྔོན་ཞིང་ཆེན་དོན་ལས་སྡེ་ཁག་གིས་ལས་མི་བསྡུ་བའི་བྱེད་ཐབས་ཀྱི་གཏན་འབེབས་དང་།མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཁང་གིས་དཔར་འགྲེམས་བྱས་པའི་2016ལོའི་ཞིང་ཆེན་ཡོངས་ཀྱི་གཞུང་ཞབས་་པ་དང་དོན་ལས་སྡེ་ཁག་གིས་ལས་མི་བསྡུ་བའི་བརྡ་སྤྱོར་གྱི་སྤྱིའི་ཇུས་འགོད་ལ་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད།རྨ་ལྷོ་ཁུལ་གྱི་རིམ་པ་གསུམ་པའི་ཞང་སྡེའི་འཕྲོད་བསྟེན་སྡེ་ཁག་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་མི་བསྡུ་རྒྱུ་ཡིན་ལ།འབྲེལ་ཡོད་ནང་དོན་ཞིབ་ཕྲ་གཤམ་གསལ་ལྟར།

        གཅིག ལས་མི་བསྡུ་བའི་ལས་གནས།

        རྨ་ལྷོ་ཁུལ་གྱི་རིམ་པ་གསུམ་པའི་ཞང་སྡེ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་མི་79བསྡུ་རྒྱུ་ཡིན་པ་དང་།དེའི་ནང་ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ནས་མི་གྲངས41དང་།ཁུལ་ཡོངས་སུ་ཁ་ཕྱོགས་ནས་མི་གྲངས་38བསྡུ་རྒྱུ་ཡིན་ལ།བྱེ་བྲག་གི་ལས་གནས་ནི་ལས་མི་བསྡུ་བའི་འཆར་འགོད་རེའུ་མིག་ལས་གསལ具体招聘岗位见附表།

        གཉིས། ལས་མི་བསྡུ་བའི་ཁྱབ་ཁོངས།

        ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ནས་ལས་མི་བསྡུ་བའི་ལས་གནས་སུ།རང་ཞིང་གི་ཁྱིམ་ཐོ་ཡིན་པ་དང་།རང་ཞིང་གི་སྐྱེ་ཁོངས་ཡིན་པ།རང་ཞིང་གི་སློབ་ཆེན་ནས་མཐར་ཕྱིན་པ།རང་ཞིང་ནས་ཞབས་ཞུ་བྱེད་པའི་རྣམ་གྲངས་ཁག་གི་མཐོ་རིམ་མཐར་ཕྱིན་སློབ་མ་དང་།རང་ཞིང་གི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མི་ཡིན་དགོས་ལ།ཁུལ་ཡོངས་སུ་ཁ་ཕྱོགས་ནས་ལས་མི་བསྡུ་བའི་ལས་གནས་སུ།རྨ་ལྷོ་ཁུལ་གྱི་ཁྱིམ་ཐོ་ཡིན་པ་དང་།རྨ་ལྷོ་ཁུལ་གྱི་སྐྱེས་ཁོངས་ཡིན་པ།རྨ་ལྷོ་ཁུལ་ནས་ཞབས་ཞུ་བྱེད་པའི་རྣམ་གྲངས་ཁག་གི་མཐོ་རིམ་མཐར་ཕྱིན་སློབ་མ་དང་རྨ་ལྷོའི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མི་ཡིན་དགོས་པ་རེད།

        གསུམ། ལས་མི་བསྡུ་བའི་ཆ་རྐྱེན།

        1རྒྱུགས་སྤྲོད་མཁན་དག་གིས་ངེས་པར་དུ་མཚོ་སྔོན་ཞིང་ཆེན་དོན་ལས་སྡེ་ཁག་གིས་ལས་མི་བསྡུ་བའི་བྱེད་ཐབས་ཀྱི་གཞི་རྩའི་ཆ་རྐྱེན་གྲ་སྒྲིག་བྱེད་དགོས།

        2ཞིང་ཆེན་ནང་ཁུལ་གྱི་རིམ་པ་སོ་སོའི་སྨན་བཅོས་འཕྲོད་བསྟེན་དོན་ལས་སྡེ་ཁག་གི་གནས་སྐབས་ལས་བཟོ་བའི་ལོ་ཚོད་ལོ45ཡིན་ཆོག་པ།

        3རྒྱུགས་སྤྲོད་པའི་ལས་གནས་ཀྱི་འབྲེལ་ཡོད་ཆེད་ལས་དང་ཡོན་ཚད་ཀྱི་ཆ་རྐྱེན་དང་འཚམ་དགོས་པ།

        4སྨན་པ་དཀའ་བཅུ་བ་དང་ནད་གཡོག་གི་ལས་གཉེར་ཐོབ་ཐང་འཛིན་ཡིག་མ་ཐོབ་པ་ཚོ་ངེས་པར་དུ་སྨན་པ་དཀའ་བཅུ་བ་དང་ནད་གཡོག་གི་ལས་གཉེར་ཐོབ་ཐང་འཛིན་ཡིག་ལེན་པའི་རྒྱུགས་ལ་ཞུགས་དགོས།

        5བོད་ཀྱི་གསོ་བ་རིག་པའི་ཆེད་ལས་དག་གིས་བོད་ཀྱི་གསོ་བ་རིག་པའི་ལས་གནས་སུ་ཐོ་འགོད་བྱས་ཆོག་པ།

