གསེར་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་དུས་རིམ་གསུམ་པའི“ཁྲིམས་སྐྱོང་འཆད་ཁྲིད”བྱ་འགུལ་སྤེལ་བ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2016-09-23 11:02:50      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9བའི་ཚེས20ཉིན་ནས་ཚེས21བར་ལ། ལས་བྱེད་པ་དང་ལས་བཟོ་བ་ཧ་ལམ200 གསེར་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་གཙོ་བསྒྲུབས་མཛད་པའི་དུས་རིམ་གསུམ་པའི“ཁྲིམས་སྐྱོང་འཆད་ཁྲིད་ཆེན་མོའི”འཆད་ཁྲིད་ལ་ཉན་དུ་སོང་། གསེར་ཆེན་རྫོང་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཁྲིམས་ཁང་། སྤྱི་བདེ་ཅུའུ། ཁྲིམས་འཛིན་ཅུའུ་སོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་དག་བྱ་འགུལ་ཁྲོད་ཞུགས།   ཐེངས་འདིའི་བྱ་འགུལ་གྱིས“ཁྲིམས་སྐྱོང་དགོངས་དོན་དར་སྤེལ་དང་ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ།ཁྲིམས་སྐྱོང་གསེར་ཆེན་མཉམ་སྐྲུན”ཞེས་པ་བརྗོད་དོན་དུ་བཟུང་ནས། གྱོད་གཞི་ཐོག་ནས་ཁྲིམས་ལུགས་ལ་འགྲེལ་བཤད་རྒྱག་པ་དང་གྱོད་དོན་ལ་བརྟེན་ཏེ་བཅའ་ཁྲིམས་ཁྱབ་གདལ་དུ་གཏོང་བ། གྱོད་གཞི་ལ་བརྟེན་ནས་ཁྲིམས་ལུགས་སྦྱོང་བ་སོགས་ཀྱི་རྣམ་པའི་ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་དུ་བཏང་། འཆད་ཁྲིད་རྒྱ་ཁྱོན་ཅུང་ཆེ་བས་ཤང་གྲོང་གི་ལས་བྱེད་པ་དང་རྫོང་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ། མི་དམངས་འདྲི་གཅོད་ལས་རོགས་པ། ཧྲེ་ཁུལ་སོ་སོའི་ལས་བཟོ་བ་སོགས་ཀྱང་འདུ།

           ཐེངས་འདིའི་བྱ་འགུལ་ནི་གསེར་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་ནུས་པ་འདོན་སྤེལ་དང་འདྲི་གཅོད་དོན་དངོས་ཟུང་འབྲེལ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི“ནན་ནན་ཏིག་ཏིག་བཞི”ཡི་གསུང་བཤད་གལ་ཆེའི་དགོངས་དོན“སློབ་གཉིས་བྱེད་གཅིག”། “ཁྲིམས་ལུགས་ལ་བློ་དཀར་བ། རང་འགན་ལ་བློ་དཀར་བ”ལ་ནན་ཏན་སྒོས་སློབ་སྦྱོང་མཐིལ་ཕྱིན་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་རྒྱས་གསར་སྐྲུན་བྱ་བའི་ཁྲོད་སྤེལ་བའི“ཁྲིམས་རའི་འདྲི་གཅོད་ཀྱིས་བཅའ་ཁྲིམས་ཞིག་བསྟན་པ”ཡིས་ནུས་ལྡན་ཁྲིམས་འཛིན་གསར་སྐྲུན་དང་ཁྲིམས་རར་སྐོར་བསྐྱོད་བྱས་ཏེ་བཅའ་ཁྲིམས་ཁྱབ་གདལ་དུ་གཏོང་བ། ཁྲིམས་སྐྱོང་དྲིལ་སྒྲོག་ཚོགས་པ་བཙུགས་ནས་ཆེད་དོན་བཅའ་ཁྲིམས་བཤད་པ། སློབ་གླིང་དུ་ཁྲིམས་ལུགས་བསྐྱལ་བ། སྨྱན་བྱེད་ཁྲིམས་ལུགས་དྲིལ་བསྒྲགས་སོགས་བརྗོད་དོན་དུ་བཟུང་ནས་སྤེལ་བའི་བཅའ་ཁྲིམས་དྲིལ་སྒྲོག་གི་བྱ་འགུལ་ཞིག་ཡིན།

      ལོ་ཙཱ་བ།ལྷ་ཆེན་རྒྱལ།