རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་དབྱང་གི་གནས་ཐང་འཕར་ཁྲལ་གྱི་བཅད་གྲངས་ཕྱིར་སློག་པའི་སྐོར་གྱི་བརྡ་ཐོ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2016-12-19 16:59:19      རྩོམ་སྒྲིག་པ། : ཨ་གཡང་སྐྱིད།

        རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་དབྱང་གི་གནས་ཐང་འཕར་ཁྲལ་གྱི་བཅད་གྲངས་ཕྱིར་སློག་པའི་སྐོར་གྱི་བརྡ་ཐོ།

        རྒྱལ་སྤེལ[2016ལོ〕ཨང 71།

        ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་ཁག་དང་ཐད་གཏོགས་ལས་ཁུངས་ཁག

        དཔྱ་ཁྲལ་བགོ་བཤའི་ལམ་ལུགས་ཀྱི་ནོར་སྲིད་སྒྲིག་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ལས་ཁྲལ་ནས་འཕར་ཁྲལ་ལ་སྒྱུར་བའི་ཚོད་ལྟ་ཁྱོན་ཡོངས་ནས་ལག་བསྟར་རྗེས་སུ་ཀྲུང་དབྱང་དང་ས་གནས་ཀྱི་གནས་ཐང་འཕར་ཁྲལ་གྱི་ཡོང་འབབ་ལེགས་སྒྲིག་དང་བར་བརྒལ་ཇུས་གཞི་དབྱེ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2016ལོར་ནས་བཟུང་ཀྲུང་དབྱང་གིས་ས་གནས་ཀྱི་གནས་ཐང་འཕར་ཁྲལ་ཕྱིར་སློག་བྱ་ཐབས་སྒྲིག་སྲོལ་ཐོག་མ་ལེགས་སྒྲིག་བྱེད་རྒྱུ་ཐག་བཅད། 1994ལོར་ཁྲལ་བགོས་ལམ་ལུགས་ཀྱི་ནོར་སྲིད་སྒྲིག་སྲོལ་བསྒྱུར་བཅོས་བྱེད་སྐབས་གཏན་ལ་ཕབ་པའི་གནས་ཐང་ཕྱིར་སློག་རྒྱུ་དེ་2015ལོའི་གཞི་གྲངས་སུ་བརྩིས་ནས་བཅད་གྲངས་ལྟར་ཕྱིར་སློག་བྱ་རྒྱུ་བྱས་པ་དང་།གནས་ཐང་འཕར་ཁྲལ་འཕར་བའམ་ཆག་པའི་ས་ཁུལ་ལ་བསྐྱར་དུ་འཕར་ཚད་ཕྱིར་སློག་་འམ་ཡང་ན་འཕྲི་འཐེན་མི་བྱེད་པར་ཕྱིར་སློག་གཞི་གྲངས་ཀྱི་བྱེ་བྲག་གི་གྲངས་འབོར་དེ་ནོར་སྲིད་པུའུ་ཡིས་ཞིབ་བཤེར་གཏན་འབེབས་བྱ་རྒྱུ་རེད།

        རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2016ལོའི་ཟླ12པའི་ཚེས11ཉིན་ལ་ཡིག་ཆ་འདི་ཡོངས་སུ་ཁྱབ་བསྒྲགས་བྱས།

      ལོ་ཙཱ་བ། ཨ་གཡང་སྐྱིད།