        བཞི། ལས་མི་བསྡུ་བའི་གོ་རིམ།

        ལས་མི་བསྡུ་བའི་གོ་རིམ་ནི་ཐོག་མར་དྲ་ཐོག་ནས་མིང་ཐོ་འགོད་པ་དང་།དྲ་ཐོག་ནས་ཐོབ་ཐང་འཛིན་ཡིག་ཞིབ་བཤེར་བྱེད་པ།ཡིག་རྒྱུགས་ལེན་པ།ཡུལ་དངོས་ནས་ཐོབ་ཐང་འཛིན་ཡིག་ཞིབ་བཤེར་བྱེད་པ།ཁ་རྒྱུགས་ལེན་པ།ལུས་ཕུང་བརྟག་དཔྱད་བྱེད་པ།དཔྱད་ཞིབ།སྤྱི་བསྒྲགས།གདན་ཞུའི་འགྲོ་ལུགས་བསྒྲུབ་པ་སོགས་གོ་རིམ་ལྟར་བསྒྲུབ་དགོས་པ།

        དང་པོ།ལས་མི་བསྡུ་བའི་བརྡ་ཁྱབ་སྤྱི་བསྒྲགས།

        མཚོ་སྔོན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ་དང་།རྨ་ལྷོ་ཁུལ་སྲིད་གཞུང་དྲ་བ་ནས་ལས་མི་བསྡུ་བའི་བརྡ་ཁྱབ་སྤྱི་བསྒྲགས་བྱེད་པ།

        གཉིས་པ།མིང་ཐོ་འགོད་པ་དང་ཐོབ་ཐང་འཛིན་ཡིག་ཞིབ་བཤེར་བྱེད་པ།

        1 ཐེངས་འདིའི་ལས་མི་བསྡུ་བའི་མིང་ཐོ་འགོད་པའི་བྱ་བ་ནི་དྲ་ཐོག་ནས་མིང་ཐོ་འགོད་པ་དང་།དྲ་ཐོག་ནས་ཐོབ་ཐང་འཛིན་ཡིག་ཞིབ་བཤེར་བྱེད་པ།དྲ་ཐོག་ནས་དངུལ་སྤྲོད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས།རྒྱུགས་སྤྲོད་མཁན་ཚོས་མཚོ་སྔོན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ་(www.qhpta.com)བརྒྱུད་དེ་ཞིབ་ཏུ་རྒྱུས་ལོན་བྱེད་རྒྱུ་དང་།དྲ་ཐོག་ནས་མིང་ཐོ་འགོད་པས་དུས་ཚོད་ནི།2016ལོའི་ཟླ9བའི་ཚེས22ཉིན་གྱི་ཆུ་ཚོད་9སྟེང་ནས་ཟླ9བའི་ཚེས28ཉིན་གྱི་ཆུ་ཚོད་24བར་ཡིན་པ་རེད།

        2 སྐར་མ་སྣོན་པའི་སྲིད་ཇུས་དང་མཐུན་ན།དྲ་ཐོག་ནས་ཐོབ་ཐང་འཛིན་ཡིག་ཞིབ་བཤེར་བྱས་པའི་རྗེས་སུ་རང་གི་ཐོབ་ཐང་ལག་ཁྱེར་དང་སྐར་མ་སྣོན་པའི་འབྲེལ་ཡོད་ཀྱི་བདེན་དཔང་ཡི་གེའི་མ་ཡིག་དང་དཔར་ཡིག་ཁྱེར་ནས་2016ལོའི་ཟླ10བའི་ཚེས10ཉིན་ནས་ཟླ10བའི་ཚེས13ཉིན་བར་རྨ་ལྷོ་ཁུལ་མི་དོན་རྒྱུགས་ལེན་ལྟེ་གནས་སུ་སོང་སྟེ་ཡུལ་དངོས་ནས་སྐར་མ་སྣོན་པའི་ཆ་རྐྱེན་ལ་ཞིབ་བཤེར་བྱས་ཏེ་ཐོ་འགོད་བྱེད་དགོས།

        གསུམ་པ།ཡིག་རྒྱུགས་ལེན་པའི་དུས་ཚོད།

        ཡིག་རྒྱུགས་ལེན་པའི་དུས་ཚོད་ནི་2016ལོའི་ཟླ10བའི་ཚེས29ཡིན་པ།

        1ཡུལ་དངོས་ནས་ཐོབ་ཐང་འཛིན་ཡིག་ལ་ཞིབ་བཤེར་བྱེད་པ།

        2ཁ་རྒྱུགས་ལེན་པ།

        བཞི་བ།ལུས་ཕུང་བརྟག་དཔྱད་བྱེད་པ།དཔྱད་ཞིབ་བྱེད་པ།

        ལྔ་བ།གདན་ཞུའི་འགྲོ་ལུགས་བསྒྲུབ་པ།

        འབྲེལ་གཏུག་ཁ་པར་ཨང་གྲངས།0973-8721646 0973--8722188

        རྨ་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་།

        རྨ་ལྷོ་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་ནས། 2016ལོའི་ཟླ9བའི་ཚེས20ཉིན་ལ།

        ལོ་ཙཱ་བ། ཤ་མོ་འཚོ།