མཚོ་སྔོན་ཞིང་ཆེན་ཞིང་ལས་དང་ཕྱུགས་ལས་སྨན་པའི་དུག་གནོད་སྐོར་གྱི་ཕོགས་སྣོན་ག་དུས་ཁ་གསབ་བྱ་རྒྱུ་རེད།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2016-12-19 10:37:59      རྩོམ་སྒྲིག་པ། : ཨ་གཡང་སྐྱིད།

        འགྲེམས་སྤེལ་མཁན། ཁྲ་ཧའེ། དྲི་བ་འདོན་དུས2016ལོའི་ཟླ6པའི་ཚེས16ཉིན།

        མཚོ་སྔོན་ཞིང་ཆེན་ཞིང་ལས་དང་ཕྱུགས་ལས་སྨན་པའི་དུག་གནོད་སྐོར་གྱི་ཕོགས་སྣོན་ག་དུས་ཁ་གསབ་བྱ་རྒྱུ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2016ལོའི་ཟླ1པའི་ཚེས1ཉིན་ལག་བསྟར་བྱ་བའི་བླང་བྱ་བཏོན་འདུག

        ནང་དོན།

        2015ལོའི་ཟླ11པའི་ནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་མི་ཤུགས་ཐོན་ཁུངས་པུའུ་དང་ནོར་སྲིད་པུའུ་ལ་ཡིག་ཆ་སྤྲད་ནས། 2015ལོ(99)ཡིག་ཆ་གཉིས་ཀྱིས་ཞིང་ལས་དང་ཕྱུགས་ལས་སྨན་པའི་དུག་གནོད་དངོས་རྫས་ལ་ཐུག་པའི་ལས་བྱེད་པའི་ཕོགས་སྣོན་ལེགས་སྒྲིག་བྱེད་པའི་བླང་བྱ་གསལ་བོར་བཏོན་ཡོད་དེ། སྒོར450དང་། སྒོར350། སྒོར260བཅས་རིམ་པ་གསུམ་ཡོད། མཚོ་སྔོན་ཞིང་ཆེན་དུ་ད་ཆ་ད་དུང་གྲགས་འགུལ་ཅི་ཡང་མེད་པས། ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་མཚོན་པའི་སྲིད་ཇུས་བཟང་པོ་འདིར་མཚོ་སྔོན་ནས་ནམ་ཞིག་ལ་ལག་བསྟར་བྱ་རྒྱུ་རེད།

        བརྡ་ལན་སྡེ་ཁག་སྟེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། བརྡ་ལན་དུས་ཚོད་2016ལོའི་ཟླ8པའི་ཚེས30ཉིན།

        ལན། དྲ་གྲོགས་བདེ་མོ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུའུ་ཡིས《ཞིང་ལས་དུག་གནོད་བདེ་སྲུང་ཕོགས་སྣོན་དང་ཕྱུགས་ལས་སྨན་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཕོགས་སྣོན་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་སྦྱོར》(མི་ཤུགས་ཐོན་ཁུངས་པུའུ་ཡིས་ཡིག་ཆ﹝2015ལོ﹞ཨང99)འོག་རིམ་ལ་ བཀྲམས ་རྗེས། འབྲེལ་ཡོད་སྲིད་ཇུས་ལག་བསྟར་ཡག་པོ་བྱ་ཆེད། རང་ཞིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་2016ལོའི་ཟླ3པའི་ཚེས25ཉིན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་གྱི་ནོར་སྲིད་ཐིན་གྱིས《མི་ཤུགས་ཐོན་ཁུངས་པུའུ་དང་ནོར་སྲིད་པུའུ< ཞིང་ལས་དུག་གནོད་བདེ་སྲུང་ཕོགས་སྣོན་དང་ཕྱུགས་ལས་སྨན་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཕོགས་སྣོན་ལེགས་སྒྲིག་བརྒྱུད་སྤེལ་སྐོར་གྱི་གྱི་བརྡ་སྦྱོར>(མཚོ་སྔོན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ ་ཡིག་ཆ﹝2016ལོ﹞ཨང36)འགྲེམས་སྤེལ་བྱས་ཏེ། རིམ་པ་ཁག་གི་མི་ཤུགས་ཐོན་ཁུངས་དང་ནོར་སྲིད་སྡེ་ཁག་གིས་བྱེ་བྲག་གི་སྲིད་ཇུས་སྒྲིག་འཛུགས་ལག་བསྟར་བྱ་བའི་འགན་ཁུར་ཡོད་པ་དང་། འབྲེལ་ཡོད་ལས་ཁུངས་ཀྱི་ཕོགས་སྣོན་སྤྲོད་པའི་ལས་དོན་གྱི་འགན་ཁུར་དགོས།

        ད་སྔ། སྲིད་ཇུས་གཏན་འབེབས་ལྟར། རང་ཞིང་གི་གྲོང་ཁྱེར་དང་ཁུལ་ཁ་ཤས་ཀྱིས་ས་དེའི་དོན་དངོས་ལ་ཟུང་འབྲེལ་བྱས་ནས་ ཞིབ་ཕྲའི་བྱ་ཐབས་ཞིབ་འཇུག་དང་གཏན་འབེབས་བྱས་པ་དང་། འབྲེལ་ཡོད་ལས་དོན་མི་སྣས་ལ་འོས་འཚམ་གྱིས་ཕོགས་སྣོན་འཛིན་སྤྲོད་དངུལ་ལེན་བྱས་ཟིན། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་ཕོགས་སྣོན་འཛིན་སྤྲོད་དངུལ་ལེན་ལས་ཀ་ལས་ཁུངས་ཀྱི་གཙོ་སྐྱོང་སྡེ་ཁག་གི་འགན་འཁུར་ནས་ཞིབ་ཕྲའི་ཇུས་གཞི་ད་སྔར་ཞིབ་འཇུག་དང་གཏན་འབེབས་བྱེད་བཞིན་ཡོད་པས། གཏན་འབེབས་བྱས་པའི་ཞིབ་ཕྲའི་ཇུས་གཞི་ཞིང་ཆེན་རིམ་པ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཞིབ་བཤེར་ཆོག་མཆན་བཀོད་རྗེས་འཛིན་སྤྲོད་དངུལ་ལེན་བྱ་དགོས། ངེད་ཐིན་གྱི་སྡེ་ཁག་སོ་སོ་ལ་ལྟ་སྐུལ་བྱས་ཏེ་ལས་ཀའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། སྲིད་ཇུས་དོན་འཁྱོལ་ལག་བསྟར་གྱི་ལས་དོན་ཡག་པོ་སྒྲུབ་དགོས།

        གལ་ཏེ་དོགས་གཞི་ཡོད་ན་ཁྱེད་ཀྱི་ངེད་ཐིན་གྱི་གླ་ཕོགས་ཕན་བདེ་ཁྲུའུ་ལ་ཁ་པར་བརྒྱབ་ནས་བློ་འདྲི་དགོས། ཁ་པར་ཨང་གྲངས0971-6308490ཡིན་ལ། ཁྱེད་ཀྱིས་ང་ཚོའི་ལས་དོན་ལ་དོ་སྣང་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།

      ལོ་ཙཱ་བ། ཨ་གཡང་སྐྱིད།